Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོད་ཚོད་ལ་སྙན་ངག་ཅིག་འབྲི་ན་འདོད།

Posted on 2010-09-092010-09-09 By ཡེ་ཤེས་ No Comments on ཚོད་ཚོད་ལ་སྙན་ངག་ཅིག་འབྲི་ན་འདོད།

ཀླུ་སྨྱོན།
winged-migration-bluray-cover3
དེ་རིང་གནམ་གཤིས་དེ་འདྲ་ཡག་རྒྱུ་མི་འདུག་པས།
ནང་ལ་འཛུལ་ནས་ཇ་རེ་འཐུང་བཞིན་སྙན་ངག་ཅིག་འབྲི་ན་འདོད།
དེ་ཡང་འཆར་གཞི་དང་བཀོད་སྒྲིག་སོགས་གང་ཡང་མེད་པར་ཚོད་ཚོད་ལ་འབྲི་ན་འདོད།
འོ་ན་ཅི་ཞིག་གི་སྐོར་ལ་འབྲི་དགོས་སམ།
ཁ་སང་ཉི་ནུབ་ངའི་མགོ་ཐོག་ནས་རྒྱང་རིང་དུ་འཕུར་སོང་བའི་བྱ་ཁྱུ་དེར་དམིགས་ནས་ཅིག་འབྲི་དགོས་སམ།
ཡང་ན་མདང་དགོང་བརྙན་འཕྲིན་ནང་མཐོང་བའི་ལེ་དབར་ཁྲི་ཕྲག་བརྒལ་ནས་འཚོ་གནས་སྙེག་པའི་བྱ་ཁྱུ་*དེའི་ལས་དབང་གི་སྐོར་ལ་ཅིག་འབྲི་དགོས།
ཡང་མིན་ན་རང་ཉིད་ཀྱང་རྒྱ་མཚོའི་ཕ་རོལ་ནས་འདབ་ཆགས་ཁེར་འཕུར་ཞིག་གི་ཚུལ་གྱིས་གནས་འདིར་བསླེབས་པའི་སྐོར་ལ་ཅིག་འབྲི་དགོས།
ཨོ་རེད་རེད། ད་ངས་བརྗོད་བྱ་ཞིག་རྙེད་བྱུང་།
དེ་ནི་སྨུག་ལོང་ཁྲོད་དུ་རྒྱང་རིང་གི་རི་ཆུ་སྙེག་པའི་ལས་སྐལ་དམན་པའི་བྱ་ཁྱུ་ཞིག་རེད།
བྱ་ཁྱུ་དེར་སོ་བྱ་ཟེར་བའི་ཉེན་བརྡ་གཏོང་མཁན་གྱི་བྱ་གཞོན་ཞིག་ཡོད་ལ།
སྣེ་བྱ་ཟེར་བའི་ཐག་རིང་གི་ལམ་ཚད་ལ་ཆ་རྒྱུས་ཡོད་པའི་བྱ་རྒན་ཞིག་ཀྱང་ཡོད།
ལེ་དབར་ཁྲི་ཕྲག་གི་འགྲུལ་བཞུད་རིང་མོའི་ཀློང་དུ།
ཁོ་ཚོའི་སོ་བྱ་དང་སྣེ་བྱ་གཉིས་ཀ་རེ་རེ་བཞིན་རྔོན་པའི་གདུག་རྩུབ་ཀྱི་མེ་མདའི་སོ་བར་ནས་མ་ཐར།
ད་ནི། བྱ་ཁྱུ་འདིར་དགྲ་བོ་བསླེབས་ཚེ་ཉེན་བརྡ་གཏོང་མཁན་མེད་ལ།
འཕུར་ལམ་ནོར་ཚེ་སྣེ་ཁྲིད་བྱེད་མཁན་ཡང་མེད་པས།
སྨུག་ལོང་ཁྲོད་ཀྱི་བྱ་ཁྱུ་འདིའི་བདེ་འཇགས་ལ་སུ་ཞིག་གིས་འགན་ལེན་བྱེད་ཐུབ།
ནམ་འཕང་གཤག་པའི་བྱ་ཁྱུ་འདིའི་ཁ་ཕྱོགས་ལ་གང་ཞིག་གིས་ཚོད་དཔག་བྱེད་ནུས།
ཉམས་ཉེན་ཐེབས་པའི་བྱ་ཁྱུ་འདི།
མུ་མཐུད་དེ་དཀའ་ངལ་བརྒྱ་ཕྲག་ལ་གདོང་ལེན་བྱེད་བཞིན་རི་ཚོགས་དང་གཙང་ཆེན་བརྒལ་ནས་རྒྱང་རིང་དུ་འཕུར་རམ།
བལྟས་ཚོད་ལ་ཐག་དེ་ཙམ་མི་རིང་ཞིང་ཅུང་ཟད་བདེ་འཇགས་ཡིན་པའི་ས་ཆ་ཞིག་ཏུ་འབབ་དགོས།
བྱ་ཁྱུ་འདི་དང་བྱ་ཁྱུ་འདིའི་ལས་དབང་ལ་བསམས་ནས།
མདང་དགོང་མཚན་གང་བོར་ང་ལ་གཉིད་མ་ཡོང་བས།
ད་ལྟ་ངས་སྙན་ངག་ཅིག་གི་ཚུལ་དུ་ཚོད་ཚོད་ལ་འདི་ཙམ་ཞིག་འབྲི་དགོས་བྱུང་སོང་།
*གོང་གི་འདྲ་པར་ཅན་གྱི་དངོས་བཤུས་གློག་བརྙན་”འདབ་ཆགས་གནས་སྤོ་”ཞེས་པ་དེའོ།།

གསར་འགྱུར། Tags:ཨཨཨ

Post navigation

Previous Post: ཁོ་གཉིས་ད་དུང་བཀག་གཉེར་བྱས་འདུག
Next Post: བོད་མིའི་རང་དབང་དང་ཐོབ་ཐང་བརྩོན་ལེན་ཐད་ཀྱི་འཐབ་ཇུས་(Strategy) དང་ལག་བསྟར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme