Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞ་སྨྱུག་གི་གཏམ་རྒྱུད།

Posted on 2011-03-01 By ཁ་བརྡ་ 9 Comments on ཞ་སྨྱུག་གི་གཏམ་རྒྱུད།

པོའོ་ལོ་ཁོ་ལོད་(paulocoelho)ཀྱིས་བརྩམས།་
ཁྲི་ཆུ་བཟང་རྒྱ་མཚོས་ཨིན་ཡིག་ལས་བསྒྱུར།
བུ་ཆུང་ཞིག་གིས་རྨོ་མོས་ཡི་གེ་ཞིག་འབྲི་བཞིན་པ་ལ་བལྟས་ཏེ་བཀའ་འདྲི་འདི་ལྟར་གནང་སྟེ། ཁྱེད་ཀྱིས་ང་ཚོས་ཅི་ཞིག་བསྒྲུབས་ཟིན་པའི་ཐད་ལ་གཏམ་རྒྱུད་ཅིག་འབྲི་བཞིན་ཡོད་དམ། ཡང་ན། དེ་ནི་ངའི་སྐོར་གྱི་གཏམ་རྒྱུད་ཅིག་རེད་དམ། རྨོ་མོས་ཡི་གེ་འབྲི་མཚམས་བཞག་སྟེ་ཚ་བོ་ལ་བརྗོད་དོན། སྤྱིར་བཏང་ཡིན་ན། ངས་ཁྱེད་ཀྱི་སྐོར་ལ་འབྲི་བཞིན་ཡོད་མོད། འོན་ཀྱང། ཡིག་འབྲི་འདི་དག་ལས་གལ་ཆེ་བ་ནི་ངས་བེད་སྤྱོད་བྱེད་བཞིན་པའི་ཞ་སྨྱུག་འདི་ཡིན་པས། ཁྱེད་རང་མཚར་ལོངས་བྱུང་ན་ཞ་སྨྱུག་འདི་ལྟ་བུ་ཞིག་ཏུ་ཆགས་པར་ངས་རེ་བ་བྱེད་བཞིན་ཡོད་ཅེས་བཤད། དེ་བས་བུ་ཆུང་དེས་མཚར་སྣང་ལྡན་པའི་ངང་ནས་ཞ་སྨྱུག་དེ་ལ་བལྟས་ནས། དེ་ནི་ངས་དུས་རྒྱུན་མཐོང་བཞིན་པའི་ཞ་སྨྱུག་གང་རུང་དང་མཚུངས་པར་དེ་ལ་དམིགས་བསལ་ཞིག་མཐོང་མ་སོང་ཞེས་བརྗོད། རྨོ་མོས་དེ་ནི་ཁྱེད་ཀྱི་མཐོང་སྣང་ལ་རག་ལས་ཤིང་། དེ་ལ་ཁྱད་ཆོས་ལྔ་ལྡན་ཏེ། གལ་སྲིད་ཁྱད་ཆོས་དེ་དག་ལ་ཚོད་འཛིན་བྱེད་ཐུབ་ན། ཁྱེད་རང་དུས་ཀུན་ཏུ་འཇིག་རྟེན་ན་ཞི་བདེ་དང་ལྷན་དུ་འཚོ་ངེས་ཡིན་ཞེས་བརྗོད།

ཁྱད་ཆོས་དང་པོ། ཁྱེད་ཀྱིས་རླབས་ཆེན་གྱི་བྱ་གཞག་སྒྲུབ་ནུས་མོད། འོན་ཀྱང་། ཁྱེད་ཀྱིས་ངེས་པར་དུ་ནམ་ཡང་བརྗེད་མི་རུང་བ་ནི་ཁྱེད་ཀྱི་འདོད་འདུན་ལ་ལམ་སྟོན་གནང་མཁན་གྱི་ཞ་སྨྱུག་དེ་རེད། ང་ཚོས་དེ་ལ་སྨྱུག་ལྷ་ཟེར་བ་དང་། དེས་རྒྱུན་དུ་འདོད་འདུན་ལ་གཞིར་བཞག་ནས་ང་ཚོ་ལ་ལམ་སྟོན་བྱེད་ངེས།

ཁྱད་ཆོས་གཉིས་པ། མཚམས་རེར་ངས་འབྲི་མཚམས་བཞག་སྟེ། སྨྱུག་ཤོག་བེད་སྤྱོད་བྱས་ནས་ཞ་སྨྱུག་དེ་ཅུང་ཙམ་བཞོག་པ་ཡིན་མོད། འོན་ཀྱང་། ཕྱིས་སུ་དེ་ནི་ཧ་ཅང་གི་རྣོ་ངར་དང་ལྡན་པར་གྱུར་བ་བཞིན་དུ་ཁྱེད་ཀྱིས་ཀྱང་སྡུག་བསྔལ་དང་ན་ཟུག་ལ་བཟློག་མེད་ཀྱིས་བཟོད་སྒོམ་བྱེད་ཐུབ་པ་ཡིན་ན། དེ་ཚོས་ཁྱེད་རང་གང་ཟག་རླབས་ཆེན་ཞིག་ཏུ་བསྐྲུན་ངེས།

ཁྱད་ཆོས་གསུམ་པ། ཞ་སྨྱུག་གིས་ནོར་འཁྲུལ་གང་རུང་བཟོས་པ་གསུབ་ཆོག དེ་བཞིན་དུ་ཁྱེད་ཀྱི་བྱ་སྤྱོད་གང་རུང་ངན་སྤྱོད་ཅིག་མིན་པར། དེས་ཁྱེད་རང་དྲང་བདེན་གྱི་ལམ་ཁ་ཞིག་ལ་བསྙེག་པར་རམ་འདེགས་བྱེད་ཀྱིན་ཡོད།
་
ཁྱད་ཆོས་བཞི་བ། ཞ་སྨྱུག་ཅིག་གི་ནང་དུ་དངོས་གནས་ཀྱི་རྒྱུ་ཆ་ནི། དེའི་ཕྱི་རོལ་གྱི་ཤིང་དེ་མིན་པར། དེ་ནི་ནང་ལོགས་ཀྱི་རྡོ་སྣག་ཡིན་ལ། དེར་བརྟེན། ཁྱེད་ཀྱི་སེམས་ནང་ལ་ཅི་ཞིག་འབྱུང་བཞིན་པ་རྒྱུན་དུ་དོ་སྣང་བྱེད་དགོས།

ཁྱད་ཆོས་ལྔ་བ། དེ་ཡིས་རྒྱུན་དུ་རྟགས་མཚན་ཞིག་འཇོག་ངེས། འདི་འདྲའི་ལམ་ཁ་གཅིག་མཚུངས་ནང་དུ། ཁྱེད་ཀྱི་མི་ཚེའི་ནང་དུ་ཁྱེད་ཀྱི་བྱ་བཞག་ཡོད་ཚད་ལ་ཤུལ་རྗེས་ཤིག་འཇོག་དགོས་པ་རྟོགས་དགོས། དེ་བས་ཁྱེད་ཀྱི་བྱ་སྤྱོད་རེ་རེའི་ཁྲོད་དུ་རྣམ་རིག་བསྒྲིམ་པར་འབད་རྩོལ་བྱེད་དགོས།

རྩོམ་པ་པོའི་སྐོར་གཤམ་གྱི་འབྲེལ་ཐག་བརྒྱུད་མང་ཙམ་ྐློགས།
http://www.paulocoelho.com/en/

འགྱུར་རྩོམ།

Post navigation

Previous Post: རྒྱལ་བ་ཀརྨ་བའི་གནད་དོན།
Next Post: དབྱངས་ཅན་མ་ལྟ་བུའི་ཁྱོད། པདྨ་མཚོ།

Comments (9) on “ཞ་སྨྱུག་གི་གཏམ་རྒྱུད།”

  1. དེ་ཉིད་བསོད་རྒྱལ། says:
    2011-03-01 at 2:59 am

    བསྒྱུར་བ་ལེགས་མུ་མཐུད་་་་་

  2. གཡུ་མཚོ། says:
    2011-03-01 at 4:19 am

    ལྗང་བུ་ལགས་འཐོམས་ནས་ཡོད་ས་རེད།

  3. གཡུ་མཚོ། says:
    2011-03-01 at 4:22 am

    ཨིན་ཇི་
    ཧ་ཧ་
    བོད་ཡིག་ལ་བསྐྱར་དུ་གསར་བརྗེ་རེད་དམ།
    མགོ་སྟོང་ཞིག་ཡིན་ས་རེད

  4. གངས་ཕྲུག says:
    2011-03-01 at 4:30 am

    ཞ་སྨྱུག་ནང་ལོགས་རྡོ་སྣག་མ་རེད། ཞ་ཉེ་རེད།

  5. མངའ་རིས་ཕོ་ཉ་ says:
    2011-03-01 at 2:39 pm

    ཡག་པོ་བསྒྱུར་འདུག་ད་དུང་ཁྱེད་ཀྱིས་མུ་མཐུད་ནས་ཡིག་བསྒྱུར་ལ་བྱོན་དང་།
    ཨ་མའི་བུ་་་་་་་་་་་་་་་་
    མཁས་པས་གོ་འཕང་བསྙེགས་ཐུབ་བམ

  6. ལྗང་བུ། says:
    2011-03-01 at 8:41 pm

    ཁ་བརྡའི་འགན་འཛིན་པ་ལགས། གོང་ལ་ལྗང་བུ་ནས་ཞེས་རྒྱ་ཡིག་གི་མཆན་ཞིག་བཀོད་མཁན་མི་དེ་ང་རང་མིན།
    ཁྱེད་ཅག་ནས་ཨི་མེལ་ཁ་བྱང་སོགས་རྩད་གཅོད་བརྒྱུད་ནས་སུ་ཡིན་མཁྱེན་ཡོད་ཚོད་ཡིན་སྙམ།
    རང་གི་་མིང་བཀོད་མ་ནུས་པར་གཞན་མིང་རྐུ་མཁན་གྱི་སྡར་མའི་རིགས་འདི་ནི་གུ་ཡངས་སུ་གཏོང་བྱ་ཞིག་ཡིན་མིན་ལ་དགོངས་གཞིག་གནང་རོགས།

  7. ལྗང་བུ། says:
    2011-03-01 at 9:24 pm

    ཁ་བརྡའི་འགན་འཛིན་ལགས།
    གོང་གི་མཆན་བུ་༡༽ཟེར་པ་དེ་ལ་ལྗང་བུ་ཟེར་ནས་གུས་པའི་མིང་བཀོད་ཅིང་རྒྱ་ཡིག་མཆན་འདོགས་ཀྱང་ཡོད་པ་འདི་ལ། མཆན་འདོགས་མཁན་དེས་རང་མིང་མ་སྤྱད་ན་ཡང་འགྲིག་མོད། གུས་པའི་མིང་འདི་བེད་སྤྱད་ཅིང་ཁོ་རང་རྒྱབ་ལ་ཡིབ་འདུག་པ་འདི་ལ་དམིགས་ཡུལ་གཞན་ཞིག་ཡོད་རེད་བསམ།
    ཁྱེད་ཅག་ནས་ཨི་མེལ་ཁ་བྱང་བརྒྱུད་སུ་ཡིན་གསལ་ཁ་གནང་རོགས་ཞུ།

  8. ཁ་བརྡ་ཚང་། says:
    2011-03-01 at 10:46 pm

    ལྗང་བུ་ལགས།
    གོང་གི་མཆན་དེ་བཀག་ཡོད། ཁྱེད་གཉིས་ཀའི་གློག་འཕྲིན་གཅིག་པ་རེད་འདུག འོན་ཀྱང་། གོང་གི་དེ་ཡོང་ས་ཁ་ཎ་སྒྲ་ནས་རེད།

    ཁ་བརྡ་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

  9. ཁྲག་ཐིགས། says:
    2011-04-06 at 2:35 am

    ཡག་པོ་བསྒྱུར་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme