Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝི་སི་ཀོན་སིན་དུ་ཆུ་འབྲུག་གསར་བཞད་ཀྱི་བོད་དོན་ལས་འགུལ།

Posted on 2012-02-282012-02-29 By འཚོ་བྱེད་བུ No Comments on ཝི་སི་ཀོན་སིན་དུ་ཆུ་འབྲུག་གསར་བཞད་ཀྱི་བོད་དོན་ལས་འགུལ།

ཨ་རིའི་ཝི་སི་ཀོན་སིན་ས་གནས་སྤྱི་མཐུན་ཚོགས་པ་དང་གཞོན་ནུ་ཚོགས་པ་གཉིས་ནས་སྣེ་ཁྲིད་དེ་བཀའ་སྤྱི་དང་དབུས་གཞོན་ནུ་སོགས་ཀྱི་བཀའ་དགོངས་བཞིན་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་བྱ་ཆེད་ལོ་གསར་དགའ་སྟོན་གྱི་རྣམ་པ་གང་ཡང་མེད་པའི་སྒོ་ནས་ལོ་གསར་ཚེས་གཅིག་གི་ཆུ་ཚོད་དགུ་དང་ཕྱེད་ཀ་ནས་རི་དྭགས་ཚལ་དགོན་པའི་ནང་མི་མང་བཞི་བརྒྱ་ལྷག་འདུ་འཛོམས་ཀྱིས་རྒྱུན་སྲོལ་རོལ་དབྱངས་དང་ཚོགས་གཙོ་ཁམས་ལུང་སྤྲུལ་སྐུ་མཆོག་གིས་སྤོས་ཀྱི་དུད་པའི་མཆོད་སྤྲིན་དང་བཅས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་དྲངས་ཏེ་བཞུགས་ཁྲིར་འཁོད་མཚམས། གཞོན་ནུ་ཚོགས་པས་གོ་སྒྲིག་བྱས་པའི་ཚོགས་རྫས་ལེགས་པར་བཀྲམས་རྗེས།  དགེ་བཤེས་བཟོད་པ་བཞུགས་ཁྲིར་འཁོད་ཅིང་། དགེ་འདུན་པ་དང་མི་མང་ཡོངས་ནས་བླ་མ་མཆོད་པའི་ཆོ་ག་འདོན་བཞིན་ཚོགས་མཆོད་རྒྱ་ཆེན་པོ་ཞིག་ཕུལ། ཚོགས་མཆོད་གྲུབ་རྗེས་མི་མང་ཡོངས་འདུ་འཛོམས་ཀྱིས་དགོན་པའི་མཐའ་ནས་བསང་གསོལ་གཏོང་བཞིན་ལྷ་རྒྱལ་འཐེན་ཞིང་།

བོད་རྒྱལ་ལོ་ཞེས་པའི་འབོད་སྒྲ་སྒྲོགས་བཞིན་བསང་གསོལ་གྲོལ།  དེ་རྗེས་ཆུ་ཚོད་དང་པོ་ནས་བོད་མི་མང་གི་ཆེད་རང་ལུས་མེར་སྲེག་བཏང་བའི་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་ཆེད་པར་རིས་འགྲེམ་སྟོན་དང་། གློག་བརྙན་གཟིགས་འབུལ་བྱས་པར་མི་མང་འཚང་ཀ་ཤིག་ཤིག་ངང་ལྟད་མོ་ལྟ་བཞིན་ཉིན་དང་པོའི་མཛད་རིམ་གྲོལ།

ཚེས་གཉིས་པར་བོད་རིགས་སྤྱི་མཐུན་ཚོགས་པའི་དཔལ་འབྱོར་འདུ་འགོད་ཚོགས་ཆུང་གི་གྲ་སྒྲིག་འོག་འཁྲབ་ཁྲིད་པ་འཕྲིན་ལས་རྣམ་རྒྱལ་གྱིས་འགོ་ཁྲིད་དེ་་མེར་སྲེག་་ཅེས་པའི་གཏམ་བརྗོད་ཟློས་གར་ཞིག་ལོ་དགོང་དྲོའི་སྐབས་སྨི་ཌལ་ཊོན་སློབ་འབྲིང་གི་ཚོགས་ཁང་དུ་འཁྲབ་སྟོན་བྱས།  འཁྲབ་སྟོན་པ་རྣམས་སྤྱིར་བཏང་མང་ཚོགས་རང་ཡིན་ལ་ཁོ་ཚོས་དུས་ཚོད་ཐུང་ངུ་ཞིག་གི་ནང་ལས་བྲེལ་ཆེ་བའི་བར་གསེང་གི་དུས་ཚོད་དེ་དག་བེད་སྤྱད་དེ་སྦྱོང་བརྡར་བྱས་མཐར་འཁྲབ་གཞུང་མགོ་རྔ་ཚང་བ་ཞིག་ཕྱི་མི་དང་བོད་རིགས་ལྟད་མོ་བ་རྣམས་འཛོམས་པའི་མདུན་དུ་འཁྲབ་སྟོན་གསོན་ཉམས་ལྡན་པ་ཞིག་བྱས་སོང་། གོ་རིམ་ལྡན་ཞིང་ནང་དོན་ཟབ་པའི་འཁྲབ་གཞུང་དང་འཁྲབ་རྩལ་ལྡན་པའི་འཁྲབ་སྟོན་པ་རྣམས་ལ་ལྟད་མོ་བ་རྣམས་ཀྱི་ཡིད་སྨོན་ཤོར་ཏེ་དགའ་བསུའི་ཐལ་མོ་ཤུགས་ཆེར་བརྡབ། དཔེར་ན། རྒྱ་དམག་གིས་བོད་པའི་གྲྭ་བ་ཚོར་ཉེས་རྡུང་ཤུགས་ཆེར་གཏོང་བའི་སྐབས་བོད་པའི་བུ་གུ་ཚོས་སྐད་ཅོར་རྒྱབ་སྟེ་་ཝེ་རྒྱ་མི། ང་ཚོ་བོད་པ་ལ་ག་རེ་བྱས་ནས་རྡུང་གི་ཡོད་་ཅེས་དང་། གྲྭ་བ་ཤིག་རང་ལུས་མེར་སྲེག་གིས་གྲོངས་སོང་བར་འཁྲབ་སྟོན་པ་རྣམས་མྱ་ངན་གྱིས་དངོས་སུ་ངུ་བཞིན་ཡོད་པ་མ་ཟད། ལྟད་མོ་བ་རྣམས་ཀྱིས་ཀྱང་ངུ་ངག་གིས་བཞིན་གདོང་ཀླན་པར་གྱུར་བ་སོགས་ཀྱིས་ཉིན་གཉིས་པའི་མཛད་རིམ་གྲོལ།

ཚེས་གསུམ་པའི་དགོང་དྲོ་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྟེང་གཞོན་ནུ་ཚོགས་པས་སྣེ་ཁྲིད་དེ་ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭའི་དཔེ་མཛོད་ཀྱི་མདུན་ཐང་ནས་མར་མེ་ཁྲོམ་སྐོར་གྱི་མགོ་ཚུགས་ཏེ་བྱང་ཆུབ་སེམས་མཆོག་མ་ངག་ལ་གྱེར་བཞིན་ཁྲོམ་གཞུང་རྒྱུད་མངའ་སྡེའི་གྲོས་ཚོགས་ཁང་གི་མཐའ་བསྐོར་རྗེས་མི་མང་རྣམས་ཕྱིར་དཔེ་མཛོད་ཀྱི་མདུན་ཐང་དུ་འབྱོར་མཚམས་གཞོན་ནུ་ཚོགས་གཙོ་མགོན་པོ་ལགས་ཀྱིས་བཀའ་སློབ་དང་བཅས་ཉིན་ཆུ་འབྲུག་ལོའི་བོད་དོན་ལས་འགུལ་འདི་ལྟར་མགོ་བརྩམས་སོང་།།

གནས་ཚུལ་མཁོ་གཏོང་བ་གཅན་ཡེ་རྒྱམ།

གསར་འགྱུར།

Post navigation

Previous Post: ཟས་བཅད་ངོ་རྒོལ་བ་རྣམ་པའི་གཟུགས་པོ་སྐྱོ་རུ་འགྲོ་བཞིན་འདུག
Next Post: བཙན་བྱོལ་བོད་གཞུང་གི་བཀའ་ཤག་གསར་པ་འགོ་བཙུགས་ནས་ཉིན་བརྒྱ་ཐམ་པ་འཁོར་བར་རྟོག་ཞིབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme