Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོགས་པ་འདི་དག་ལ་བོད་ཡིག་གི་དྲ་རྒྱ་མེད་དོན་ཅི།

Posted on 2015-04-152015-04-15 By ཁ་བརྡ་ 12 Comments on ཚོགས་པ་འདི་དག་ལ་བོད་ཡིག་གི་དྲ་རྒྱ་མེད་དོན་ཅི།

རྡོ་རྗེ་བསྟན་འཛིན།

 
དེ་རིང་དགོས་དབང་ཞིག་གིས་རྡ་རམ་ས་ལ་བོད་ཀྱི་དཔེ་མཛོད་ཁང་གི་དྲ་རྒྱ་ལ་བལྟས་པ་ཡིན། དྲ་རྒྱ་དེ་ན་བོད་ཡིག་མེད་པ་འདྲ། དཔེ་མཛོད་ཁང་འདི་དབྱིན་ཡིག་ཀློག་མཁན་ཁོ་ནའི་ཆེད་དུ་ཡིན་ནམ། དྲ་རྒྱ་ལ་བརྟེན་ནས་ཞིབ་འཇུག་གི་རྒྱུ་ཆ་མཁོ་འདོན་བྱེད་པའི་ལམ་བུ་ཇེ་ཡངས་ལ་ཕྱིན་ཏེ་ལོ་ངོ་བཅུ་ཕྲག་གཉིས་ཙམ་ཕྱིན་ནའང་ད་དུང་བོད་ཡིག་གི་དྲ་རྒྱ་མེད་པ་འདི་ནི་ཞབས་འདྲེན་རང་རེད། ཁ་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཉམས་པ་སླར་གསོ་ཞེས་མཐོ་རྒྱལ་བ་རིན་པོ་ཆེར་དབུ་སྐོར། དམའ་སློབ་གྲྭའི་བུ་གུ་ལ་མགོ་སྐོར་བཏང་ནས་ཅི་བྱེད། གཤམ་དུ་བཀོད་པའི་ཚོགས་པ་འདི་དག་གིས་བོད་ཡིག་ཀློག་མཁན་གྱི་བོད་མི་ས་ཡ་དྲུག་བདུན་ལྷག་ལ་མཐོང་ཆུང་བྱས་པ་རེད། སྨན་རྩིས་ཁང་དང་སྤྱི་འཐུས་ཀྱི་དྲ་རྒྱ་དེ་ཚོ་དཔེ་ཡག་པོ་འདུག ད་བོད་ཀྱི་སྐད་ཡིག་ལ་དངོས་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ན་འདི་རིགས་ལ་འགྱུར་བ་གཏོང་དགོས་པ་རེད།

LTWA
http://www.ltwa.net/library/

ད་དུང་བཙུན་མའི་དགོན་པ་དེ་ཚོ་ལ་ཡང་དྲ་རྒྱ་ཞིག་འདུག དེ་ན་ཡང་བོད་ཡིག་མི་འདུག
TNP
http://tnp.org

བོད་ཁྱིམ་སློབ་གྲྭའི་དྲ་རྒྱ་ནའང་བོད་ཡིག་མི་འདུག
TCV
http://www.tibetanyouthcongress.org

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲ་རྒྱ་ནའང་བོད་ཡིག་མི་འདུག
TYC
http://www.tibetanyouthcongress.org

སྣ་ཚོགས།

Post navigation

Previous Post: ཚ་བའི་མདའ་སྨྱུག
Next Post: དགུ་བརྒྱའི་རྗེས་དྲན་གྱི་སྙན་ཚིག

Comments (12) on “ཚོགས་པ་འདི་དག་ལ་བོད་ཡིག་གི་དྲ་རྒྱ་མེད་དོན་ཅི།”

  1. རྫ་ཚེ་རིང་བཀྲ་ཤིས། says:
    2015-04-15 at 11:04 am

    དེ་འདྲ་ཡིན་ན་ཐེལ་འདོན་གནང་བ་ཡག་པོ་རེད། སྐུལ་སློང་གི་རྐྱེན་དུ་འགྱུར་སྲིད།

  2. དད་པ་རྒྱལ་པོ། says:
    2015-04-15 at 11:48 am

    ཨ་སྒོར་སྒྲུབ་དགོས་པས་རེད། རྒྱུ་མཚན་གཞན་ཁག་ཙམ་གདའ།

  3. རྒྱང་མིག says:
    2015-04-15 at 11:59 am

    དེ་ཙམ་གྱིས་ག་ལ་ཚད། གཞུང་འབྲེལ་དོན་གཅོད་ཁང་ཁག་དང་། ཆོས་ཚོགས་ཁག བོད་རིགས་སྤྱི་མཐུན་ཚོགས་པ་ཁག་མང་པོ་ཞིག་གི་དྲ་རྒྱ་ན་ཡང་བོད་ཡིག་གཏན་ནས་མཐོང་རྒྱུ་མི་འདུག

    འདི་ཚོས་ཁ་ནས་བོད་དང་བོད་ཀྱི་རིག་གཞུང་གི་ཉམས་ཆག་སྐོར་མང་ནས་མང་དུ་བརྗོད། དེ་ཡང་བོད་དང་རྒྱལ་བ་རིན་པོ་ཆེ་མཚན་ནས་དྲངས་ཏེ་ཚར་རྒྱུ་མེད་པའི་མུག་མུག་མང་པོ་རྒྱུན་དུ་བརྗོད། སོ་སོའི་མཚམས་ལ་སླེབས་དུས་སྦྲགས་སྐད་དང་གཞན་ཡིག་རྐྱང་བ་མ་གཏོགས་བཀོལ་སྤྱོད་མི་བྱེད། དོན་དངོས་སུ་བྱེད་སྟངས་འདི་ཚོ་ནི་བོད་ཀྱི་སྲོག་རྩ་གཅོད་མཁན་གཙོ་བོ་དེ་རེད།

  4. ལྡོང་གསེར་མིག says:
    2015-04-15 at 1:02 pm

    དེའི་ནང་ནས་ཀྱང་བོད་ཀྱི་དཔེ་མཛོད་ཁང་དང་། བོད་ཕྲུག་ཁྱིམ་སྡེ་ཚོགས་ལ་བོད་ཡིག་གི་དྲ་རྒྱ་ངེས་པར་ཡོད་དགོས་སྙམ།

  5. ཁུ་བྱུག says:
    2015-04-15 at 4:17 pm

    རང་གི་སྐད་ཡིག་ལ་ཞེན་པ་ནི་དགའ་ཞིང་བསྟོད་འོས་ཀྱང་། བུ་གུ་ཞེས་པའི་ཚིག་འདི་རང་སྐད་དག་པ་ཞིག་ཨེ་ཡིན། དེས་མཚོན་༼ཁྱོའི༽ ༼ཁྱོས༽ ༼མི་བུ༽ ༼མི་གཞི༽
    ༼སངས་རྒྱས་ཆོས་ལུགས༽ སོགས་གནའ་རབས་དང་དེང་གི་མཁས་པའི་གཞུང་ན་མི་གསལ་བའི་ཚིག་མང་ཞིང་། དེ་དག་ཕལ་ཆེར་བོད་ནང་གི་ཤེས་ལྡན་པ་ཡིན་ཟེར་མཁན་ཁག་ཅིག་གིས་སྤྱད་དེ། ཕྱིས་ཡི་གེ་ཤེས་མ་ཤེས་ཀྱི་མཚམས་ན་ཡོད་པའི་མི་མང་པོས་འབྲི་བཞིན་པ་འདི། རང་སྐད་རང་གིས་གཏོར་བཞིན་འདུག་སྙམ། གཞན་ཡང་ཚོགས་པ་དང་སྡེ་ཚན་ཁག་འགར་བོད་ཡིག་གི་དྲྭ་རྒྱ་མིན་འདུག་ཅེས་པར། བོད་ཡིག་འཕེལ་རྒྱས་འགྲོ་མུས་སུ་ཡོད་ལ། སྔར་མེད་པ་ནས་ཡོད་པར་གྱུར་བའི་ཚད་ནི། དེང་ལག་ཐོག་ཁ་པར་ཕལ་མོ་ཆེར་བོད་ཡིག་བདེ་སྤྱོད་ཐུབ་པ་དང་། བོད་མིའི་དྲྭ་རྒྱ་མང་ཆེ་བར་བོད་ཡིག་བཀོལ་བཞིན་འདུག སྤྱིར་གནས་ལུགས་སུ། ཡོད་མེད་གཉིས་ལས་ཡོད་པ་དང་། རྟག་དངོས་གཉིས་ལས་རྟག་པ་དང་། མང་ཉུང་གཉིས་ལས་མང་གཙོ་ཞེས་མང་ཉུང་དང་གཙོ་ཕལ་གྱི་དབྱེ་བ་བཞག་ནས་བསམ་བློ་གཏང་དགོས་འདུག

  6. ཚ་ཕྲུག་རྒྱལ། says:
    2015-04-15 at 5:16 pm

    བོད་ཕྱི་ལ་ཡོད་པའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་སྐུ་ཚབ་དོན་ཁང་། བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཚོགས་སྡེ་ཁག་གི་མཛད་གཙོ་རྣམ་པར་བོད་ཀྱི་སྐད་ཡིག་གི་རྒྱུན་ཤེས་ཀྱི་གནས་ཚོད་ཙམ་ཡང་མེད་ལ་དེར་དོ་སྣང་ཡང་མེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མིར་བོད་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུར་རང་དབང་སྤྲོད་ཀྱི་མེད་པའི་དྲིལ་སྒྲགས་ནི་རྒྱུན་དུ་ཡོད། བཙན་བྱོལ་ནང་དུ་བོད་སྐད་ཡིག་ལ་སྦྱོང་པ་དང་རྒྱུན་ཤེས་ཀྱི་ཤེས་ཡོན་ཡོད་མཁན་ནི་བརྒྱ་ཆ་༩༩%གསར་འབྱོར་བ་རེད། གལ་སྲིད་གསར་འབྱོར་བ་ཚོ་བཙན་བྱོལ་དུ་སླེབས་མེད་པ་ཡིན་ན། བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་ནི་མིང་ཙམ་ལས་མེད་པར་གྱུར་ཡོད་པ་ནི་གསལ་པོ་རེད། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ནི་མི་རིགས་འདི་ཉིད་ཛ་གྲགས་ཀྱི་དཀའ་རྙོགས་སོགས་ཤི་གསོན་གྱི་སོ་ཁ་ནས་སྐྱོབ་ཐབ་བླ་ན་མེད་པ་དེ་ཡིན་ཚུལ་བཤད་བཞིན་ཡོད། འོན་ཀྱང་དེའི་སྐོར་དོན་དངོས་ཀྱི་ལག་ལྟར་གནང་ཕྱོགས་ལ་བསམ་ན་ཡིད་སེམས་སྐྱོ་བའི་གནས་ལས་མེད། བོད་མི་རིགས་འདིའི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་སྲུང་སྐྱོབ་བྱེད་སྟངས་དེ་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་རིགས་ཚོས་སུའི་འགན་འཁུར་མང་བ་གནང་གི་འདུག་གམ།

  7. དཔལ་དོན། says:
    2015-04-16 at 4:27 am

    འདི་གནད་དོན་ཆེ་ཞིག་རེད། ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱེད་དགོས་པ་དག་དབྱིན་ཡིག་ཡིན་དགོས་དང་དགོས། ཧང་སངས་ཧོན་འཐོར་དགོས་པ་ཞིག་ལ་བཙན་བྱོལ་བོད་མིའི་འཕྲོད་བསྟེན་དྲ་བའང་དབྱིན་ཡིག་རྐྱང་པའི་ཐོག་ཏུ་བཟོས་འདུག་ཅིང་། བཙན་བྱོལ་དུ་ཡོད་པའི་སློབ་ཕྲུག་ཚོར་མདུན་ལམ་སློབ་སྟོན་དྲ་བའང་དབྱིན་ཡིག་རྐྱང་པའི་ཐོག་བཟོས་འདུག

    འཕྲོད་བསྟེན་ལས་ཁུངས་ཀྱིས་འཕྲོད་བསྟེན་ཤེས་བྱ་སྒྲོག་ས་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་ཡིན་པས་དེ་དབྱིན་ཡིག་གིས་བཟོས་དགོས་དོན་ཡོད་དམ། གལ་སྲིད་དབྱིན་ཡིག་གིས་བཟོ་རྒྱུ་ཡིན་དེ་ལ་དམིགས་བསལ་གྱིས་འགྲོ་སོང་གཏོང་དགོས་དོན་ཡོད་དམ། དབྱིན་ཡིག་གི་ཐོག་ཏུ་འཕྲོད་བསྟེན་ཤེས་བྱ་ཁེངས་བསྡད་ཡོད་པ་མ་རེད་དམ།

    མདུན་ལམ་སློན་སྟོན་དྲ་བ། འདི་ཡང་གོང་དང་ཧ་ཅང་མཚུངས་པ་རེད་དོ།

  8. རིག་ཡག། says:
    2015-04-16 at 7:43 am

    གནད་དོན་འདི་དག་གིས་་་་དོན་ངོ་མའི་་བཙན་བྱོལ་ནང་་བོད་ཀྱི་ཆོས་དང་རིག་གཞུང་གི་་གནས་སྟངས་མཚོན་ཡོད།

  9. ལུང་རྟོགས། says:
    2015-04-16 at 9:49 pm

    བོད་ཡིག་མི་མཁོ་བའི་ཚོགས་པ་དེ་དག་བོད་པ་ཚང་ལ་དགོས་མཁོ་མེད།

  10. གངས་ལྡོམ། says:
    2015-04-17 at 6:10 am

    ཡག་པོ་གསུངས་འདུག

  11. དུར་བདག says:
    2015-04-17 at 6:54 am

    བོད་ཡིག་གི་དྲ་རྒྱ་མེད་པའི་ཚོགས་པ་ཚོའི་སྒོར་ཁུག་ཕྱི་རྒྱལ་ན་ཡོད་ཙང་། བོད་ཡིག་གི་དྲ་རྒྱ་བེད་སྤྱོད་བྱས་ཏེ་འགྲོ་སོང་ཐེ་བ་གཏོང་འདོད་མེད་པ་མིན་འགྲོ། བོད་ཡིག་མི་སྤྱོད་པའི་ཚོགས་པ་དགོས་མཁོ་མེད་ཟེར་བ་ནི་སྐྱག་རྫུན་ཡིན་ཏེ། བོད་ཀྱི་དཔེ་མཛོད་ཁང་ནི་རྡ་སའི་གཡས་གཡོན་གྱི་དཔེ་ཀློག་པ་དང་ཞིབ་འཇུག་པ་ཚོར་མེད་དུ་མི་རུང་པའི་དཔེ་མཛོད་ཁང་ཞིག་ཡིན།

  12. བསོད་ནམས་ཟླ་བ། says:
    2015-04-18 at 7:16 am

    བོད་ཀྱི་དཔེ་མཛོད་ལ་ཨིན་བོད་དྲ་ཚིགས་གཉིས་ཀ་སྔ་ནས་ཡོད། ཕྱི་ལོ་ ༢༠༡༤ ལོར་དྲ་ཚིགས་ཆ་ཚང་ལ་དྲ་དུག་གི་གཏོར་སྒོལ་ཐེབས་ཏེ་བསྐྱར་འཇུག་བྱེད་དགོས་ཁེལ། དབྱིན་ཡིག་དྲ་ཚིགས་དེ་སྔོན་དུ་བཟོ་ཐུབ་པར་བརྟེན་དེ་སྒྲིག་ཐུབ་བྱུང་བ་རེད། དེ་དང་མཉམ་དུ་བོད་ཡིག་དྲ་ཚིགས་དེར་སྐྱོན་ཆེ་ཤོས་ཤོར་ཡོད་པར་བརྟེན་བསྐྱར་སྒྲིག་མང་ཤོས་དང་དུས་ཚོད་མང་ཤོས་འགོར། བོད་ཡིག་དྲ་ཚིགས་བསྐྱར་བཅོས་མ་སྒྲུབ་བར་དྲ་ཐག་དེ་དབྱིན་ཡིག་དྲ་ཚིགས་ངོས་ལས་ཕར་ཙམ་རིང་བཀག་པ་མ་གཏོགས་མེད་པ་མིན། དྲ་ཐག་འདིར་གཟིགས་ http://tib.ltwa.net/ གསལ་བཤད་དུ་བྲིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme