Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝཱར་ཎའི་ལས་འགུལ་དང་འབྲེལ་བའི་དཔྱད་གཏམ། ཨ་རིག་དགེ་མཐོང་།

Posted on 2012-12-112012-12-11 By ཁ་བརྡ་ 9 Comments on ཝཱར་ཎའི་ལས་འགུལ་དང་འབྲེལ་བའི་དཔྱད་གཏམ། ཨ་རིག་དགེ་མཐོང་།

སྤྱི་ལོ་༢༠༡༢་ལོའི་ཟླ་༡༢་ཚེས་༡༠་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་མགོན་སྐྱབས་དམ་པ། འཛམ་གླིང་ཞི་བདེའི་དེད་དཔོན་ཁོང་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་བཀྲ་ཤིས་དོན་འགྲུབ་ཀྱི་ཉི་བཟང་ཡིན་པ་མགོ་ནག་བོད་མི་ཀུན་གྱིས་ཤེས་གསལ་རེད། ཉིན་འདི་ལ་མཚོན་ན་བོད་མི་ཚོས་བསང་གསོལ་དང་སྤྲོ་གསེང་གཏོང་བ་ལྟ་བུའི་འགྲོ་སྟངས་ཤིག་ཆགས་ཡོད་ལ། ལྷག་པར་ཕྱི་རྒྱལ་ཡུལ་གྲུ་གང་སར་བཞུགས་པའི་བོད་རིགས་ཚོས་དུས་ཚོད་འདི་ཉིད་དམ་འཛིན་གྱིས་སོ་སོའི་ཁམས་དང་བསྟུན་ཏེ་སྤྲོ་སྐྱིད་གཏོང་ངེས་རེད། ཡིན་ནའང་ད་ལོ་བོད་ནང་དུ་རང་བསྲེགས་ལས་འགུལ་བསྟུད་མར་བྱུང་བ་ལ་བརྟེན་༼བཅའ་ཁྲིམས་༥༩་པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་༢་པའི་སྐབས་གྲོས་ཆོད་ནང་གསལ་ཉིན་བརྒྱ་དུས་གཅིག་ལ་དབུས་ས་གཉིས་ནས་བོད་དོན་ལས་འགུལ་སྤེལ་རྒྱུའི་གྲོས་ཆོད་ཟིན་པ་ལྟར་རྒྱལ་ས་གཉིས་པ་ངྷ་ས་གཙོས་ཤར་ནུབ་ཀྱི་རྒྱལ་ཁབ་ཀུན་ཏུ་བོད་རིགས་ཅི་མཆིས་ཀྱིས་སོ་སོའི་ས་ནས་ལས་འགུལ་སྤེལ་ཡོད་པ་ནི་བཤད་མི་དགོས་པའི་གནས་སུ་སེམས། དེ་བཞིན་འདིར་ཝཱ་ར་ཎ་སཱིར་མཚོན་ན་ཡང་ས་གནས་རང་བདེན་ཚོགས་ཆུང་།ཧིན་བོད་མཛའ་འབྲེལ་ཚོགས་པ། དེ་བཞིན་ས་གནས་བོད་མི་སུད་ཚོང་མཐུན་ཚོགས་བཅས་ཀྱིས་གོ་བསྒྲིགས་འོག་རིས་མེད་ཀྱི་བླ་ཆེན་སྐུ་མགྲོན་གཙོ་བོ། ཧིན་རྡུའི་བླ་མ་ཨ་བི་ནུཀྟེ་ཤ་བ་ར་ནནྡ་མཆོག་གི་འཐུས་ཚབ་སྭ་མི་ཛྙཱ་སྭ་རུབ། ཁ་ཆེའི་བླ་ཆེན་ཨི་མམ་མུ་ཕཏི་མཆོག་གི་འཐུས་ཚབ་མུ་ལ་ན་ཨབ་ཛལ་ར་ཇ།   ཡི་ཤེས་ཆོས་ལུགས་ཀྱི་བླ་ཆེན་ཕ་ངྷར་ཙནྡྲ་ཀནྟ།   འཕགས་པ་གནས་བརྟན་སྡེ་བའི་Mahabodhi Soccety of India འཐུས་ཚབ་དགེ་འདུན་པ་གསུམ། ལྷག་པར་ལྡི་ལི་ཁྲིམས་ཁང་ཆེན་མོའི་ཁྲིམས་རྩོད་པ་ཏུལ་སི་མཆོག་འདིར་ཕེབས་པ་མ་ཟད། ས་གནས་འདི་ནས་བཟུང་སྟེ་མུཁ་ཏེཤ་Jarkhand State་བར་གོམ་བགྲོད་གནང་རྒྱུ་ཡིན་པ་དང་། ཉིས་༢༠༡༡་ལོར་རྡོ་རྗེ་གདན་ནས་མོན་རྟ་དབང་བར་དུ་བགྲོད་གནང་མཁན་ཞིག་དང་།འདི་གའི་བོད་ཀྱི་དགོན་སྡེ་ཁག་དང་མཐོ་སློབ་ཁག་གཉིས་གཙོས་ཆོས་ལུགས་རིས་མེད་ཀྱིས་སྨོན་ལམ་བཏོན་པའི་རྗེས་དགེ་འདུན་པའི་སྣེ་འཁྲིད་དེ་ཝཱ་ར་ཎ་སཱིའི་རྒྱལ་ས་རུ་གནས་བཅས་པའི་བོད་པའི་ཚོང་ར་ལྷ་ས་ཁྲོ་ར་(Lhasa Market, Baniya) ་ནས་ཆུ་བོ་གངྒཱའི་བར་དུ་མར་མེ་ཁྲོམ་བསྐོར་གནང་བ་དང་། གངྒཱའི་འགྲམ་ནས་སྐྱ་སེར་ཚང་མ་ལྷན་འཛོམས་ཀྱིས་བསྔོ་བ་སྨོན་ལམ་གང་འཚམ་ཞིག་གསུངས་རྗེས་ཕྱིར་ལྷ་ས་ཁྲོམ་རར་ཕེབས་ཏེ་དགོང་མོའི་གསོལ་ཚིགས་ལ་རོལ།

 

དཔྱད་གཏམ་དངོས།

སྤྱིར་བཏང་གོང་དུ་ཝཱར་ཎར་ལས་འགུལ་ཅི་སྤེལ་སྐོར་ཞུས་ཟིན་པ་དེ་ལས་ལྷག་ཅིག་འདིར་འགྲེལ་བཤད་བརྒྱབ་ན་བསྐྱར་ཟློས་སུ་འགྱུར་ངེས་པས་ངལ་བ་མི་བརྟེན། ཁོ་བོ་ལ་མཚོན་ན་བོད་གཞུང་དང་།གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ལས་འགུལ་ཅི་སྤེལ་ལ་གནས་གང་ཞིག་ཏུ་རང་ཉིད་ཡོད་ན་མཉམ་ཞུགས་བྱེད་ཀྱིན་ཡོད་ལ།བྱེད་དགོས་པ་ནི་འགན་འཁྲི་ལྟ་བུ་ཞིག་ཏུ་གྲུབ།འོན་ཀྱང་མཉམ་ཞུགས་བྱས་པ་ཙམ་མིན་པར་རང་ཉིད་ཀྱི་ཚོད་ཀྱིས་བློ་དང་རིག་པ་བེད་སྤྱོད་དེ་སྐབས་དེའི་ལས་འགུལ་སྤེལ་སྟངས་དང་།རྗེས་སུ་ཕར་སོང་ནས་ཡང་གྲུབ་འབྲས་གང་བྱུང་བཅས་ལ་དཔྱད་ཁུལ་བྱས།གཙོ་ཆེ་བ་ཁོ་བོ་ལྷོ་ཕྱོགས་སུ་ཡོད་པའི་གདན་ས་དང་དེ་གའི་གཞིས་ཆགས།  དེ་བཞིན་ལྡི་ལི་དང་ངྷ་ས་སོགས་ནས་ཀྱང་མཉམ་ཞུགས་བྱས་ཡིན། དེ་དག་ཡོངས་ལ་བསམ་གཞིག་བཏང་སྟེ་དེ་རིང་འདིར་སྐད་ཆ་ཁག་ཅིག་བརྗོད་འདོད་བྱུང་།

ཝཱར་ཎ་དང་ས་གནས་གཞན་བསྡུར་ཏེ་བལྟས་པ།

དཔེར་ན། ལྷོ་ཕྱོགས་སྦེལ་ཀོབ་ལྟ་བུར་ཆགས་བཞག་ན་གཞུང་སྒེར་གང་ཞིག་གི་གོ་བསྒྲིག་འོག་ལས་འགུལ་ཅི་ཞིག་སྤེལ་ན། ཐག་རིང་ས་བྷང་ལོར་དང་མེེ་སོར།ཐག་ཉེ་ས་གྲོང་སྡེ་དང་དགོན་པའི་གཡས་གཡན་ཙམ། ཐག་རིང་ས་དེ་གཉིས་ནས་ལས་འགུལ་སྤེལ་ཚེ་ཏོག་ཙམ་ཁྱབ་བསྒྲགས་ཀྱི་ནུས་པ་ཡོད། ཐག་ཉེ་ས་ནས་ལས་འགུལ་སྤེལ་སྐབས་ཕལ་ཆེར་དགེ་བ་དང་སེམས་ཤུགས་ལས་གཞན་བོད་དོན་དྲིལ་བསྒྲགས་ཀྱི་ཕྱོགས་ནས་སྐལ་མེད། དེ་བཞིན་ངྷ་སར་མཚོན་ན་མེག་ལོར་ནས་མར་གྲོང་བ་ཆུང་ཆུང་ཞིག་ཡོད་པ་དེའི་བར་དུ་གོམ་བགྲོད་བྱེད་པ་དང་མང་ཆེ་བ་ཐེག་ཆེན་གཙུག་ལག་ཁང་དུ་ངེས། འོན་ཀྱང་༸་གོང་ས་མཆོག་དང་བོད་གཞུང་དེར་ཡོད་པས་ནུས་པ་འདོན་པའི་ལམ་ཁ་ཤིན་ཏུ་ཡངས་ཏེ་ཤར་ནུབ་ཀྱི་མི་རིགས་འདྲ་མིན་སྣ་ཚོགས་ཡོད་པས་དྲིལ་བསྒྲགས་ཐད་ནས་ཧ་ཅང་བཟང་བའི་ཕྱིར། ལྡི་ལི་ཕལ་ཆེ་བ་ལས་འགུལ་སྤེལ་ས་ཅན་དཱར་མཱན་དཱར་དུ་ངེས་ལ། ས་གནས་དེར་རྒྱ་གར་ལས་གཞན་གྱིས་མཐོང་དཀོན་ལ། མཐོང་བ་དེ་ཡང་དགོས་པ་ཅི་ཕྱིར་འདིར་འཛོམས་པ་ཕལ་ཆེ་བས་ཤེས་ཀྱིན་མེད། ཝཱར་ཎའི་ལས་འགུལ་སྤེལ་ས་དུས་རྒྱུན་གང་ཡིན་ཁོ་བོ་ལ་རྒྱུས་མེད། འོན་ཀྱང་ད་ཐེངས་སྤེལ་ས་གོང་དུ་ཞུས་པ་དེ་ག་རང་ཡིན། དེར་རྒྱ་གར་བཤད་མི་དགོས་པར་མང་བ་དང་། དེ་ལས་གཞན་ཆུ་བོ་གངྒཱའི་འགྲམ་དུ་མི་རིགས་གཞན་གྱི་ཡུལ་སྐོར་བ་ཧ་ཅང་མང་བ་དེ་འདྲ་རེད།

མི་གྲངས་ཀྱི་མང་ཉུང་གི་ཁྱད་པར།

མི་གྲངས་ཀྱི་མང་ཉུང་བཤད་ན་གདན་ས་དང་ངྷ་ས་ལ་གཞན་གཉིས་བསྡུར་ཐབས་མེད།  དེ་ནི་རྒྱ་གར་ནང་སྡོད་མྱོང་མཁན་ཞིག་ལ་མཚོན་ན་མིག་བཙུམ་ན་ཡིད་ལ་འཆར་བ་འདྲ་རེད། ཡིན་ནའང་རགས་བསྡུས་ཤིག་ཞུས་ན་གདན་ས་ནས་བོད་གཞུང་འབྲེལ་ལས་འགུལ་ཁག་ལ་ཞུགས་མཁན་ཧ་ཅང་མང་ལ། ཚོགས་སྡེ་དག་ལ་དེ་ཙམ་མེད། དེ་ནི་དགོན་སྡེའི་མི་སྣ་དག་མ་འགྲིག་པ་ཡིན་མིན་སོགས་བདག་གི་དེ་རིང་གི་བརྗོད་བྱ་མིན། དེ་ལས་གཞན་གཞིས་ཆགས་ལ་མཚོན་ན་ཚོགས་འདུ་དང་བགྲོ་གླེང་། ལས་འགུལ་ཅི་སྤེལ་ཕལ་ཆེ་བ་རྒས་འཁོགས་ཀྱི་ཤུགས་ཆེ་བ་ལས་གཞོན་སྐྱེས་ཚོར་དེ་ཙམ་ཚོར་བ་མེད། དེའི་རྒྱུ་མཚན་ཡང་གླེང་དགོས་པ་སྐབས་སུ་མ་བབ་པས་བཏང་སྙོམས་སུ་འཇོག ལྡི་ལི་དང་ངྷ་ས་ལ་མཚོན་ན་མི་སྐྱ་ཤུགས་ཆེ་བ་དང་། དེར་ལས་འགུལ་སྤེལ་སྐས་རྟག་པར་ཡོང་མཁན་རེ་ཟུང་ཞིག་ཡོད་པ་ལས་གཞན་རྒྱུ་ཆེན་དང་། ཁ་རྒྱགས་བཤད་མཁན། ལྷག་བསམ་ཆེ་མདོག་སྟོན་ནི་ཚོ་དེ་ཙམ་མཐོང་རྒྱུ་དཀོན་ལ། སྐུ་ངོའི་ཚོགས་ཀྱང་ལས་འགུལ་ལ་ཞུགས་པར་ས་བཅད་མ་སྟོང་ཙམ་ཡིན། གཙོ་ཆེ་བ་ལབ་པ་མ་གཏོགས་མཐའ་གཅིག་ཏུ་ངེས་པའོ་ཞེས་ངས་གླེང་གིན་མེད།

ཝཱར་ཎར་མཚོན་ན་སློབ་གྲྭ་དང་དགོན་པ་གང་རུང་དུ་ཕལ་ཆེར་འདུ་བར་ངེས་པས་ལས་འགུལ་ཅི་སྤེལ་ལ་མཉམ་ཞུགས་མཁན་སུད་ཚོང་ཚོ་ལས་གཞན་དམིགས་བསལ་གྱི་མང་ཚོགས་ཟེར་ནས་མིག་གིས་ལྟ་ས་མེད་ལ་རྣ་བས་ཉན་ས་ཡང་མེད། འོན་ཀྱང་ལས་འགུལ་སྤེལ་སྐབས་ཚང་མས་འགྲིག་རང་འཁུར་བྱེད་ཀྱིན་པའི་ཚོར་སྣང་ཞིག་བྱུང་། ད་དུང་ཁོ་བོ་རྒྱུན་རིང་སོང་མེད་པས་ས་འདིའི་བཟང་ངན་བརྗོད་རྒྱུ་སྔ་མི་ཉན་བསམ།

ལས་འགུལ་གྱི་ནུས་ཤུགས་ཀྱི་ཆ་ནས།

ནུས་ཤུགས་ཀྱི་ཆ་ནས། སྔོན་མ་གཞོན་ནུ་ལྷན་ཚོགས་ཀྱི་གོ་བསྒྲིགས་འོག་མི་མང་མདུན་སྐྱོད་ཆེན་མོ་ཞེས་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་བ་རེད། འོན་ཀྱང་མི་མང་འཛོམས་པ་དེ་ནི་རིགས་ཞེན་དང་སེམས་ཤུགས་ལྷག་བསམ་ཡོད་པ་བཅས་མཚོན་པ་ལས་གཞན་ཁྱབ་རྒྱ་དེ་ཙམ་མ་སོང་བ་དེ་རྒྱ་གར་གྱི་གསར་ཤོག་དང་བརྙན་རླུང་འཕྲིན་ལས་ལ་བལྟས་ན་ཤེས་སླ་ལ། གཙོ་བོ་སྐབས་དེར་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་དུ་གསར་འགྱུར་གལ་ཆེན་གཞན་ཞིག་ཐོན་པས་རེད་ལ། དེ་ནི་བོད་ལ་ལམ་འགྲོ་མེད་པས་ལབ་ན་སྟབས་མི་བདེ་ཡང་གང་ལྟར་དེ་འདྲ་ཞིག་ཆགས་སོང་། སྐབས་དེའི་ལས་འགུལ་གྱི་ངོ་བོ་ནི་ཟས་བཅད་ངོ་རྒོལ་དང་ཞལ་འདོན་མང་བོ་བསྐྱོར་བ་དེ་རེད། དེ་ལས་གཞན་གྷོ་ལས་སྒར་གྱི་བོད་མི་ཞིག་གིས་རྐང་བ་མེ་བསྲེགས་པའོ།།

དེའི་རྗེས་སུ་བཀའ་སྤྱིས་གོ་བསྒྲིགས་འོག་ལྡི་ལིར་མི་མང་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་བ་རེད། ཞལ་འདོན་ནི་གཞོན་ནུ་དང་མཚུངས་པས་བཤད་མི་དགོས་ལ། ཡང་འཛམ་གླིང་གི་གསར་འགྱུར་བརྒྱུད་ཁག་ཏུ་གསར་འགྱུར་གལ་ཆེན་ཞིག་ཐོན་པ་ཡང་གཞོན་ནུ་དང་འདྲ་བས་ལམ་འགྲོ་ཟེར་དགོས་མིན་དཔྱོད། འོན་ཀྱང་མི་འདྲ་ས་ནི། བཀའ་སྤྱིས་ལས་འགུལ་སྤེལ་སྐབས་མི་གྲངས་ནི་ཚོད་བཟུང་ཡོད་པས་སྔོན་མའི་གཞོན་ནུའི་སྐབས་དང་བསྡུར་ཐབས་མེད། བཀའ་སྤྱིའི་ངོས་ནས་གཞོན་ནུ་དང་མ་འདྲ་བའི་ལས་འགུལ་ནི་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་ཟུར་བ། ད་དུང་བླ་ཆེན་ཁག ཤེས་ལྡན་མི་སྣ་དང་བོད་དོན་རྒྱབ་སྐྱོར་པ། གསར་འགྱུར་བརྒྱུད་ལམ་ཁག་ཅིག་གི་མི་སྣ་གལ་ཆེན་བཅས་ཁྱོན་མི་གྲངས་བཞི་བཅུ་ལྷག་ལ་གཏམ་བཤད་ཀྱི་གོ་སྐབས་བསྐྲུན་པ་རེད་ལ། དེའི་རྒྱུ་མཚན་གྱིས་རྒྱ་གར་གྱི་ཚགས་པར་བརྙན་རླུང་འཕྲིན་བཅས་སུ་སླེབས་པ་རེད། དེ་ང་རང་ལ་མཚོན་ན་བོད་དོན་དྲིལ་བསྒྲགས་ཕྱོགས་ནས་ཧ་ཅང་བཟང་པར་སྙམ། དེའི་ཞོར་ཏུ་བསྔོ་བ་སྨོན་ལམ་བཏོན་པ་ཡག་ཐོག་ཡག་བཞག་ཏུ་གྱུར། དེ་མིན་ཞལ་འདོན་རྐྱང་རྐྱང་བྱས་ནས་བསྡད་ན་ཕ་རོལ་ཚོས་བོད་པ་ཚོས་ཆོས་སྒྲུབ་བཞིན་པ་འདྲ་སྙམ་པ་ལས་དེའི་ཕན་གྱི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་ཤེས་དཀའ། གལ་སྲིད་ཆོས་ལས་སྲིད་ལ་དེ་ཙམ་འབྲེལ་བ་མི་དགོས་ཚེ་ཞལ་འདོན་ནི་ལྷིང་འཇགས་དང་མཐུན་རྐྱེན་འཛོམས་པའི་ལྷོ་ཕྱོགས་ཀྱི་གདན་ས་དང་གཞིས་ཆགས་ནས་སྤེལ་ན་དགེ་མཚན་དེ་ལ་མང་། ངས་ཞལ་འདོན་མི་དགོས་ཟེར་བ་མིན་པར་ཞལ་འདོན་ཨང་གཉིས་པ་དང་བོད་དོན་དྲིལ་བསྒྲགས་འདི་ཨང་དང་པོར་འཛིན་རོགས་ཞུ་གི་ཡོད།

མཐའ་དོན།

སྤྱིར་བཏང་ལྷོ་ཕྱོགས་ཀྱི་དགོན་གྲོང་གི་ལས་འགུལ་ཅི་སྤེལ་བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་གི་ཡོད། དེ་ནི་དེར་ས་གནས་གསར་འགོད་པ་ཡོད་པ་དང་དྲ་ལམ་དུ་རྩོམ་ཡིག་སྤེལ་མཁན་མང་བས་རེད། འོན་ཀྱང་ཝཱར་ཎར་ལྟ་བུ་ལ་མཚོན་ན་ལས་འགུལ་གང་སྤེལ་ཕལ་ཆེར་བོད་ཀྱི་དྲ་ལམ་དང་གསར་འགྱུར་བརྒྱུད་ལམ་དུ་ཐོན་གི་མེད། དེ་ནི་སྟོང་ཆ་ཞིག་ཏུ་ཚོར། རྒྱུ་མཚན། མི་གྲངས་ཉུང་བ་བདེན་པར་ངེས་ཀྱང་ལས་འགུལ་སྤེལ་བ་དེ་ས་གནས་གཞན་དག་བསྡུར་ཐབས་མེད་དེ། འདིར་ས་གནས་རང་བདེན་ཚོགས་ཆུང་གི་མི་སྣ་ཝཱར་ཎའི་དགེ་སློབ་རྐྱང་རྐྱང་དང་། དེ་དག་ལ་མཚོན་ན་སྐད་ཡིག་ཧིན་རྡུའི་སྐད་དང་ལེགས་སྦྱར་སྐད་སྟེང་འགྲེལ་བཤད་གནང་བ་ཙམ་མ་ཟད་ཚད་མཐོ་པོ་རེད། ཝཱར་ཎ་ལས་གཞན་ཕྱི་རྒྱལ་གྱི་ས་གནས་འགའ་རེ་ནུས་ཤུགས་པའི་ལས་འགུལ་རླབས་ཆེན་སྤེལ་མཁན་དན་དན་ཡོད་རེད། དེ་ཡིན་དུས་ང་ཚོས་དུས་རྒྱུན་ལས་འགུལ་སྤེལ་སྐབས་ས་གནས་ཆུང་ཆུང་རེད་བསམ་སྟེ་སྣང་མེད་དུ་འཇོག་མི་རུང་བར་ཕྱོགས་ཡོངས་ལ་གཞིག་སྟེ་གང་ཞིག་ཏུ་ནུས་པ་ལྡན་པའི་ལས་འགུལ་ཅིག་སྤེལ་གི་འདུག་ཅེས་བསམ་བློ་གཏོང་རྒྱུ་ནི་བོད་གཞུང་དང་སྒེར་ཚོགས། དེ་བཞིན་གསར་འགོད་པ་ཚོ་དང་སྨྱུག་འཛིན་པ་ཚོའི་འོས་འགན་ཞིག་ཏུ་མཐོང་། དེ་རིང་དེ་ཙམ་གྱིས་འཐུས་པར་གྱིས།

ལས་འགུལ་སྐབས་ཀྱི་རྒྱ་གར་གྱི་དགེ་སློང་ཁ་ཤས་དང་སྣང་གསལ་མཆོད་མེད།

ལས་འགུལ་དངོས་ཀྱི་སྐབས།

ལས་འགུལ་སྐབས་ཀྱི་སྐུ་མགྲོན།

གསར་འགྱུར།

Post navigation

Previous Post: ཨ་ཁ་ཁ་་་་་ངའི་སྡེ་བ་ཚར་ཐལ་་་་་ཚར་ཐལ་་་་་མེ་་་་་མེ་་་་་མེ་་་་།
Next Post: རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་བལ་ཡུལ་ཁྲི་བརྟན་ནོར་རྩེ་ལ་ཚོགས་པའི་གནས་བསྡུས།

Comments (9) on “ཝཱར་ཎའི་ལས་འགུལ་དང་འབྲེལ་བའི་དཔྱད་གཏམ། ཨ་རིག་དགེ་མཐོང་།”

  1. ཨ་རིག་དགེ་མཐོང་གིས། says:
    2012-12-11 at 7:19 am

    དྲ་བ་དོ་དམ་པས་བདག་གི་བསམ་འཆར་དྲ་བར་བཀོད་པས་དགའ་ཡོད། འོན་ཀྱང་བདག་གི་འདིའི་ཁ་བྱང་ལ་ཝཱར་ཎའི་ལས་འགུལ་དང་འབྲེལ་པའི་དཔྱད་གཏམ་ཞེས་པ་ཏོག་ཙམ་ཐལ་དྲགས་འདུག་པས་གཏམ་ཞེས་བཅོས་ཏེ་ཀུན་གྱིས་བསམ་འཆར་བརྗོད་གཞི་དང་འབྲེལ་བར་གླེང་རྒྱུ་རེ་བ་ཆེ།

  2. བསྟན་འཛིན། says:
    2012-12-11 at 10:05 am

    དགེ་མཐོང་ལགས་ཀྱིས་དཔྱད་གཏམ་གནང་བར་དགའ་བསུ་ཡོད། ང་དེ་སྔ་ཝྭར་ཎར་སྡོད་མྱོང་ལ། ས་གནས་ཀྱི་གནས་ཚུལ་ལའང་ཏོག་ཙམ་རྒྱུས་མངའ་ཡོད། མཐོ་སློབ་དེར་རྒྱུད་བསྐུལ་དང་སློབ་ཕྲུག་ཚོར་བོད་དོན་ཐོག་སེམས་ཤུགས་སྤེལ་མཁན་གཙོ་བོ་དེ་བློ་བཟང་ནོར་བུ་ཤསྟྲི་ལགས་རེད། ཁོང་ནི་སེམས་ཤུགས་ཆེ་ལ་སློབ་ཕྲུག་ཚོར་འབྲེལ་བ་ཤུགས་ཆེ། སློབ་ཕྲུག་ཚོ་ཡང་ཁོང་ལ་དགའ། ཁོང་གི་ཤག་ཏུ་ཕྱིན་ནས་ང་རོགས་པ་གནང་རོགས་ཞུས་ན་ཁོང་དང་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་ཁོང་གི་ཁྱེད་རང་ལ་རོགས་པ་གནང་བ་བརྒྱ་ཆ་བརྒྱ་ཐམ་པ་རེད། ཁོང་བཅར་འདྲི་གནང་བཞིན་པའི་སྐུ་པར་དེ་མཇལ་ན་ད་ལྟ་ཁོང་དེ་ཙམ་རྒས་མིན་འདུག་ ད་དུང་སྐུ་ཚེ་རིང་བའི་སྨོན་ལམ་ཡོད། བོད་མི་རིགས་ལ་སེམས་ཤུགས་ཆེ་ལ་ཆེ་འདོད་མེད་པའི་རྒན་ལགས་ཁྱེད་སྐུ་ཚེ་རིང༌། རྒན་ལགས་ཁྱེད་ལ་མ་རྒན་ཞིག་ཡོད་པ་ངས་དྲན་གྱི་འདུག ཁོང་བདེ་མོ་ཨ་ཡིན། མ་རྒན་ཁྱེད་ལ་བུ་ཡག་པོ་ཞིག་འདུག ད་དུང་ང་ཚོ་བོད་པ་ཚང་ལ་ཁྱེད་ཀྱི་བུ་འདྲ་བ་མང་པོ་མཁོ།

  3. ཨ་རིག་དགེ་མཐོང་གིས། says:
    2012-12-11 at 10:53 am

    བསྟན་འཛིན་གྱིས་གསུངས་པ་དེ་ག་རང་རེད།

  4. ཞུས་ཆེན་པ། says:
    2012-12-11 at 5:06 pm

    ཨ་རིག་དགེ་མཐོང་འདིས་སྐབས་རེར་རྩོམ་ཡིག་དོན་ལྡན་རེ་འགོད་ཐུབ་ལ་ད་རེ་རྒད་པོ་རྒན་མོའི་ཉོག་གཏམ་ལྟ་བུ་ཞིག་བཀོད་འདུག་པས་ཀློག་སྤྲོ་བ་ཁྱོན་ནས་མི་འདུག དགོངས་དག དཔར་ཡག་པོ་ཁ་ཤས་རྒྱབ་འདུག དེ་ག་རང་ཡིན་བསམ་ཚུལ་མེད། །

  5. ནོར་བུ་ says:
    2012-12-11 at 5:19 pm

    གྲོས་ཆོད་ནང་གསལ་ཉིན་བརྒྱ་དུས་གཅིག་ལ་དབུས་ས་གཉིས་ནས ཞེས་པའི་ ཉིན་བརྒྱ་དུས་གཅིག་ལ་ཟེར་བ་དེའི་ནང་དོན་གང་ཡིན་ནམ་ ཉི་མ་བརྒྱ་ལ་དུས་ཚོད་གཅིག་གང་འདྲ་ཡོང་ཐུབ་ཀྱི་རེད་དམ་

  6. ཨ་རིག་དགེ་མཐོང་གིས། says:
    2012-12-11 at 8:08 pm

    དེ་ནི་ཁྲིམས་བཟོ་ལྷན་ཁང་ལ་དྲིས་ན་དན་དན་ལན་ལེགས་པོ་སློག་ངེས་རེད།

  7. འཇམ་གཅེས says:
    2012-12-11 at 10:33 pm

    ཨ་དགེ་འདིའི་དེ་རིང་ག་རེ་བཤད་གྱིན་ཡོད་པ་རེད། དང་པོ་ནས་མང་པོ་ཞིག་བཤད་མདོག་མདོག་འདྲ་བཟོས་འདུག་མོད། དོན་དངོས་ཐོག་བབས་སྐབས་འདི་མི་བཤད་ཟེར་ནས་ཡར་འཇོག་པའི་ཟོ་དང་ཡང་འདི་མི་བཤད་ཟེར་ནས་མར་འཇོག་པ་འདྲ་བཟོས་ནས་གང་ལྟ་ཡིག་ཉོག་མང་ཙམ་སྤེལ་འདུག་པ་ལས། ཝྰར་ཎའི་ལས་འགུལ་ལ་ཆ་མཚོན་ན་ལེགས་ཉེས་གཉིས་ཀའི་ཆ་ཡོད་པ་ནི་བཤད་མི་དགོས་པ་རེད་མོད། ཁྱེད་ཀྱིས་ལེགས་པའི་ཆ་མ་གཏོགས་བཤད་མི་དགོས་པ་གང་ཡིན་ནམ། སྤྱི་ཚོགས་ལ་ཕན་པའི་རྣག་ཐོག་གཙག་འཁེལ་བཟོ་མི་དགོས་པ་གང་ཡིན་ནམ། དེ་ལས་སྙན་ངག་འདྲ་བྲིས་དང་ཀློག་འདོད །

  8. ཨ་རིག་དགེ་མཐོང་གིས། says:
    2012-12-12 at 1:07 am

    མིང་འཇམ་གཅེས། དོན་རྩུབ་མོ། ཁྱེད་ཀྱི་འདོད་སྐོང་ཨེ་ཐུབ་ཀྱི་ཕྱོགས་སུ་འབད་ངེས་ཡིན།

  9. འཆི་བདག་ says:
    2012-12-12 at 10:42 pm

    ངོ་མ་དེ་སྐད་ཆ་དྲང་པོ་རེད། དེ་འདྲའི་ངང་ནས་ཝཱཎའི་ལས་འགུལ་གྱི་གནས་ཙུལ་དུ་མ་ཞིག་གྲགས་མེད་རང་འཐེམ་དུ་སོང་ཡོད་པ་རེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme