Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཛ་དྲག་ཚོགས་ཆེན་གྱི་གསལ་བརྡ།

Posted on 2014-04-282014-04-28 By ཁ་བརྡ་ 8 Comments on ཛ་དྲག་ཚོགས་ཆེན་གྱི་གསལ་བརྡ།

ཛ་དྲག་ཚོགས་ཆེན་གྱི་གསལ་བརྡ།

༄༅།།མཁྱེན་ཡངས་རྒྱལ་གཅེས་ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་ཡོངས་ཀྱི་སྙན་ལམ་དུ།

ཞུ་གསོལ།
མཁྱེན་གསལ་ལྟར་ཨོ་སི་ཁྲི་ལི་ཡའི་གཞུང་གིས་རོགས་རམ་དགོངས་བཞེས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་བཀའ་དྲིན་ལ་བརྟེན་ནས་རྒྱ་བལ་འབྲུག་གསུམ་ནང་བཞུགས་པའི་ཆབ་སྲིད་བཙོན་ཟུར་གཙོ་བོར་གྱུར་པའི་ཆབ་སྲིད་ཀྱི་ཉེན་ཡོལ་བ་རྣམས་ཨོ་སི་ཁྲི་ལི་ཡའི་གཞུང་གིས་གཞིས་སྤོར་སྐྱབས་བཅོལ་དུ་ལེན་བཞིནཔའི་ཁོངས་ནས། འདི་ལོ་དམིགས་བསལ་གྱིས་སྔ་ཕྱིར་མི་གྲངས་གསུམ་བརྒྱ་ལྔ་བཅུ་ཐམ་པ་གཞིས་སྤོར་གཏོང་རྒྱུའི་རྒྱན་རྒྱག་ཁོངས་སུ་འདི་ག་ཚོགས་པའི་རྒྱུན་ལས་མང་ཆེ་བ་རྒྱན་ཐོན་བྱུང་ཡོད་པ་མ་ཟད། ལྷག་པར་ཚོགས་མི་མི་ཉུང་བ་ཞིག་འདི་ལྟར་གཞིས་ཆགས་སུ་བསྐྱོད་རྒྱུ་ཐག་ཆོད་སོང་ན། ད་ལྟའི་ཚོགས་པའི་གནས་བབ་དང་མ་འོངས་པའི་སྐོར་བཅས་ལ་སྤྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༤ ཚེས་ ༡༩ ཉིན་དམིགས་བསལ་རྒྱུན་ལས་རྒྱས་འཛོམས་བསྡུ་སྐོང་གིས་གྲོས་བསྡུར་གནང་བ་བརྒྱུད་ཛ་དྲག་ཚོགས་འདུ་ཞིག་བསྐོང་དགོས་པའི་མང་མོས་ཐག་གཅོད་བྱུང་བ་བཞིན། ཉིན་དང་པོར་ཚོགས་པའི་མ་འོངས་པའི་མདུན་ལམ་ཐད་ཚོགས་མི་སོ་སོའི་དགོངས་འཆར་དང་ལམ་སྟོན་གང་ཡོད་བསྡུ་ལེན་ཞུ་རྒྱུ་དང་། ཉིན་གཉིས་པར་རྒྱུན་ལས་ཁ་སྐོང་གསར་འདེམས་ཞུ་རྒྱུ་བཅས་ཀྱི་ཆེད་དུ་ཛ་དྲག་ཚོགས་ཆེན་རྒྱས་འཛོམས་ཤིག་སྤྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༤ དང་ ༢༥ ཉིན་གཉིས་རིང་ཚོགས་པའི་འགྲེམས་སྟོན་ཁང་དུ་འཚོགས་གཏན་འཁེལ་སོང་ན། ཕྱི་རྒྱལ་ཡུལ་གྲུ་སོགས་ཕྱོགས་མཐའ་ཁག་ལ་བཞུགས་པའི་ཚོགས་མི་ཡོད་དོ་ཅོག་གིས་ཐུགས་འཁུར་མཉམ་ལེན་དང་། དགོངས་པ་ཆེ་བཞེས་ཀྱིས་གོང་གསལ་གྲོས་གཞི་དོན་ཚན་གཉིས་ཀྱི་ཐད་ཕུགས་རྒྱང་རིང་བོའི་ཐག་གཅོད་ཡང་དག་ཡོང་རྒྱུའི་འཆར་གཞི་བླངས་ཏེ་དུས་ཐོག་ཏུ་ཚོགས་ཞུགས་ཐུབ་པ་གནང་རྒྱུའི་གལ་ཆེའི་གསལ་བརྡར།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས།
སྤྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༤ ཚེས་ ༢༠ ཉིན།

ཐུགས་སྣང་།
༡༽ ཚོགས་འདུའི་ལམ་གྲོན་ཚོགས་མི་སོ་སོས་ཐུགས་འགན་བཞེས་རྒྱུ།
༢༽ ཚོགས་འདུའི་རིང་གི་ཉིན་གུང་ཞལ་ལག་དང་གསོལ་ཇ་བཅས་ཚོགས་པའི་ངོས་ནས་གོ་སྒྲིག་ཞུ་རྒྱུ་ཡིན།
༣༽ དམིགས་བསལ་བཞུགས་གནས་གོ་སྒྲིག་ཞུ་དགོས་ན་སྔ་ཙམ་ནས་འབྲེལ་བ་གནང་དགོས།

Gu Chu Sum Movement of Tibet
Jogiwara Road, P.O.McLeod Ganj,
Dharamsala, H.P. 176219
India
www.gu-chu-sum.org
Contact number- (+91)08192-220679/ 220680

གསལ་བསྒྲགས།

Post navigation

Previous Post: ཁྱེད་ཀྱིས་རྡ་རམ་ས་ལའི་འདས་མ་ད་གསུམ་གྱི་སྐོར་ཀློག་ན་འདོད་དམ།
Next Post: ཚོར་བ་ཞིག་བཞག་ནས་བུད་སོང་།

Comments (8) on “ཛ་དྲག་ཚོགས་ཆེན་གྱི་གསལ་བརྡ།”

  1. བོད་ཞེན་པ་ནས། says:
    2014-04-28 at 7:47 am

    སྟབས་བདེ་པོ་རེད། ཚོགས་པ་ཨོ་སི་ཀྲོ་ལི་ཡར་སྤོས་ན་འགྲིག་གི་རེད་པཱ།

  2. བསམ་ཤེས། says:
    2014-04-28 at 9:59 am

    ངའི་བསམ་འཆར་ལ། ཚོགས་པ་འདི་རྒྱལ་སྤྱི་ཅན་དུ་འགྱུར་ནས།་བོད་པ་ཡོད་སའི་རྒྱལ་ཁབ་མི་འདྲ་བ་ཁག་གི་ནང་ལ་ཡན་ལག་བཙུགས་ནས། ལྟི་གནས་དེ་རྡ་སར་ཡོད་ན། གཅིག་ནས་ཚོགས་པའི་ཁྱབ་ཁོངས་ལ་ཕན་པ་དང་། གཉིས་ནས་ཚོགས་པའི་རྒྱ་སྐྱེད་ལ་ཕན།

    ད་ལྟ་བོད་མི་རྣམས་དཔལ་འབྱོར་ཞན་པས་འཕྲལ་སེལ་གྱི་དཀའ་ངལ་མཆིས་ཀྱང་། ལོ་བཅུ་འམ་ཉི་ཤུའི་ནང་ལ་ཚོགས་མི་རྣམས་ཀྱི་དཔལ་འབྱོར་ཡར་རྒྱས་ལ་འགྲོ་སྐབས། རྒྱལ་སྤྱིའི་ནུས་པ་ཅན་གྱི་ཚོགས་པ་དེས་བོད་མིའི་རྩ་དོན་ལ་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་པས།་ཅི་ནས་དགོངས་པ་རྒྱ་ཆེ་ཙམ་དང་ཐུགས་དཀྱེལ་ཡངས་ཙམ་གནང་བའི་རེ་འདུན་ཞུ། སྐབས་དེ་དུས་ལོ་རེའི་ཚོགས་འདུར་ཀྱང་ཕྱི་རྒྱལ་ནས་བོད་མི་མང་པོ་ཕེབས་ཐུབ་པ་དང་། ཕྱིའི་དཔལ་འབྱོར་གྱི་མཐུན་རྐྱེན་འོག ཚོགས་པའི་འགྲོ་སོང་ཡང་ཡངས་པོར་གདོང་ལེན་བྱ་ཐུབ་སྙམ།

  3. ཉི་རྒན་ says:
    2014-04-28 at 10:51 am

    ད་ཚོགས་པ་དེ་བོད་མིའི་སྒྲིག་འཛུག་ལ་རྩིས་འབུལ་བྱས་ན་མ་གཏོགས་ཚོགས་མི་ཡོད་དོ་ཅོག་ཁ་ཐོར་དགུ་ཐོར་ཆགས་ནས་སྒེར་འཛིན་པ་ཁ་ཤས་ཤིག་གིས་སྐྱིད་པོ་གཏོང་ཡོང།

  4. ས་སྲས། says:
    2014-04-28 at 12:04 pm

    སྔ་ཕྱིར་ཞིག་གི་ཁྱད་པར་མ་གཏོགས་མ་འོངས་པ་ན་བཙན་བྱོལ་བོད་གཞུང་ཡང་འདི་ལྟར་འགྱུར་ངེས་རེད།

  5. ཅོ་རི་ཉི་མ། says:
    2014-04-28 at 12:46 pm

    # 5 ཅོ་ཪི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།: ཁྱེད་ཀྱི་དཔྱད་གཏམ་དག་མཆན་ཐོབ་རྒྱུར་སྒུག་ཡོད།
    April 28th, 2014 at 12:33 PM

    ཚོགས་པ་འདིས་༢༠༡༣་ལོའི་བར་དུ་བོད་རང་བཙན་ལྟ་གྲུབ་ཟིན་ནས་བོད་མི་དམངས་མགོ་སྐོར་བཏངས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་དྲང་བདེན་མེད་པའི་ཁྲིམས་བཅད་ཕོག་སོང་རབས་ལོ་མང་བཙོན་དུ་བསྡད་རབས་བཤད་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་བོད་མི་གཞན་དང་མ་འདྲ་བའི་ཐོག་ནས་སྐྱབས་བཅོལ་ཐོབ་ཐང་རག་ཡོད། རོགས་དངུལ་རག་ཡོད།

    གྲོད་ཁོག་རྒྱག་འོང་དུས་ཚོགས་པའི་ལམ་ཕྱོགས་བསྒྱུར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་བོད་མི་རིགས་ལ་ཁེ་ཕན་ཡོད་རབས་དང་བདེ་སྐྱིད་ཡོད་རབས་བཤད་ཀྱི་ཡོད། ཚོགས་པ་འདི་ནུབ་ཕྱོགས་རྒྱལ་ཁབ་ཤིག་ལ་སྤོས་ན་ནུབ་ཕྱོགས་སུ་ཡོད་པའི་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་རྒུད་གཏོང་གི་རེད། དེ་ལས་ལོག་རྒྱུག ཧྭ་མི་དམགས་རྒྱལ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་ལོ་རྒྱུག མ་བྷན་འདི་ཚོ།

  6. གནམ says:
    2014-04-28 at 5:27 pm

    རྣམ་པ་ཚོ་ཚང་མ་ཕྱི་རྒྱལ་ལ་ཕེབས་ནས། རང་གཞུང་ལ་བློ་དཀར་བ་དང་ཡིད་ཆེ་ཆེ་ཙམ་གནང་ནས། བཙན་བྱོལ་ཚང་གི་ཡོད་ན་མེད་ན་གངས་སྐྱིད་འདི་ཡིན་བསམ་ནས། བོད་རིགས་སྤུན་ཟླ་དང་བོད་མི་སྤྱིའི་དོན་དུ་བྱུང་ན་བོད་མི་སྐྱོ་བོ་ཚོའི་བྱིས་བ་ཚོ་ལ་སྦྱིན་བདག་རེ་དང་། དེ་འདྲ་མ་བྱུང་ན་ཡང་། རང་བཙན་ལག་དེབ་ལ་ལོ་རེའི་སྒོ་མོ་མ་ཆད་པ་ཞིག་བྱེད་པ་ཅི་ནས་ཀྱང་མཁྱེན་ཞུ་བ་ཡིན། རྒྱལ་ཁབ་སུ་ཞིག་ཡིན་ན་ཡང་། ཁྲལ་བསྡུ་ཁྲལ་འཇལ་ཡོད་པ་ཤེས་ཤེས་བ་རེད། བོད་མི་རིགས་འདི་སྐྱོ་ས་ནས་སྐྱོངས་དགོས་བ་དང་། འགྱེལ་ས་ནས་སློངས་དགོས་བ། སྡུག་ས་ནས་སྡུག་གྲོགས་སུ་འཚོ་དགོས་བ་དེ་གལ་ཆེན་པོ་རེད། བཀྲ་ཤིས་བདེ་ལེགས་ཡོད། གཅིག་གིས་གཅིག་ལ་གོ་སྐབས་སྤྲད་ནས་འགྲོ་དགོས་བ་དེ་ཡིན་ལུགས་དང་མཐུན་པ་རེད། རྒྱུན་ལས་གསར་བ་ཚོ་ཕེབས་ཤོག། རྡ་ས་འདི་༧རྒྱལ་བའི་བཀའ་དྲིན་ལ། མཉམ་འགྲེལ་རྒྱལ་ཚོགས་ཀྱི་མི་སྣ་འཛོམས་སའི་གནས་ཡག་པོ་ཞིག་ཡོད་ཡ།
    བོད་མི་ཚོར་ཤོག་པ་ཐོགས་ས། རེ་བ་རྙེད་ས། རོགས་སྐྱོར་ཐོབ་ས། གནས་འདི་ཡིད་ནས་མ་བརྗེད་པ་ཤོག།

  7. མིག་དམར། says:
    2014-04-29 at 4:16 am

    ད་ཡིན་ན་ཡོངས་སུ་ཚར་ཐལ་་་་་་་་་་་་་་་་་་་་

  8. བཙན་བྱོལ་བ་ says:
    2014-04-29 at 11:27 am

    ཚོགས་པ་འདི་ནི་བོད་ནང་རྐུ་ཇག་འཕྲོག་གསུམ་གྱི་ལས་ལ་ཞུགས་ནས་བཙོན་ཁང་ནང་ཚུད་མཁན་དག་ཀྱང་ཆབ་སྲིད་བཙོན་པ་ཡིན་མདོག་གིས་ཨོ་སི་ཊི་ལི་ཡ་ལ་འགྲོ་མཁན་རིགས་ཡོད་པ་ཡོངས་གྲགས་ཡིན་པས། ད་ནི་ཚོགས་པ་འདི་ལ་རིན་ཐང་སྦད་དེ་བརླག་ཚར་བ་རེད། ཡར་གསོ་དགོས་ན་དཀའ་ཚེགས་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme