Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝྰ་ཎའི་སློབ་ཆེན་འགྲིམས་པའི་མྱོང་ཚོར་ཡི་གེར་བཀོད་པ།།

Posted on 2010-05-182010-05-18 By ཁ་བརྡ་ 12 Comments on ཝྰ་ཎའི་སློབ་ཆེན་འགྲིམས་པའི་མྱོང་ཚོར་ཡི་གེར་བཀོད་པ།།

—སློབ་དུས་དང་པོའི་རིག་གནས་ཆེད་རྩོམ།

ཤ་ཀླན་འཇམ་དབྱངས་གྲགས་པ།

བདག་འཛིན་ལྕགས་ཐག་སིལ་བུར་གཏོར་བའི་ཤེས་རབ་རལ་གྲི་རབ་གདེང་བའི།།
འཇམ་དབྱངས་རིག་པའི་གཏེར་མཛོད་གང་དེས་ཤིས་པ་སྩོལ་ལ་བྱིན་གྱིས་རློབས།།
སྐད་ཡིག་སློབ་དཔོན་ལྷག་ཚེ་ལགས་ཀྱིས་ལྷག་བསམ་དག་པས་བཀས་བསྐུལ་བས།
ཝཱ་ཎའི་གཙུག་ལག་སློབ་ཆེན་འགྲིམས་པའི་མྱོང་ཚོར་གཤའ་མ་ཁོ་བོས་སྤེལ།།
སྤུན་དང་གཉེན་ཉེས་བཀག་ཀྱང་མ་ཁོག་སེ་རའི་ཡུལ་ལྗོངས་གྱེས་མཇལ་ཞུས།།
རྒན་དང་ཚོགས་པའི་སྒྲིག་ལ་མ་བལྟོས་དམིགས་པའི་ཡུལ་དུ་གོམ་པ་སྤོས།།
མ་དང་སྲིང་མོའི་མིག་ཆུ་དྭངས་མོ་སྙིང་ཁར་ལྷུང་བར་བཟོད་པས་ཕྱིས།།
འདི་ནི་ཝྰ་ཎའི་སློབ་ཆེན་འགྲིམ་ཕྱིར་བསགས་པའི་ནག་ཉེས་དང་པོ་ལགས།།
ཡིག་རྒྱུགས་མ་འཕྲོད་ཝཱ་ཎར་འཁྱམས་པའི་ལོ་རྒྱུས་སྐྱུར་མོ་ཕར་བསྐྱུར་ཏེ།།
སྐབས་བབ་སློབ་ཆེན་འགྲིམས་པའི་མྱོང་ཚོར་ལུ་གུ་རྒྱུད་དུ་རབ་སྤེལ་ན།།
དེ་ཡང་ཐོག་མར་ཁང་བརྩེགས་མཐོང་སྐབས་ཁོ་བོ་ཅུང་ཙམ་ཧད་པར་གྱུར།།
ཚུལ་མཐུན་སློབ་མའི་སྤྱོད་ལམ་མཐོང་སྐབས་ཁོ་བོའི་སེམས་ནས་དགའ་བ་འཕེལ།།
ཞི་འཇམ་ཤེས་ལྡན་སློབ་དཔོན་མཇལ་སྐབས་ཁོ་བོའི་ཡིད་ནས་དང་བ་སྐྱེས།།
འདི་ནི་གླིང་གཞན་དག་ལ་མ་ཡིན་ལྷ་ཡུལ་དུའང་ཨེ་སྲིད་སྙམ།།
དེ་ཡང་ཡིན་ཏེ་འདི་ནི་ཝཱ་ཎའི་ཕྱི་ནང་གསང་གི་ངོ་བོ་ཙམ།།
ཐུན་གྱིས་ཉིན་དེད་ཉིན་གྱིས་ཟླ་དེད་ཁོ་བོ་ཝྰ་ཎར་རྒྱུས་ཡོད་གྱུར།།
ད་ལྟ་ཝཱ་ཎའི་ཕྱི་ནང་གསང་གསུམ་བློ་ཡིས་རག་རིམ་འགྲིམས་ནས་ཚར།།
སྔོན་གྱི་སུམ་རྩེན་གནས་ཀྱི་འདུ་ཤེས་རང་སར་ཞིག་ལ་འཇའ་བཞིན་ཡལ།།
ཚུལ་མཐུན་ཤེས་ལྡན་སྤྱོད་བཟང་ཡོངས་ཀྱང་ཟོལ་གྱིས་བཅོས་པ་མ་རེད་ཅེས།།
སོར་སྐྱེས་བདག་འདྲས་བཤད་པའི་འོས་མིན་སར་གནས་དཔའ་བོས་གཞལ་བྱ་ཉིད།།
དེ་ལྟར་ནའང་སྤྱི་ཚོགས་ཤིག་ལ་དྲང་ལྡོག་གཉིས་ཀྱི་ཆ་ལྡན་པ།།
སྙིགས་མའི་དུས་ཀྱི་སྐྱེ་བོའི་འགྲོས་ཡིན་ཁོ་བོ་ཡ་མཚན་སྐྱེ་མི་འགྱུར།།
ལྡོག་སྟེ་ང་ལ་གདེང་ཚོད་དང་ནི་སྤོབས་པའི་རི་བོ་སྤོ་མཐོར་བརྩིགས།།
མ་འོངས་དུས་ཀྱི་མདུན་ལྗོངས་ཡངས་པོར་འོད་སྟོང་འབར་བའི་ལམ་བུ་རྙེད།།
བསྐལ་བ་བརྒྱ་ལ་ཉམས་པ་མེད་པའི་མུན་སེལ་སྒྲོན་མེ་འདི་ནས་ཐོགས།།
སྐྱེ་བ་སྟོང་དུ་འཛད་པ་མེད་པའི་རིན་ཆེན་གཏེར་ཁ་འདི་ནས་ལེན།།
འདི་ནི་ང་ཡི་མི་འགྱུར་དམ་བཅའ་སེམས་ཀྱི་རྡོ་རྗེ་བྲག་ལ་བརྐོས།།
སློབ་ཆེན་འགྲིམས་པའི་མྱོང་ཚོར་ཡིན་ལ་མ་འོངས་ལམ་གྱི་སྔོན་དཔོག་ཡིན།།
རང་ལ་བཅངས་པའི་ཡིད་ཆེས་ཡིན་ལ་གནས་འདིས་སྤྲོད་པའི་གདེང་ཚོད་ཡིན།།
༢༠༠༩ ༩
༡༡ཉིན་རྫོགས་པར་བྲིས།

སྙན་ངག

Post navigation

Previous Post: ལས་དང་ལས་ཡག་པོ་ཀུན་སློང་གིས་བསྐྱེད་པ་རེད།
Next Post: བོད་ཕྱིའི་རླུང་བརྙན་འཕྲིན་ཁང་ཚོར་སྐད་བསྐུར།

Comments (12) on “ཝྰ་ཎའི་སློབ་ཆེན་འགྲིམས་པའི་མྱོང་ཚོར་ཡི་གེར་བཀོད་པ།།”

  1. ཤ་ཀླན་བུ says:
    2010-05-19 at 12:45 am

    ཁ་རྒྱགས་པ་ཅུང་ཤོར་འདུག

  2. གྱི་ན་བས། says:
    2010-05-19 at 1:34 am

    ཁོ་རེ་ཉོན་དང་འཇམ་དབྱངས་གྲགས་པ་མིང་ཅན་ཁྱོད།
    སློབ་ཆེན་ཁོར་ཡུག་བསྟོད་པ་བཀའ་དྲིན་ཆེ།
    རང་ཚོར་བཅོས་མ་འཆད་པ་ངོ་རེ་ཚ།
    དེ་རིགས་སློབ་ཆེན་སློབ་མའི་རང་བཞིན་ཨེ་ཡིན།

  3. ཤ་ཀླན་བུ says:
    2010-05-19 at 2:31 am

    དེ་ཚོ་སློབ་ཆེན་སློབ་མའི་རང་བཞིན་ཡིན་དང་ཡིན། གམིགས་བསལ་ཝཱ་ཎའི་སློབ་མའི་རང་བཞིན་རེད། ཝཱ་ཉའི་སློབ་མ་ཁ་རྒྱགས་པ་ཡོད་པ་ཡོངས་གྲགས་རེད།

  4. བོད་ཀྱི་མཛེས་མ། says:
    2010-05-19 at 6:15 am

    ཝ་ནར་འགྲིམས་པའི་མྱོང་ཚོར་འགོད་མཁན་ཤ་ཀླན་འཇམ་དབྱངས་གྲགས་པ་ཁྱེད།།
    མཐའ་ཡས་རྒྱ་མཚོ་ཕར་མཐར་བསྐྱུར་ནས་གདམ་ཅན་ཆུ་མིག་འཐུང་བ་དང།།
    གཞུང་ལུགས་ཆེན་པོར་བརྩོན་པ་བོར་ནས་དེང་རབས་ཤེས་བྱ་ལ་ཆགས་པ།།
    རྟ་དང་བོང་བུ་བརྗེ་ནོར་ཤོར་བ་ད་གཟོད་ཁྱེད་ཀྱིས་ཤེས་པ་ལེགས།།

    དགེ་རྒན་ཆེན་མོར་ཁ་ལན་བསློགས་ཏེ་གྲོགས་ངན་ཁ་ཏ་གསེར་ལ་སྒོམ།།
    གཉེན་དང་གྲོགས་པོའི་བསླབ་བྱ་མ་ཉན་རང་ལྟ་མཆོག་འཛིན་བྱེད་བྱེད་ནས།།
    འགྱོད་གདུང་མེ་ལྕེ་དྲག་ཏུ་འཕྱུར་ནས་མྱོང་ཚོར་དུ་རླངས་ཤོར་ཙ་ན།།
    གསེར་དང་བྱེ་མ་ཚོང་ནོར་ཤོར་བ་ད་གཟོད་ཁྱེད་ཀྱིས་ཤེས་པ་ལེགས།།

    ད་ནི་ཤ་ཀླན་འདུག་སེ་མ་བསྡད་ཡང་བསྐྱར་གྲྭ་སར་འགྲིམ་ལ་རྒྱུགས།།
    རྟ་ལྕག་ཚ་པོར་ཞེད་སྣང་མ་བྱེད་མཁས་པའི་ལམ་བུ་སྙེག་ཏུ་སོང།།
    དེང་རབས་ཤེས་བྱ་གཙིགས་ཆེར་མ་བྱེད་གཞུང་ལུགས་ཆེན་པོར་ཐོས་བསམ་གྱིས།།
    བཀའ་བློན་ཁྲི་པའི་སྐུ་ལྕག་མ་འཚོལ་དགའ་ལྡན་ཁྲི་པ་ཨེ་ཐུབ་ལྟོས།།
    ཧ་ཧ་ཤ་ཀླན་འཇམ་དབྱངས་གྲགས་པ་རྒྱལ་གྱུར་ཅིག་གུ།

  5. ལྷགབསམ་རྒྱ་མཚོ། says:
    2010-05-19 at 7:37 am

    གཞུང་ལུགས་རྡོ་རུས་ཐུག་པའི་གསན་བསམ་དང་། །ཚུལ་ཁྲིམས་དྲི་བསུང་འཐུལ་བའི་ཆོས་གྲྭ་ཆེ། །བསོད་ནམས་དབང་གིས་རྒྱབ་ཏུ་བོར་ནའང་། །འགྱོད་བཤགས་སློབ་སྦྱོང་མ་ལྷོད་སྐུ་ཚེ་རིང་། །འགྲོ་བ་སྤྱི་དང་ཁྱད་པར་བོད་ཀྱི་དོན། །རིག་གཞུང་སྤྱི་དང་ཁ་བ་རི་བའི་སྲོལ། །སྲོག་ལ་བབས་ཀྱང་འབད་པས་སྲུངས་ཤིག་དང་། །ནམ་ཞིག་ཁྱོད་ལ་ཀུན་གྱིས་མེ་ཏོག་འཐོར། །ལམ་འགྲོ་ངོ་སྟོད་བྱུང་ན་སེངྒེའི་རྗེ། །ཆགས་སྒོ་སྐྱོན་བརྗོད་བྱུང་ན་ཝ་མོའི་བུ། །གདོང་དམར་སྲིན་མོའི་རྒྱུད་ལ་མཛའ་མིན་པས། །སྙིང་སྟོབས་ལ་རྒྱ་ཉམས་པ་མེད་པར་མཛོད། །

  6. ཤ་ཀླན་བུ says:
    2010-05-20 at 12:18 am

    བོད་ཀྱི་མཛེས་མས་ང་ལ་རྟིང་སྐུལ་བྱེད་པར་ཐུགས་རྗེ་ཆེ། ཚིགས་རིས་ལ་བལྟས་ན་ང་ལ་རྒྱུན་རིང་ཞིག་ནས་བལྟས་བསྡད་ཡོད་པ་འདྲ། ཡིན་ཡང་ངས་ཁྱེད་ལ་དགོངས་དག་ཞུ་རྒྱུ་ཞིག་ལ་ང་དགའ་ལྡན་ཁྲི་བའི་ཆོས་ཁྲི་རྩོད་དུ་འགྲོ་རྒྱུ་མིན་ལ་གདན་སར་བསྐྱར་དུ་གཞུང་ཆེན་སྦྱོང་དུའང་འགྲོ་རྒྱུ་མིན། ངས་སྔ་བྱས་ལ་འགྱོད་བཤགས་ཞུ་རྒྱུ་མིན་ལ་ཕྱིས་འབྱུང་ལ་འགོག་སྡོམ་བྱ་རྒྱུ་མིན། ངས་མུ་མཐུད་ནས་འདི་ནས་ཆེ་ས་ནས་མི་རིགས་ལ་ཞབས་འདེགས་དང་ཆུང་ས་ནས་རང་གི་ཁ་ཕོ་འཚོལ་རྒྱུ་ཡིན།

    ལྷགབསམ་རྒྱ་མཚོ་ནས་ལྷག་བསམ་གྱི་རྒྱ་མཚོ་ཞིག་བསྐྱུར་ནས་ཕེབས་པ་ཡག་བྱུང་།

  7. གནམ་ལྕགས། says:
    2010-05-20 at 12:36 am

    ཤ་ཀླན་པ་པ་ལགས། ཟིན་ཐོ་འདི་བཀླགས་ནས་ང་རང་སྐུ་ཉིད་ལ་རྒྱུས་ཡོད་པར་གྱུར་སོང་།

  8. གྱི་ན་བས། says:
    2010-05-20 at 12:52 am

    ཁོ་རེ་ཉོན་དང་ཤ་ཀླན་པུར་མིང་ཅན།
    ཁྱོད་སློབ་ཁ་རྒྱགས་ཇི་ཡོད་ཀྱང་།
    འབྲི་སྩལ་མེད་པའི་ལག་གཏུམ་རེད།
    དེ་ནི་འདབས་ཡ་ཅན་གྱི་བྱི་ཆུང་རེད།
    ་

  9. ཤ་ཀླན་བུ says:
    2010-05-20 at 2:48 am

    གནམ་ལྕགས་ལགས། ངས་ཀྱང་དེ་ལས་རེ་མེད། ཟིན་ཐོ་འདིས་མྱོང་ཚོར་ཞིག་དང་ལོ་རྒྱུས་ཤིག་གླེང་གི་ཡོད།

    གྱི་ན་བ་ལགས། ཁྱེད་ཀྱིས་བཤད་པ་དེ་དེ་བཞིན་ནོ།། ང་འབྲི་རྩལ་མེད་པའི་ལག་ལྡུམ་ཞིག་དང་གཤོག་ཡ་མེད་པའི་བྱེའུ་ཞིག་རེད། ཁྱེད་ཀྱི་མཆན་ཤོ་ལོ་ཀ་གཅིག་གི་ནང་ཡིག་ནོར་བཞི་ཐོན་མེད་ཚེ་ཁྱེད་ལ་ངས་གུས་ཞབས་ཞུ། ཡིན་ཡང་་་་་ད་མི་བཤད། གྱི་ན་བ་ནི་གྱི་ན་བ་རང་རེད། ཧཧཧ

  10. ཤ་ཀླན་བུ says:
    2010-05-21 at 2:59 am

    ཤ་ཀླན་ལགས།ཁྱེད་རང་གིས་གོ་ནོར་འཐེབས་སོང་བ་མིན་ནམ།ངས་ཁྱེད་རང་གང་ཟག་སྒེར་བ་དམིགས་བཀར་བྱས་མེད།ངོ་མ་ཁྱེད་དེ་བརྩེ་བས་བལྟེམས་པའི་ལོ་ཟླ་ཞེས་པའི་སྙན་དེབ་དེའི་རྩོམ་པ་པོ་ཡིན་པས་ངས་ནམ་ཡང་དེ་ལྟར་སྡིག་དམོད་མ་བྱས།ཡིན་ཡང་ལག་གཏུམ་ཞེས་པ་དེ་ནི་ཁྱེད་སློབ་ཚང་གི་རང་བཞིན་ཡིན་པས་ང་ལ་ཐོད་བརྒོལ་མ་བྱེད་རོགས།

  11. གྱི་ན་བ། says:
    2010-05-21 at 3:03 am

    དགོངས་དག་གོང་གི་མཆན་བཀོད་མཁན་དེ་གྱི་ན་བ་ཡིན།

  12. ཤ་ཀླན་བུ says:
    2010-05-22 at 12:02 am

    ཧ་གོ་སོང་། གྱི་ན་བ་ངེད་གཉིས་སློབ་གྲྭ་གཅིག་པ་རེད་འདུག དྲན་གསོ་གཏང་རྒྱུར་རྗེས་སུ་མཆན་བཀོད་དུས་གཟབ་གཟབ་མ་བྱས་ན་འདི་ལྟར་སློབ་གྲྭ་འདི་ནས་མ་ཡིན་མདོག་མདོག་བྱས་ནས་རྫུན་རྐུབ་རྡོལ་ཡོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme