Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝང་ལི་ཞུང་ལ་ཕུལ་པའི་སྙན་ཞུ།

Posted on 2011-04-03 By ཁ་བརྡ་ 11 Comments on ཝང་ལི་ཞུང་ལ་ཕུལ་པའི་སྙན་ཞུ།

ཤར་ཕྱོགས་ཁུག་རྟ།
༄། ། མཁྱེན་རླབས་མཚུངས་མེད་སྐུ་ཞབས་ཝིང་ལི་ཞུང་དང་འོད་ཟེར་ལྷན་རྒྱས་མཆོག
སྐུ་ཁམས་བཟང་། ཟླ་བ་འདིར་སྐུ་ཉིད་རྡ་རམ་ས་ལར་ཕེབས་ཤིང་༸གོང་ས་མཆོག་ལ་མཇལ་རྗེས་གཞུང་འབྲེལ་མིན་པའི་བོད་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱི་རེ་སྐུལ་བཞིན། བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལྷན་ཁང་ལྷག་པ་ཚེ་རིང་ཚོགས་ཁང་དུ་རང་མོས་བགྲོ་གླེང་བྱེད་དུས་ངེད་རང་ཆོག་མཆན་ལྟར་བཅར་ཐུབ་པ་བྱུང་། གསོལ་ཇའི་བར་གསེང་བར་གུས་བས་དྲི་བ་དྲིས་ལན་དག་ལ་ཉན་ཞིང་སྐུ་ཉིད་དངོས་མཐོང་བྱུང་བས་ཚོར་སྣང་དམིགས་བསལ་ཐོབ།
ཉིན་དེར་ངེད་ཀྱི་རེ་བ་ནི་རྒྱབ་ཀྱི་ནག་པང་དུ་བྲིས་པའི་རང་མོས་བགྲོ་གླེང་ལས། དམིགས་བསལ་ལམ་དབུ་མའི་བོད་རྒྱ་འབྲེལ་མོལ་གྱི་སྲིད་བྱུས་ཐད་གོ་རྟོག་གོང་འཕེལ་དུ་འགྲོ་རྒྱུ་ཡིན་མོད། འོན་ཀྱང་རྣམ་འགྱུར་ཁ་ཤས་ཀྱི་ཆ་ནས་ཉིད་ཀྱིས་གནའ་བོའི་གཏམ་དཔེ་གོ་ལྡོག་ཏུ་ཕྱིན་ཚུལ་གསུངས་བ་ནི་བློ་ཕམ་པོ་ཞིག་རེད། རྒྱ་མི་ཞིག་ལ་རྒྱ་མིའི་སོ་པ་དང་རྒྱ་མི་རིགས་ཀྱི་ཞེན་ཁོག་ཡོད་ཚུལ་གསུངས་བ་ནི་གཟི་བརྗིད་ལྡན་པ་ཞིག་ཡིན་ཡང། ད་བར་སྐུ་ཉིད་ཀྱིས་བོད་དོན་ཐད་གནང་བའི་ཕྱག་ལས་ལ་ངོས་འཛིན་གང་ཡང་བྱེད་མ་ཤེས་པ་ནི་ངོ་ནོངས་པ་ཞིག་རེད། བྱུང་བ་ཆུང་ངུ་འདིས་ཉིད་ནས་བོད་མི་རིགས་ལ་བཅངས་པའི་བསམ་ཚུལ་མི་འགྱུར་བ་དང་། སྐུ་ཉིད་ལ་མི་ཚེ་ཕུལ་བའི་མཁྱེན་ལྡན་མ་འོད་ཟེར་བློ་ཕམ་མི་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ལོ་རྒྱུས་རིང་ཞིང་གནད་དོན་གཏིང་ཟབ་ཀྱི་ངོ་བོ་ལྡན་པའི་རྒྱ་བོད་བར་གྱི་དཀའ་རྙོག་ཞི་འགྲིག་གི་ལས་རིམ་ལ་མཚོན་ན། གླེང་ཕྱོགས་འདི་བཞིན་སྐར་ཆ་གཅིག་གི་ཡུན་ཚད་དུ་བསམ་གཞིག་བྱ་རིན་ཡོད་པ་ཞིག་མིན་ཡང་། སྐབས་དེར་སྐུ་ཉིད་བློ་ཕམ་བྱུང་བ་ཞལ་རས་ལས་མཐོང་བས་དགོས་དབང་གིས་ཡི་གེ་འདིར་ཆུ་ཚོད་བཏང་སྟེ་བཀོད་པ་ཡིན།
ངེད་ནས་སྐུ་ཉིད་བོད་རྒྱ་ཞི་མོལ་ལ་གོ་བ་ཡོངས་སུ་ལོན་མཁན་ཞིག་དང་། དེས་དྲངས་པའི་རྩོམ་ཡིག་གིས་རྒྱ་བོད་གཉིས་ཀྱི་དབུ་ཁྲིད་རྣམ་པར་བསམ་གཞི་རྣལ་མ་སྤྲོད་ཐུབ་མཁན་ཞིག་ཏུ་མཐོང་བས། ཉིད་ཀྱི་འགྲོ་འོང་ལ་དོགས་པ་ཟ་བ་ནི་ཆབ་སྲིད་གཞུང་ལུགས་ལྟར་ན་བྱིས་པའི་སེམས་ཁྲལ་དུ་རྩིས་མི་ཆོག་པ་གང་ཡང་མེད། ཡོངས་གྲགས་ཀྱི་འགྲོ་བསྐྱོད་འདི་ནི་བཙན་བྱོལ་གཞུང་གི་སྲིད་བྱུས་དང་མཐུན་པས། ཕྱི་གསལ་ནང་གསལ་དང་། བདེན་པ་ཚད་ཐུབ་ཀྱིས་ཉིད་ལ་སྙིང་སྟོབས་ཤིག་སྟེར་ནུས་པའི་ཡིད་ཆེས་བྱེད་ཀྱི་ཡོད་ལ། རྒྱ་ནག་རྩ་ཁྲིམས་འོག་གི་ད་ལྟའི་བོད་ཀྱི་མངོན་འདོད་ཧ་ཅང་གསལ་བས། ད་རེའི་འགྲུལ་བཞུད་ལ་དམིགས་ཡུལ་གཞན་ཞིག་ཡོད་དབང་དུ་བཏང་ཡང་ང་ཚོའི་གཞུང་ལ་ངོ་གདོང་གཉིས་པ་ཞིག་གཏན་དུ་ཡོད་མི་སྲིད་པ་རྒྱ་བོད་བར་གྱི་འཐབ་རྩོད་བདེན་རྫུན་དང་དྲང་ལྡོག་གི་ངོ་བོར་ཡོད་པས་གསལ་བཤད་བྱེད་ཐུབ་པ་སྐུ་ཉིད་ནས་མཁྱེན་ཤག་རེད།
སྐུ་ཉིད་རྒྱལ་སྤྱིར་གྲགས་པའི་རྩོམ་པ་པོ་དང་། བོད་རྒྱ་ཞི་མོལ་གྱི་ལས་རིམ་འདིར་ཤེས་རྟོགས་འཐུས་ཚང་ཅན་དུ་སོང་། ལོ་སྔོན་མའི་རང་སྐྱོང་བསམ་འཆར་ཐད་གུང་བྲན་གཞུང་གི་རྣམ་འགྱུར་ཡོངས་སུ་ནོར་འཁྲུལ་ཅན་དེ་རྒྱ་ནག་གི་ཤེས་ལྡན་པ་དང་མི་མང་ཚོར་གསལ་བཤད་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཞི་བའི་དོན་ཚན་ལྔ་དང་། སི་ཏྲ་སི་སྦག་གི་གསུང་བཤད། གསུམ་དུས་གསུང་འཕྲིན། ཡོ་རོབ་གྲོས་ཚོགས་སྦར་སིལ་གསུང་བཤད། རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་དེའི་འགྲེལ་བརྗོད་བཅས་ནི་རྒྱལ་སྤྱིའི་ཆབ་སྲིད་དང་། རྒྱ་ནག་གི་འགྱུར་བར་གཞིགས་པས་བཙན་བྱོལ་གཞུང་གི་ལམ་དབུ་མའི་བོད་རྒྱ་ཞི་མོལ་གྱི་རྨང་གཞིའི་སྲིད་བྱུས་ཀྱི་འགྱུར་རིམ་རེད་ལ། ༢༠༠༨ ལོའི་ཁྲིམས་མཐུན་དམིགས་བསལ་ཚོགས་ཆེན་སྐབས་བོད་ཕྱི་ནང་གི་རྒྱ་ཆེའི་མི་མང་གིས་མང་གཙོའི་ལམ་ནས་དེ་ལ་ཡོངས་སུ་རྒྱབ་སྐྱོར་བྱས་ཡོད། འོན་ཀྱང་གུང་བྲན་སྲིད་གཞུང་གིས་ད་བར་དེའི་ཐད་ཤེས་བཞིན་ཁྱད་གསོད་ཀྱིས་དུས་ཚོད་ཕུད་རྒྱགས་བྱེད་བཞིན་པས་བོད་མི་ཚོར་རྒྱ་ནག་གཞུང་ལ་བོད་ཀྱི་ཅི་ཞིག་བདག་ཏུ་དགོས་ཚུལ་ལ་དོགས་པ་གཏིང་ཟབ་སྐྱེས་བཞིན་ཡོད།
བོད་མི་རིགས་ས་ཡི་གོ་ལར་གནས་འཆའ་དགོས་དོན་ནི་མི་སྡེ་སྤྱི་ཚོགས་གྲངས་ཀ་ལྷག་མ་ཞིག་གི་ཆེད་དུ་མིན་པས། དེའི་གནའ་བོའི་རིག་གཞུང་གི་བཅུད་དང་བཟང་བོའི་གོམས་པའི་གཤིས་ལུགས། ནང་དོན་རིག་པར་གོ་བ་གཏིང་ཟབ་ལོན་པའི་སྐད་ཡིག་སོགས་ལ། དེང་དུས་ཤེས་ཡོན་ཟུང་འབྲེལ་གྱི་ཁྱད་ནུས་ཚང་བའི་ཞི་བའི་སྤྱི་ཚོགས་ཤིག་གི་ཆེད་དུ་ཡིན་པས། ང་ཚོར་རྒྱལ་སྤྱིའི་ནང་པའི་ས་ཁུལ་ཁག་དང་། ལྷག་ཏུ་འཕགས་པའི་ཞིང་གི་ནང་པའི་མངའ་སྡེ་རུ་ཆ་ཤས་སུ་གནས་མི་ཆོག་པ་གང་ཡང་མེད་པའི་རྨོངས་འཆར་ཞིག་འདུག་ལ། མངའ་སྡེའི་མི་མང་དེའི་ཤ་ཁྲག་གི་སྤུན་ཟླ་གཞིས་ལུས་བོད་མི་ཚོའི་ཚེ་སྲོག་གི་འགན་ཁུར་རང་བཞིན་གྱིས་འཁྲི་བ་ཞིག་ཡིན་པས། འདི་ལྟའི་ལམ་བུར་མ་བསྐྱོད་གོང་སྐུ་ཉིད་ནས་རྒྱ་རིགས་ཤེས་ཡོན་ཅན་དང་མི་མང་ཚོར་ང་ཚོའི་ལོ་རྒྱུས་རིང་བོའི་མཛའ་བརྩེ་ལ་ཐུགས་བསམ་བཞེས་ནས། སྐུ་ཉིད་ལྟར་རྒྱབ་སྐྱོར་ཡོང་བའི་སྐུལ་མ་བྱེད་རྒྱུའི་རེ་བ་བླ་ལྷག་ཏུ་ཆེ།
བོད་མི་ཚོ་འཚོ་བའི་ཕོངས་ཏེ་སྐྱབས་བཅོལ་ཏུ་འབྱོར་བ་མིན་སྟབས། འཕགས་པའི་ཡུལ་གྱི་མི་མང་ལ་འཚོ་གནས་འཕེལ་རྒྱས་ཐོག་སྔར་ལས་ལྷག་པའི་སྲི་ཞུ་སྒྲུབ་རྒྱུའི་ཆ་རྐྱེན་ཡོད་ལ། དུས་སྐབས་དེར་ང་ཚོ་ཐུན་མོང་གིས་མཐའ་མཚམས་དམག་དཔུང་གི་འགྲོ་གྲོན་ལའང་ཞལ་འདེབས་ངེས་ཅན་ཐུབ་པའི་སྤོབས་པ་བྱེད་ཀྱི་ཡོད། འོན་ཀྱང་འདི་ནི་བོད་མི་ཚོས་དུས་ཡུན་ཐུང་ངུར་བསམ་བློ་ཐོངས་ནུས་པ་ཞིག་མིན་ཡང་། མུ་མཐུད་༸གོང་ས་མཆོག་དང་བོད་མི་མང་གི་ཟབ་ཡངས་དགོངས་ཚུལ་ལ་འགྲེལ་ལོག་རྐྱང་རྐྱང་བྱས་ན། ལམ་བུ་འདིའི་མཐུན་འགྱུར་དུ་འགྲོ་བར་གླེན་པ་ང་ལྟ་བུས་རེ་བ་ཆེན་པོ་བྱེད་ཀྱི་ཡོད།
སྐུ་ཞབས་ཝང་ལི་ཞུང་མཆོག། སྐུ་ཉིད་ནས་བྲིས་པའི་༸གོང་ས་མཆོག་གི་རྟོག་སྒྲུང་དང་པོ་དེས། ཉིད་རང་བོད་མི་མང་གི་སེམས་ཁམས་ལ་ཞིབ་ཆ་ཡོད་པ་མཐོང་ཞིང་། ཆོག་ཤེས་མེད་ལ་དངོས་པོའི་བྲན་རྒྱུག་ཁོ་ནའི་འོག མིའི་འཚོ་གནས་ནི་དེའི་མཐུན་རྐྱེན་ལས་ལྡབ་འགྱུར་གྱིས་གལ་ཆུང་དུ་གོ་བའི་གོམས་སྲོལ་ཡར་རྒྱས་ཅན་དུ་བརྩི་བའི་སྤྱི་ཚོགས་འགྲོ་སྟངས་ནི་སོང་བས་མཐར་ཐུག་མེད་ལ། ཡར་རྒྱས་ལ་ཚད་གཞི་མེད་པ་དེ་ལས། བོད་མི་ཚོས་ཞི་ལྷོད་བག་ཕེབས་ཀྱི་འཚོ་བ་འདེམས་ནུས་པར་གུས་ནས་ཡིད་ཆེས་བྱེད་ཀྱི་ཡོད་ལ། གོམ་བགྲོད་དེའི་སུན་སྣང་འོག་དེང་སང་ནུབ་ཕྱོགས་སུ་གཞི་ནས་ལས་དབང་དང་སྐྱེས་བ་ཕྱི་མ། མཐའ་ན་ལྷ་དང་ྐླུ། རྨོངས་དད་སོགས་ལའང་བདག་པོ་གསར་བ་ཞིག་སླེབས་གྲབས་བྱེད་ཀྱི་ཡོད། རིག་གནས་ཀྱི་སེམས་ཁམས་སམ་རྒྱུད་རིམ་འདིའི་ཆ་ནས་བཤད་ན་བོད་པའི་ལམ་སྲོལ་ནི་བོད་པ་ཁོ་ནས་གདམ་ག་བྱས་ཆོག་པ་ཞིག་རང་བཞིན་གྱིས་གྲུབ་ངེས་རེད། དེ་དུས་སྐུད་པས་བསྡམས་པའི་རྒྱ་ནག་ཆེན་མོ་ཡང་འཐོར་བཤིག་ཏུ་འགྲོ་ངེས་ལ་ཨ་ཤེ་ཡ་གླིང་ཆེན་འདིར་སླར་ཡང་ཐལ་རླུང་ཞིག་འཚུབ་ངེས་པས། སྐུ་ཉིད་ནས་འདིའི་ཐད་དགོངས་གཞི་གསར་བའི་རྩོམ་ཡིག་ཅིག་སྐྱེས་སུ་འབུལ་རྒྱུར་གུས་ནས་རེ་བ་བྱེད་ཀྱི་ཡོད།
མཐའ་དོན་སྐུ་ཉིད་གཏན་ཞལ་ལྷན་རྒྱས་ཀྱི་གཟུགས་ཁམས་བདེ་ཞིང་། བོད་དོན་ཐད་ཀྱི་ཕྱག་ལས་རྣམས་ལྷོད་མེད་ཡོང་པའི་རེ་སྐུལ་སྙིང་ནས་ཞུ་བཞིན་ཡོད་ལགས།
ཤར་ཕྱོགས་ཁུག་རྟས་གུས་བས་ཕུལ།
༢༠༠༩། ༦། ༢༦། ཉིན།

སྣ་ཚོགས།

Post navigation

Previous Post: མ་འོངས་པའི་སྔོན་བརྡ་དང་འཇིགས་སྣང་གིས་ཁེངས་པའི་རྨི་ལམ།
Next Post: ང་ཚོས་དེ་རིང་གི་རྔ་བ་དྲན་གྱི་ཡོད་དམ།

Comments (11) on “ཝང་ལི་ཞུང་ལ་ཕུལ་པའི་སྙན་ཞུ།”

  1. གཡུ་མཚོ། says:
    2011-04-03 at 7:27 pm

    ཝང་ལི་ཞུང་ལ་ཞུ་བ་ཡིན་ན་འདི་བཞག་ནས་ག་རེ་བྱེད།
    རྒྱ་ཡིག་ལ་བསྒྱུར་ནས་ཁ་གཏུགས་ཁོང་ལ་སྤྲད་ཞོག

    ཡང་མིན་ན་རྒྱ་སྐད་བརྒྱབས་ནས་ཁོང་ལ་འགྲེལ་བཤད་བརྒྱབ་ཆོག
    རྒྱ་སྐད་མི་ཤེས་ན་ཀླུ་མཁར་བྱམས་དང་ཀུན་ཐར་དོན་གྲུབ་སོགས་ལ་རོགས་པ་གྱིས་ཞེས་སྐུལ་མ་བྱས་ཆོག
    མ་རེད་དམ།

  2. གསང་གྲོལ། says:
    2011-04-03 at 9:22 pm

    ཝང་ལིས་ཞོན་གྱིས་འདི་གོ་བར་ཤོག དེ་མ་གཏོགས་རྩོམ་པ་པོ་ཁ་ཤས་ཀྱིས་ཧོལ་རྒྱུགས་བྱས་ཏེ་གླེན་རྟགས་གླིང་ལ་གྲགས་ནོ་བཞག་ཡོད་པ་མིན་ནམ།

  3. བོད་ཀྱི་ཕོ་གསར། says:
    2011-04-04 at 1:57 am

    སྐབས་དེར་༧གོང་ས་མཆོག་དང་བཀའ་ཁྲི། བདེ་སྲུང་བཀའ་བློན་སོགས་ཀྱིས་ཆེད་འབོད་ཀྱིས་དགོངས་སེལ་ཞུས་པ་རེད། ད་དུང་ཤེས་ལྡན་པ་ཚོས་འདི་ལྟར་ཡི་གེ་བསྐུར་བ་དེ་ནི་ཡག་པོ་རེད། དེ་ལ་བརྟེན་ནས་གཏན་ཞལ་ལ་ལྷན་རྒྱས་ཀྱིས་ཕྱག་ལས་ཞེ་དྲག་ཡག་པོ་གནང་གི་ཡོད་པ་རེད།

    སྐབས་དེའི་བྱེད་གཏེ་གཙོ་བོ། གནམ་ལོ་ཡག་དང་། ལག་ཆ་ངོ་མ་དེ་བླ་བྲང་གི་མཁས་དབང་ལྷ་ཆབ་སྦྱིན་པ་ཟེར་བ་དེ་རེད། ཁོས་དྲ་རྒྱའི་ཐོག་འདྲ་མི་འདྲ་བྲིས་ཙང་དེ་ལྟར་ཕྱིན་པ་རེད། དངོས་གནས་ཅང་མི་ཤེས་ན་ཁ་བཙུམ་ནས་བཞུགས་བཞག་ན་ཁྱད་པར་ཁྱོན་ནས་མི་འདུག་བསམས་སོང་། ཁོ་ལ་རང་སྟེང་གི་དོགས་པ་ཟེར་བ་དེའང་ཡོད་པ་མ་རེད། ཐ་ན་དོགས་པ་བྱེད་ཤེས་ཀྱི་མ་རེད་ལ། ཁུངས་ལུངས་རྩ་ནས་ཡོད་པ་མ་རེད།

    མཁྱེན་ལྡན་མ་འོད་ཟེར་ལགས། ནམ་རྒྱུན་ཡིན་ན་གནམ་ལོ་ཡག་སོགས་དང་འབྲེལ་བ་ཡོད་པ་རེད། ཆབ་སྲིད་དང་མང་གཙོ་ལབ་བསྡད་མཁན་གྱི་གྲས་རེད། སྐབས་དེ་ནས་བཟུང་ཡིད་གཏིང་ནས་ཆད་ཡོད་པ་རེད། དངོས་གནས་བསམས་ན་ང་ཚོའི་ཤེས་མཁན་ཚོས་རུབ་རུབ་ཀྱིས་དཀར་ས་དཀར་དང་་ནག་ས་ནག་པོ་ཡིན་པ་ཤེས་དགོས་ས་རེད། དེ་ལྟར་བྱས་ཏེ་ཁོང་ལ་དགོངས་སེལ་ཞུས་ན་འགྲིག་པར་སེམས།

  4. གསང་གྲོལ། says:
    2011-04-04 at 4:54 am

    རིན་པོ་ཆེ་རྒྱ་འགྱུར་བྱས་པ་ལེགས་པོ་འདུག་ལ་འདི་འོད་ཟེར་གྱི་དྲ་རྒྱ http://woeser.middle-way.net/
    སྟེང་ལ་བཞག་ན་ཡག་ས་རེད།

  5. མེ་ཏོག་མ། says:
    2011-04-04 at 5:58 am

    ད་རིན་པོ་ཆེ་ཤར་ཕྱོགས་ཁུག་རྟ་ཡིན་ན་འདྲ་ལ། ཤར་ཕྱོགས་ཁུག་རྟ་རིན་པོ་ཆེ་ཡིན་ནའང་འདྲ། གང་ལྟར་འབྲི་དགོས་རྒྱུ་དེ་བྲིས་འདུག ད་ཁ་ཤས་ཀྱིས་གནས་ལུགས་བསྐྱུར་ནས་རྡུང་རེ་རྒྱག་གི་ཟེར་མདོག་ཁ་བོ་རེད་གདའ། ཨ་མའི་བུ་ལ་ཡོན་ཏན་མེད་དུས་ད་མི་ཉན་ཐག་ཆོད་རེད།

  6. བློ་བཟང་ཚེ་རིང་། says:
    2011-04-04 at 6:04 am

    ཝང་ལི་ཞུང་འདི་རྩོམ་པ་པོ་དང་དཔྱད་རྗོད་པ་སྒེར་བ་ཞིག་རེད། འདི་ལ་ངོ་རྒོལ་བྱེད་དགོས་ས་ཞིག་མ་རེད་ལ་སྙན་ཞུ་ཕུལ་དགོས་ས་ཞིག་ཀྱང་མ་རེད། ཁོ་རང་གི་རྣམ་དཔྱོད་དང་སྙིང་སྟོབས་ལ་རང་དབང་སྤྲད་རོགས།

  7. བོད་ཀྱི་ཕོ་གསར། says:
    2011-04-04 at 6:26 am

    རྒྱ་ཝང་ལུ་ཞུང་འདི་མི་རྣམ་དཔྱོད་ཅན་ཞིག་རེད། བོད་ལ་སེམས་སྟེང་ནས་ཤ་ཚ་ཡོད་མེད་དང་དམིགས་ཡུལ་ག་རེ་ཡིན་མིན་སོགས་ཀྱི་བོད་པ་མཁྱེན་མདོག་ཟོལ་རྫུ་ཁ་ཤས་ཀྱི་བཤད་སྟངས་བསྐྱུར་ནས། ཁོང་ལ་འདི་ལྟར་བདེན་དོན་དང་གནས་ལུགས་ཀྱིས་སྙན་ཞུ་མུ་མཐུད་ཕུལ་དགོས་ཀྱི་འདུག་ལ། བོད་ཀྱི་ཁ་སྟབས་འདི་རྒྱ་རིགས་ཚོར་སྔར་བས་འགྲེལ་བརྗོད་བྱེད་རྒྱུར་རེ་བ་ཞུས་ན་དེས་མ་འགྲིག་པ་གང་ཡང་ཡོད་པ་མ་རེད།

  8. གསང་གྲོལ། says:
    2011-04-05 at 12:00 pm

    སྙན་ཞུ་རྒྱ་འགྱུར་མ་འདི་འོད་ཟེར་གྱི་ངོ་དེབ་སྟེང་བཀོད་རྗེས་ཁོ་མོའི་ལན་གནང་བ་གཤམ་གསལ།
    感谢Sakar Tashi 贴的这封信,我将把这封信转给王力雄看。信中所言的事情虽已过去,但说实话,的确有着似有似无的影响。作为我们自己,真的并不在意,所以这影响指的是外界,有些怪异。。。放心,我们不在意,该做的事情仍然在做。

  9. མཛོ་མོ། says:
    2011-04-05 at 1:26 pm

    just curious. Writers and bloggers are arrested in china, but not wang li xiong and woeser. Any answers.

  10. རྡོ་རྗེ་ནས། says:
    2011-04-05 at 5:36 pm

    དཔེ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།

  11. ཤར་ཕྱོགས་ཁུག་རྟ། says:
    2011-04-06 at 4:26 am

    ངས་ཀྱང་གསང་གྲོལ་ལམ་ས་དཀར་བཀྲ་ཤིས་ལགས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་སྙན་ཞུ་འདི་བཞིན་སྐུ་ཞབས་ཁོང་ལ་དངོས་སུ་གོང་བཀོད་ཟླ་ཚེས་དེ་རང་དུ་ཕུལ་ཟིན། ཡིན་ནའང་། ད་བར་གྱི་ཆབ་སྲིད་ལྟ་གྲུབ་བམ། སྲིད་བྱུས་ལངས་ཕྱོགས་ཕྱོགས་རེས་པའི་ས་འོག་དར་ཐག་ལ་ལྟོས་རྗེས་དྲ་ངོས་འདིར་བཀོད་དགོས་བྱུང་བ་གཅིག་དེ་ཡིན།
    ང་ཚོ་དོགས་པ་ཟ་ཡི་ཡོད་པ་ཞིག་ནི། སྐད་ཆ་འདི་གང་ནས་འཕྲོས་མིན་དེ་ཡིན་ལ། དེ་དང་སྟབས་འབྲེལ་ནས་རང་རེའི་རྩ་དོན་སོར་ཆུད་ལའང་ཕན་ཆ་ངེས་ཅན་རེ་ཡོད་མེད་ལ་ཞིབ་ལྟ་བྱས་རྗེས། དེར་དགག་དགོས་རྒྱུ་མཚན་འདྲ་ཞིག་མཐོང་སྟེ། མདོ་དོན་སྲིད་བྱུས་ལངས་ཕྱོགས་ཀྱི་འཐབ་རྩོད་ཁྱབ་ཁོངས་ནས་ཕྱིར་བཏོན་བྱེད་དགོས་པར་བསམས་པ་དེ་གཉིས་ཡིན།
    ལམ་དབུ་མ་དང་༧གོང་ས་མཆོག་གི་ཡང་དག་པའི་དབུ་ཁྲིད་ལ་སྐྱོན་བརྗོད་བྱེད་རྒྱུ་རང་དབང་ཡིན་ཡང་། གཞི་མེད་ལབ་གླེང་གིས་སྐྱེས་བོ་རེ་འགའ་རྨོངས་འཐོམས་སུ་དེད་པའི་བྱས་འབྲས། གཅིག་མིན་དུ་མར་ཕྱོགས་གང་ས་ནས་སིམ་འཛུལ་བྱེད་བཞིན་ཁར། བོད་ནང་གི་བསམ་ཚུལ་ཟེར་བའི་སྐད་ཆ་ཞིག་ལ་མགོ་བསྙེས་ནས་གཞུང་གི་སྲིད་བྱུས་ལམ་དུ་ལྷོངས་རྒྱུར་གེགས་རྐྱེན་ངེས་ཅན་གཏོང་བཞིན་པ་དེ་གསུམ་ཡིན་ལ། དེའི་དཔེ་མཚོན་འདྲ་བོའམ། ང་ལ་དོགས་གཞི་ཡོད་པ་ཞིག་ཉེ་བའི་ཆ་ནས་༼ རང་གྲོལ་སྨྱུག་གསར་དྲ་བ ༽་ཟེར་བ་དེ་ཐོན་ནས། དེའི་བྱ་སྤྱོད་ལ་བོད་སྡོད་བོད་མིས་དབང་བསྒྱུར་གྱི་མེད་པ་དེ་ཡིན། ལྷག་པར་དུ་ཉེ་སྔོན་ནས་ལམ་དབུ་མ་དང་༧གོང་ས་མཆོག་ལ་གཞི་མེད་ལབ་ཉོག་བཟོས་ཚུལ་ནི་ཀུན་གསལ་ཡིན་པས། དེ་འདྲའི་ཁུངས་མེད་རུ་དཔུང་ལྟོས་བཅས་ཀྱིས་ཞེ་དྲག་མཁྱེན་མདོག་གི་ཟོལ་བཅོས་ལ་ཆེད་དུ་དམིགས་པ་སོགས་ཡིན་པས།
    ང་ཚོས་རང་རེའི་སྲིད་བྱུས་ལངས་ཕྱོགས་དང་ཡང་སྒོས་རྩ་དོན་ལ་ཕན་ཐོག་ངེས་ཀྱི་ལྟ་གྲུབ་དང་བྱེད་ཕྱོགས་ལ་ངོས་ལེན་བྱེད་རྒྱུ་ལས། རང་ཉིད་དེ་ང་ཙམ་གྱི་ཕྱིར་དུ་འཚོ་བ་དག་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་དགོས་པར་སེམས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme