Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞབས་བརྟན་གསོལ་སྨོན་དཔག་བསམ་ལྗོན་བཟང་།

Posted on 2014-07-292014-07-29 By ཁ་བརྡ་ 6 Comments on ཞབས་བརྟན་གསོལ་སྨོན་དཔག་བསམ་ལྗོན་བཟང་།

ཨེ་མ་ཧོ།

གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་རིན་པོ་ཆེའི་ཞབས་བརྟན་གསོལ་སྨོན་དཔག་བསམ་ལྗོན་བཟང་ཞེས་བྱ་བ་བཞུགས་སོ།།

ན་མོ་མ་ཧཱ་གུ་རུ་པདྨ་མ་ཎི་ཡེ།
ཆོས་དབྱིངས་རབ་འབྱམས་ཀློང་ཡངས་རིག་གཏེར་ལས།།
ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་རྣམ་སྣང་མཛད།།
སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ནས།།
རྩ་བརྒྱུད་བླ་མའི་ཚོགས་ཀྱིས་ཤིས་པར་སྩོལ།།
ལྔ་བརྒྱའི་གཙུག་བརྒྱན་པན་ཆེན་བཱི་མ་ལ།།
བསམ་བཞིན་སྲིད་པ་བཟུང་བའི་ཚུལ་སྟོན་པས།།
སྙིང་པོའི་བསྟན་པ་སྤེལ་ལ་ཟླ་བྲལ་བ།།
པདྨ་ནོར་བུའི་ཡང་སྲིད་ཞབས་བརྟན་གསོལ།།
ཐུགས་བསྐྱེད་དྲི་མེད་ཤེལ་གྱི་བུམ་པ་བཟང་ལས།།
དམ་ཆོས་བདུད་རྩི་སྙིང་པོ་བརྒྱད་ལྡན་ཅན།།
དཔལ་ཡུལ་དག་པའི་ཞིང་ནས་སྤྲོས་མཛད་པས།།
རྟེན་འབྲེལ་ཆོས་ཀྱི་རྒྱལ་པོ་ཞབས་བརྟན་སྨོན།།
སྐུ་གསུམ་རྣམ་པར་སྣང་མཛད་ཐུགས་ཀྱི་འཕྲུལ།།
མཚོ་སྐྱེས་རྒྱལ་བའི་རྒྱལ་ཚབ་སྐྱབས་གནས་མཆོག།
རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་གྲུབ་དབང་རྗེ།།
ཡེ་ཤེས་སྒྱུ་མའི་རོལ་གར་ཞབས་བརྟན་ཤོག།
བསྟན་དང་འགྲོ་བའི་དོན་ལ་རྟག་དགོངས་པས།།
སྐུ་དངོས་སྤྲུལ་སྐུ་རྒྱུན་ཆད་མེད་པ་རུ།།
སྐལ་ལྡན་སྐྱོང་བར་ཞལ་བཞེས་རྡོ་རྗེའི་ཚིག།།
ནམ་ཡང་ཉམས་རྒུད་མེད་པར་ཞབས་བརྟན་གསོལ།།
བཀའ་དྲིན་མཉམ་མེད་༧གྲུབ་དབང་ཆོས་ཀྱི་རྗེ།།
སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཐའ་རྒྱས་པས།།
བསྟན་འགྲོའི་དོན་དུ་རླབས་ཆེན་མཛད་བཟང་གིས།།
དམ་པའི་རྣམ་ཐར་ཇི་བཞིན་ཞབས་བརྟན་གསོལ།།
ཕྱི་ནང་གསང་བའི་བར་ཆད་མི་འབྱུང་ཞིང་།།
ཉམས་རྟོགས་ཡོན་ཏན་མི་ཟད་གོང་དུ་འཕེལ།།
དོན་གཉིས་ལྷུན་གྲུབ་རྡོ་རྗེ་ཐོད་ཕྲེང་རྩལ།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།།
ཐེག་པ་ཆེན་པོའི་བྱང་སེམས་ས་གསུམ་ཁྱབ།།
ཕྱག་རྒྱ་ཆེན་པོའི་བདེ་གསལ་གནས་ཀུན་ཁྱབ།།
རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་ཀུན་ཁྱབ།།
ཁྱབ་བདག་འགྲོ་བའི་མགོན་པོ་ཞབས་བརྟན་ཤོག།

ཅེས་པ་རབ་རྒྱན་ཤིང་རྟའི་ཆུ་སྟོད་ཟླ་བའི་གཟའ་ཚེས་དགེ་བར་སྔ་འགྱུར་དཔལ་ཡུལ་དགོན་ཆེན་དུ་༧གྲུབ་དབང་རིན་པོ་ཆེའི་ཡང་སྲིད་ཁྲི་འདོན་རྒྱ་ཆེར་གནང་བའི་འདྲ་སྐུ་དཔར་མཇལ་བ་དང་མཁའ་འགྲོ་ཆོས་སྒྲོན་དང་དཔལ་ལྡན་ལྷ་མོ་སོགས་དད་ལྡན་སློབ་ཚོགས་ཀྱིས་བསྐུལ་ངོར་སྔ་འགྱུར་བསྟན་པའི་གྲལ་མཐར་བ་རྒྱལ་ཁམས་པ་ཨེ་མ་ཧོས་དབྱིན་ཡུལ་ཨེ་ཝྃ་ཕྱག་ཆེན་རི་ཁྲོད་ནས་གསོལ ་བ་འདེབས་པར་དགེའོ།། །།

རྩོམ་རིག

Post navigation

Previous Post: མཆིན་པའི་གཉན་ཚད།
Next Post: དོ་ནུབ་ཆར་རྒྱུན་དང་འགྲོགས་དུས།

Comments (6) on “ཞབས་བརྟན་གསོལ་སྨོན་དཔག་བསམ་ལྗོན་བཟང་།”

  1. གློག་ཀླད says:
    2014-07-29 at 11:09 am

    ཕྱི་རུ་སྤྲུལ་བའི་ཟློས་གར་པདྨ་འབྱུང༌།།
    ནང་ལྟར་སྙིང་རྗེའི་རང་གཟུཊ་སྤྱིན་རས་གཟིཊ།།
    གསང་བར་སྟོན་མཆོག་དགའ་རབ་རྡོ་རྗེ་དངོས།།
    གྲུབ་དབང་པད་ནོར་ཡང་སྲིད་ཁྱེད་ལ་བསྟོད།།

  2. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2014-07-29 at 1:00 pm

    ཕྱི་རུ་སྨྲ་བའི་དབང་ཕྱུག་འཇམ་དཔལ་དབྱངས། །ནང་དུ་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །གསང་བ་རྒྱལ་བའི་གསང་མཛོད་ཕྱག་རྡོར་དངོས། །རིགས་སུམ་སེམས་དཔའ་པདྨ་ནོར་བུར་འདུད། །

  3. པདྨ says:
    2014-07-29 at 4:00 pm

    པན་ཆེན་པདྨ་ནོར་བུའི་ཡང་སྲིད་རིན་པོ་ཆེ་རྒྱལ་ལོ།།
    ཨེ་མ་ཧོ།།
    པན་ཆེན་བི་མ་མི་ཏྲའི་སྐུ་ཡི་སྤྲུལ།།
    བཀའ་གཏེར་གདམས་པའི་མཛོད་འཛིན་གསུང་གི་སྤྲུལ།།
    འཇམ་དཔལ་པདྨ་ནོར་བུའི་ཐུགས་ཀྱི་སྤྲུལ།།
    ཡང་སྤྲུལ་ཡིད་བཞིན་ནོར་བུ་རྒྱལ་གྱུར་ཅིག།
    པདྨས་སོ།།

  4. རྟ་བདུན་དབང་བོ says:
    2014-07-30 at 11:26 am

    ཕྱག་ན་པད་མོས་བྱིན་གྱིས་བརླབས་པའི་སྲས། བསླར་ཡང་འགྲོ་བའི་དོན་དུ་བྱོན་པ་ལེགས། སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་ཕྱིར། ཕྱག་ན་རྡོ་རྗེས་རྟག་ཏུ་བསྲུང་གྱུར་ཅིག།

  5. ཨ་ཕྱི་ཆོས་སྒྲོན says:
    2014-07-31 at 4:53 pm

    ལྷོ་ཕྱོགས་རྒྱ་གར་ཡུལ་ནས་སྐུ་གཤེགས་ཡང་།།
    བྱང་ཕྱོགས་ཁ་བའི་ལྗོངས་སུ་སྐུ་བལྟམས་པའི།།
    པདྨ་རྡོ་རྗེ་པདྨ་ནོར་བུ་དང་།།
    མཛད་པ་འཕྲིན་ལས་ཀུན་ནས་མཚུངས་པར་སྨོན།།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-08-01 at 4:41 am

    བོད་ནས་ཕེབས་ནས་ལྷོ་ཕྱོགས་གཞིས་སུ་ཆགས། །
    བྱེས་སུ་འགྲོ་མང་སྔོན་མཐོའི་གོ་འཕང་བཀོད། །
    ལྷོ་རུ་གཤེགས་ནས་བྱང་གི་ཕྱོགས་སུ་འཁྲུངས། །
    ཡང་སྲིད་པད་རྡོར་སྐུ་ཚེ་ཡུན་བརྟན་ཤོག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme