Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝེལ་སིའི་རྒྱུག་རྩེད་ཁྲོད་ཀྱི་སེང་དར།

Posted on 2014-10-082014-10-08 By ཁ་བརྡ་ 8 Comments on ཝེལ་སིའི་རྒྱུག་རྩེད་ཁྲོད་ཀྱི་སེང་དར།

ཐེ་བོ་སངས་རྒྱས།

 
unnamed-2ད་ལོའི་ཕྱི་ཟླ་དགུ་བའི་ཚེས་ལྔ་ཉིན་དབྱིན་ཡུལ་གྱི་ཝེལ་སིའི་རྒྱལ་ས་ཁར་སྒྲི་ཧྥུ་Wales Cardiff, རུ་སྐད་གྲགས་ཡོད་པའི་ལོ་རེའི་རྒྱུག་རྩེད་འགྲན་ཚོགས་ཆེན་མོ་Cardiff Half Marathon:་ཞེས་པ་དེ་བསྡུས། དེར་འཛམ་གླིང་གི་ལུས་རྩལ་བ་མིང་གྲགས་ཅན་མང་དག་ཅིག་གིས་སྣེ་ཁྲིད་པའི་རྩེད་འགྲན་པ་ཉིས་ཁྲི་ཆིག་སྟོང་ཙམ་ཞུགས་ཡོད་པ་དང་། རྩེད་མོ་བ་རྣམས་ཉིན་དེའི་ཞོགས་པ་ཆུ་ཚོད་དགུ་བའི་ཐོག་འགོ་བརྩམས་ཏེ་ལོ་རྒྱུས་ལྡན་པའི་གྲོང་དང་། གྲོང་ཁྱེར་གྱི་ཁང་བརྩེགས། སྐྱེད་མོས་ཚལ། རང་བྱུང་ཁམས་ཀྱི་མཛེས་ལྗོངས་སོགས་བརྒྱུད་དེ་རྒྱུག་ཤར་གློད་པའི་ཁྲོད། བོད་དོན་ལས་འགུལ་བ་གཟའ་རུ་ཉི་མ་ལགས་དང་། ཁོང་གི་བཟའ་ཟླ་རྗོར་ཇེ་Georgie, སོགས་ནང་མི་བཞིས་Free Tibet བོད་རང་དབང་ཞེས་བྲིས་པའི་སྟོད་ཐུང་སྔོ་སྐྱ་རེ་གྱོན་ཅིང་། བོད་ཀྱི་རྒྱལ་དར་འཕྱར་ནས་མཉམ་ཞུགས་བྱས་ཡོད་པར་མ་ཟད། གཟའ་རུ་ཉི་མ་ལ་བྱ་དགའ་ཞིག་ཀྱང་རག་འདུག
ཕྱི་གླིང་བའི་ལྟད་མོ་བ་མང་པོས་གཟའ་རུ་ཉི་མ་སོགས་མཐོང་བས་བོད་དོན་ལ་རྒྱབ་སྐྱོར་གྱི་འབོད་སྒྲ་ཤུགས་ཆེར་བསྒྲགས་ཡོད་པ་དང་། དེ་རྗེས་འབྲེལ་བ་བྱེད་མཁན་གང་འཚམས་བྱུང་ཡོད་ཚོད་རེད།

05.10.14 - Cardiff Half Marathon - © Huw Evans Picture Agency

ཁོང་གིས་བརྗོད་དོན། རྩེད་འགྲན་འདི་རིགས་ནམ་རྒྱུན་དགེ་རྩ་ཚོགས་པ་Charity རེས་བཀོད་སྒྲིག་བྱེད་ཀྱི་ཡོད། དེར་ཞུགས་པ་ཙམ་གྱིས་མི་མང་གིས་དཔེ་མཐོང་ཆེན་བྱེད། དེའི་ནང་སྔོན་ཚུད་ནས་ཐོ་འགོད་ཀྱིས་དངུལ་ཏོག་ཙམ་སྤྲོད་དགོས་པ་ལས་དེར་མི་ཚུད་པའི་དཀའ་ངལ་མེད་ནའང་། བོད་མི་ཚོ་འདི་འདྲ་བའི་ནང་ཞུགས་བློ་ཡོད་མཁན་ཧ་ཅང་ཉུང་བས་གོ་སྐབས་ཤོར་གྱི་ཡོད་པ་དང་། བོད་དོན་ཁྱབ་བསྒྲགས་ལ་ཆ་བཞག་ན་འདི་ལྟ་བུའི་སྡིངས་ཆ་ནི་ཆེ་མཐོང་ལྡན་པའི་ལས་འགུལ་གལ་ཆེན་ཡིན་ཏེ། གལ་ཏེ་སུ་ཞིག་ཆུ་ཚོད་ལ་དཔག་པའི་ལེ་དབར་གྲངས་བཅད་དུ་རྒྱུག་ཐུབ་ཚེ་བྱ་དགའ་རིམ་པ་ལྟར་གནང་བའི་ཁར། གསར་འགོད་པས་མི་སྒེར་གྱི་དམིགས་ཡུལ་སོགས་དྲིས་ནས་ཁྱབ་བསྒྲགས་བྱེད་སྲོལ་ཡོད་པར་བཤད། ཁོ་འདིར་ཞུགས་པའི་དམིགས་ཡུལ་གཙོ་བོ་ནི་བོད་དོན་དྲིལ་བསྒྲགས་དང་། ཕྱི་སྡོད་བོད་མི་ཚོར་འདི་འདྲའི་ཆ་ཤས་ལེན་པར་སྐུལ་འདེད་གཏོང་ཆེད་ཡིན་ཟེར།

unnamed-1

གཟའ་རུ་ཉི་མ་ལགས་ནི། དབྱིན་ཡུལ་དུ་གནས་སྡོད་བྱེད་མཁན་བོད་རིགས་སྤུན་ཟླ་ཞིག་ཡིན་ལ། ཁོང་གིས་ཡུལ་དེར་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཞོར་SaveTibetWales, ཞེས་པའི་ཚོགས་པ་བཙུགས་ཏེ། ཁཱར་མར་ཐེན་དཔེ་མཛོད་ཁང་དང་། carmarthen library, སི་ཝན་སེ་སློབ་གྲྭ་ཆེན་མོ། Swansea University, ལཱམ་སྦེ་ཐྲེར་སློབ་གྲྭ་ཆེན་མོ།Lambeter University,སོགས་སུ་བོད་དོན་བྱ་འགུལ་རབས་དང་རིམ་པ་སྤེལ་འདུག
ཁོ་ནི་ཝེལ་སི་རུ་བོད་དོན་ལས་འགུལ་སྤེལ་མཁན་ཐོག་མ་དེ་ཆགས་ཡོད། ད་དུང་ཁོས་བཙན་བྱོལ་བོད་མིའི་ཁྲོད་དུ་སློབ་ཡོན་དང་། སྨན་ཡོན། འཚོ་ཐབས་བཅས་ཀྱི་ཐད་མངོན་གསལ་དཀའ་ངལ་ཡོད་རིགས་ལ་རོགས་སྐྱོར་གང་ཐུབ་བྱས་དང་བྱེད་བཞིན་ཡོད། ཁོང་གིས་ད་ལོ་གཟའ་རུ་བོད་ཀྱི་ཐེབས་རྩ་ཚོགས་པ། Zari Tibet Found ཞེས་པའང་བཙུགས་འདུག

ཚོགས་པའི་དྲ་རྒྱ།
www.zaritibet.org

གསར་འགྱུར།

Post navigation

Previous Post: མ་ཡུམ་སློབ་གྲྭའི་སྐྱེས་སྐར་ལ་ཕུལ་བ།
Next Post: རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་ཆེན་ཐོག་བོད་ཀྱི་སྐོར་ལ་གྲོས་ཆོད་བཞག་པ།

Comments (8) on “ཝེལ་སིའི་རྒྱུག་རྩེད་ཁྲོད་ཀྱི་སེང་དར།”

  1. དྲན་དཀར་དཔལ་ཡོན་ says:
    2014-10-08 at 9:21 am

    ཡག་པོ་འདུག བཀའ་དྲིན་ཆེ། བོད་དོན་ཤེས་བྱ་ས་བསྒྲགས་གནམ་བསྒྲགས་ཀྱི་ཞོར་དུ་སྒོར་རྡོག་འགའ་བསོག་ཨེ་བཏུབ་བྱོས།
    དེ་མིན་ལོ་རྗེས་མར་འགྲོ་འདོད་བརླག་འགྲོ ཐུགས་ཆེ་གནང་།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-10-08 at 2:30 pm

    གཟའ་རུ་ཉི་མ་ལས་འགུལ་པས། །
    བྱ་ག་གཟེངས་ཐོབ་རྗེ་ཡི་རང་། །

  3. བདེ་སྐྱིད། says:
    2014-10-09 at 12:09 am

    ཧ་ཅང་གི་ཡག་པོ་རེད། བཀའ་དྲིན་སྙིང་དབུས་ནས་ཞུ་རྒྱུ་ཡིན།

  4. ཐེ་བོ་སངས་རྒྱས says:
    2014-10-09 at 12:44 am

    ཕྱི་ཟླ་དགུ་བ་དེ་བཅུ་བ་ལ་བཅོས་རོགས། དགོངས་དག

  5. ལྷ་མོ། says:
    2014-10-09 at 1:22 am

    ད་་་་་གང་ཤེས་་་་དཔལ་འབྱོར་གྱི་ཆེད་དུ་་་་་བོད་འདི་བཙོང་མཁན་མང་གི་་་་་ཧ་ཧ་་་་་་་་་་་་་

  6. གཟའ་རུ་ཉི་མ says:
    2014-10-09 at 1:52 pm

    སྤུན་ཟླ་ཚོ་་་ད་དུང་དོགས་པ་ཁོ་ནའི་མི་ཚེ་ཞིག་སྐྱེལ་བསྡད་པ་ཡིན་ན་བློ་ཕམ་དགོས་པ་ཞིག་མ་རེད་དམ་་་

  7. སྤེན་ཚེ says:
    2014-10-10 at 6:13 am

    སྤྱིར་བཏང་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་གང་ཡང་མེད་ འོན་ཀྱང་མཆན་གཅིག་གཉིས་མཐོང་སྐབས་མ་བྲིས་དཀའ་མེད་རེད་འདུག་ སྤྱི་དོན་བྱེད་མཁན་རེ་ཟུང་ལས་མེད་པས་ཚང་མར་དོགས་པ་དེ་འདྲ་མ་གནང་ གལ་སྲིད་བོད་ཀྱི་རྒྱལ་དར་ལག་ཏུ་མཁྱེར་ནས་སྤྱི་དོན་འགྲུབ་ཀྱི་འདུག་ན་སྒོར་མོ་བསག་ནའང་སྐྱོན་གང་ཨེ་ཡོད་ དེ་ལས་གསུང་འདོད་ཡོད་དངབཀའ་བཀྱོན་གནང་འདོད་ཡོད་པ་ དོགས་པ་ཟ་འདོད་སོགས་ཡོད་ན་དེང་སྐབས་ནུབ་ཕྱོགས་ཡུལ་ནང་བོད་མི་ཁག་གཅིག་གི་བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུས་ནས་རྒྱ་སྒོར་བསག་གི་འདུག་པས་འདི་ཚོར་མང་ཙམ་གསུང་རོག་གནང།

  8. མཚོ་དཀར། says:
    2014-10-13 at 1:10 pm

    ཧ་ཅང་དགའ་དགོས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme