Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝན་ཅ་པོ་ལ་ལྷམ་གྱིས་གཞུས་པ། (དུས་བབ་ནས་བཤུས)

Posted on 2009-02-032009-02-03 By དགེ་རབ་ 4 Comments on ཝན་ཅ་པོ་ལ་ལྷམ་གྱིས་གཞུས་པ། (དུས་བབ་ནས་བཤུས)

རྒྱ་ནག་གི་སྲིད་བློན་ཝན་ཅ་པོ་ཡིས་དབྱིན་ལན་གྱི་སློབ་གྲྭ་ཆེན་མོ་ཞིག་ཏུ་འཛམ་གླིང་དཔལ་འབྱོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་སྐབས། མི་ཞིག་གིས་ལྷམ་གཞུས་ནས་ངོ་རྒོལ་བྱས་ཡོད་འདུག

ཚེས་ ༡ ནས་ཉིན་གསུམ་རིང་ལ་རྒྱ་ནག་གི་སྲིད་བློན་ཝན་ཅ་པོ་དབྱིན་ལན་དུ་ཚོང་འབྲེལ་གྱི་ལྟ་སྐོར་ལ་ཡོང་ཡོད་པ་དང༌། ཚེས་ ༢ ཉིན་དབྱིན་ལན་གྱི་ Cambridge University ཞེས་པའི་གཙུག་ལག་སློབ་གྲྭ་ཆེན་མོ་དེར་འཛམ་གླིང་དཔལ་འབྱོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་སྐབས། ཚོགས་ཁང་ནང་མི་ཞིག་གིས་ཝན་ཅ་པོ་ལ་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་པ་དང༌། གཏམ་བཤད་མགོ་བཙུགས་མ་ཐག་ངོ་རྒོལ་བྱེད་མཁན་མི་དེས། ༼སློབ་གྲྭ་ཆེན་མོ་འདིས་སྲིད་དབང་སྒེར་གཅོད་པ་འདི་དང་མཉམ་དུ་རང་ཉིད་བཙོང་དགོས་པ་རེད་དམ། ཁོས་བཤད་པའི་རྫུན་གཏམ་ལ་ང་ཚོས་གང་འདྲ་བྱེད་ནས་ཉན་དགོས་སམ།༽ ཞེས་པའི་དྲི་བ་འདི་གཉིས་སྐད་ཤུགས་ཆེན་པོས་བརྗོད་པས། གཏམ་བཤད་རེ་ཞིག་མཚམས་འཇོག་དགོས་བྱུང་བ་དང༌། ལྷིང་འཇགས་སུ་ཡོད་པའི་ཚོགས་རྭའི་ཁྲོད་མི་རྣམས་ཀྱིས་གསལ་བོར་ཐོས་ཡོད་འདུག དེ་བཞིན་ཁོང་གིས་རང་གི་ལྷམ་ཡ་གཅིག་སྲིད་བློན་ཝན་ཅ་པོ་ཡི་ཕྱོགས་སུ་གཡུག་ཡོད་པ་དང༌། ལྷམ་དེ་ཝན་ཅ་པོ་དང་བར་ཐག་མི་ཊར་ ༡ ཙམ་གྱི་མཚམས་སུ་གཡུག་ཐུབ་ཡོད་འདུག མཐར་མི་དེ་ཚོགས་རྭ་ནས་ཕྱིར་ཁྲིད་ཡོད་པ་དང༌། ཉེན་རྟོག་པས་གསར་ལམ་ཁག་ལ་མི་དེའི་མིང་བཏོན་མེད་ལ། མི་དེ་མི་མང་ལ་བརྡབ་གསིག་བཟོས་པའི་་ནེས་མིང་འོག་ཕྱི་ཚེས་ ༡༠ ཉིན་ཁྲིམས་ཁང་ལ་བཅར་དགོས་ཀྱི་ཡོད་ཚུལ་གསར་ལམ་ཁག་ལ་སྤེལ་ཡོད་པ་རེད།

དེ་བཞིན་ཚེས་ ༡ ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༡༠༠ ལྷག་གིས་དབྱིན་ལན་དུ་ཡོད་པའི་རྒྱ་ནག་དོན་གཅོད་ཁང་གི་ཕྱི་རུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། སྐད་འབོད་བྱེད་མཁན་མི་ ༥ ཉེན་རྟོག་པས་འཇུ་བཟུང་བྱས་ཀྱང་ད་ལྟ་གློད་གྲོལ་ཐོབ་ཡོད་འདུག

ལོསྔོན་མའི་ཟླ་ ༡༢ པའི་ནང་སྐབས་དེའི་ཨ་རིའི་སྲིད་འཛིན་བྷུ་ཤུ་མཆོག་ཨི་རག་ཏུ་མཐའ་མའི་གཟིགས་སྐོར་ལ་ཕེབས་སྐབས། ཨི་རག་གསར་འགོད་པ་ཞིག་གིས་ལྷམ་གཞུས་པའི་གནས་ཚུལ་བྱུང་ཡོད་པ་དང༌། གསར་ལམ་ཁག་ནས། ལྷམ་གཞུས་ནས་ངོ་རྒོལ་བྱེད་པ་འདི་ནི་ངོ་རྒོལ་བྱེད་སྟངས་གསར་བ་ཞིག་ཡིན་པ་དང་མ་འོངས་པར་རྒྱ་ཁྱབ་དུ་འགྲོ་ངེས་ཚུལ་བརྗོད་ཀྱིན་ཡོད་འདུག

གསར་འགྱུར།

Post navigation

Previous Post: གསོ་རིག་གསར་འཕྲིན། ༢༠༠༨ དབྱར་ཁའི་འདོན་ཐེངས།
Next Post: བུད་མེད་ཀྱི་གནས་བབ་དང་ལས་དབང་གླེང་བ།

Comments (4) on “ཝན་ཅ་པོ་ལ་ལྷམ་གྱིས་གཞུས་པ། (དུས་བབ་ནས་བཤུས)”

  1. ཕོ་རྒོད says:
    2009-02-04 at 2:42 am

    ༄༅། ངོ་མ་ཡ་མཚར་བྱུང༌། ཏཱ་ལའི་བླ་མའི་ཡིག་ནོར་ཞེས་པའི་ནང་ཁུལ་གྱི་སྐྱོན་བརྗོད་བྱ་སྐབས་ང་ཚོའི་ཕོ་རྒོད་དེ་ཚོ་དེ་འདྲའི་རྒོད་པ་ལ་ཨང༌། གཅིག་ཞོར་གཉིས་ཞོར་གྱི་ང་ཚོའི་ལུང་ཚན་གྱི་མི་ལ་ཡོད་རབས་དང༌། ང་ཚོའི་ལུང་ཚན་གྱིས་འཇོན་རབས་བཤད་དེ་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ངུ་འདིའི་ནང་ཡོད་རབས་རྐྱང་རྐྱང་བཤད་དེ་སྡོད་ཅིང༌། ལས་ཅི་ལས་པ་ཐམས་ཅད་ལུང་ཚན་གཅིག་གི་འཇོན་རབས་ཁོ་ན་བཤད་དེ་ཆུན་པོའི་དམ་ཚིག་ལ་ཕྱོགས་ཞེན་གྱི་ལྷད་བཏང་སྟེ་སྐབས་འཚོལ་རིང་ལུགས་པའི་མི་སྣ་ཁ་ཤས་ཤིག་གིས་རྗེས་སུ་རྒྱུགས་ཏེ་ག་དུས་ཡིན་ནའང་ལུང་ཚན་གཅིག་གི་འཇོན་རབས་ཁོ་ན་བཤད་དེ་ཁ་བྲལ་གྱི་བྱ་བ་དངོས་སུ་བརྩམས་ཀྱི་ཡོད། ད་ལྟོས་དང༌། རྒྱ་དཔོན་ཝན་ཅཱ་བའོ་ལ་ངོ་རྒོལ་བས་མི་འདོད་པའི་རྐང་ལྷམ་འཕངས་པའི་གནས་ཚུལ་དེར་བསམ་ཚུལ་ཙམ་ཡང་བཏོན་མ་ཕོད་པར་སྟོང་རྐྱང་དུ་འཇོག་ནུས་པ་ནི་འཇོན་རབས་པ་ཁྱོད་ཚོ་རྒྱ་དགའ་དེ་འདྲ་ཆགས་པ་ངོ་མ་ཡ་མཚན་རེད། ངོ་ཚ་དང་ལ་རྒྱ་ངོ་མ་མེད་པའི་ཕོ་རྒོད་དགོས་པའི་ཐང་དུ་རྒྱུགས་རྒྱུ་མེད་པའི་བོང་བུ་རྟ་རུ་བརྫུས་པའི་ཕོ་རྒོད་ཚོ་ད་ཁྱོད་ཀྱི་གདོང་རིས་ངོ་མ་དེ་ལ་ལྟོས་དང༌། ཡ་མཚན་བྱུང༌། ཁྱེད་ཚོར་དེ་འདྲའི་ཞེན་ཁོག་ཞིག་བསྡད་པ་ཡ་མཚན་རེད།། ངོ་ཚ། ཡ་ང༌། འཇབ་ཆུང་ང་ཀྱས།། །།

  2. ཟུར་གནས། says:
    2009-02-04 at 3:07 pm

    ཝན་ཅ་སྦའོ་ལ་ལྷམ་ཞུས་པ་དེའི་སྐོར་ལ་གུས་པར་གཤམ་གྱི་བསམ་ཚུལ་ཞུ་རྒྱུ་ཡོད།

    ཤེལ་སྒོའི་ཁང་པའི་ནང་ལ་སྡོད་མཁན་གྱི་མིས། གཞན་ལ་རྡོ་མ་ཞུ་མི་ཉན་ཟེར་བའི་གཏམ་དཔེ་ཞིག་འདུག རྒྱུ་མཚན་ནི། ཁྱེད་རང་ཉིད་ཤེལ་ཁང་ནང་སྡད་ནས། མི་གཞན་ལ་རྡོ་ཞུས་ན། གཞན་གྱིས་ཡང་ཁྱེད་ལ་རྒོལ་ལན་ལ་རྡོ་རྒྱག་གི་རེད། བྱས་ཙང་། གྱོང་གུན་དེ་ཁྱེད་རང་ལ་ཆེ་བ་འབབ་ཀྱི་ཡིན་པའི་དོན་རེད།

    བྱས་ཙང་། ཝན་ཅ་སྦའོ་ཚོགས་འདུའི་ཐོག་གཏམ་བཤད་བྱེད་སྐབས་གཞན་གྱིས་ལྷམ་ཞུས་པ་དེ་ཡ་མཚན་རེད་ཀྱང་། ང་ཚོར་ཡང་ཚོགས་འདུའི་ཐོག་ཡང་སེ་གཏམ་བཤད་གནང་བར་ཕེབས་མཁན་གྱི་དབུ་ཁྲིད་ཤིག་ཡོད། བྱས་ཙང་། རྗེས་མ་རྒྱ་མི་ཚོས་ཁོང་ལ་ཡང་ལྷམ་མ་ཞུས་པའི་ངེས་པ་མེད། བྱས་ཙང་། གལ་ཏེ་ཉིན་ཞིག་རྒྱ་མི་ཞིག་གིས་རྒྱལ་བ་རིན་པོ་ཆེར་ལྷམ་ཞུས་ན་ང་ཚོ་ག་ཚོད་སེམས་སྡུག་ཡོང་གི་མ་རེད་དམ། བྱས་ཙང་དེ་འགོག་ཐབས་ལ་ཐབས་ཤེས་ཨེ་ཡོད།

  3. མགོན་པོ་ཕྱག་གཉིས་པ། says:
    2009-02-04 at 6:58 pm

    རྒྱལ་བ་རིན་པོ་ཆེ་ཡང་ཝུན་ཇ་པོ་ནང་བཞིན་གཅིག་གཅོད་དང་སྲིད་དབང་སྒེར་ལྡེམ་གི་གཞུང་ཞིག་གི་ལས་འགན་ཁུར་ཡོད་ན་ལྷམ་གིས་རྒྱབ་ཡང་མ་འོས་པ་ཅི་ལ་ཡོད།
    ཁོང་ལྟ་བུའི་རླབས་ཆེ་བའི་མི་སྣ་ཞི་བདེའི་དེད་དཔོན་ཆེན་པོ་ཅིག་ལ་རྒྱུ་མཚན་མེད་པར་ལྷམ་གིས་གཞུས་པ་ཡིན་ན་ལྷམ་གཞུ་མཁན་དེའི་བྱས་ཉེས་དང་ངོ་ཚ་རེད། ད་ཐེངས་གི་འདི་དེ་ལས་ལོགས་ཀ་རེད། ལྷམ་གཞུ་ས་དེ་ཝན་ཇ་པོ་མི་སྒེར་ཅིག་ལ་གཞུས་པ་མིན་པར་གཅིག་གཅོད་གི་ངོ་གདོང་ཅིག་ལ་ཞུས་པ་ཡིན་པས་འགྲིགས་འདུག

  4. karchen says:
    2009-02-04 at 8:46 pm

    རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གསར་འགྱུར་འདི་ཐོག་མར་རྣ་ལམ་ལ་སླེབས་དུས།
    ལྷམ་དངོས་སུ་གཞུས་ཡོད་མེད་ས་བལྟ་འདོད་སྐྱེས། འོན་ཀྱང་། མི་དེས་ལྷམ་གཞུས་བ་བརྙན་འཕྲིན་ལས་གསལ་བོ་ཞིག་མཐོང་གི་མི་འདུག
    ངོ་རྒོལ་བྱེད་མཁན་དེ་ཚོགས་ཁང་གི་རྒྱལ་གྲལ་ན་འདུག
    འདི་རུ་དུས་བབ་ནས་བཤུས་ཡིན་ཟེར་བཞིན་ལྷམ་གྱི་འདྲ་པར་ཞིག་ཀྱང་འདུག ལྷམ་འདི་ལྷམ་གཞུ་མཁན་དེའི་ལྷམ་ཀོག་རེད་དམ་མ་རེད།
    དུས་བབ་ཀྱི་སྒང་ན་ལྷམ་ཀོག་དེ་མི་འདུག འདིར་གསལ་བཤད་ཞིག་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme