Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོགས་གཙོ་སྤེན་པ་ཚེ་རིང་སྐབས་བཅོ་ལྔ་བའི་སྲིད་སྐྱོང་ཆགས་རྒྱུ་རེད།

Posted on 2016-03-142016-03-15 By ཁ་བརྡ 25 Comments on ཚོགས་གཙོ་སྤེན་པ་ཚེ་རིང་སྐབས་བཅོ་ལྔ་བའི་སྲིད་སྐྱོང་ཆགས་རྒྱུ་རེད།

image-ཆབ་སྲིད་དབྱེ་ཞིབ་པ་གཙུག་ལག་སློབ་ཐོན་རིག་ལྡན་རྣམ་གྲོལ།

 
ཕྱི་ལོ་༢༠༡༦ལོའི་སྲིད་སྐྱོང་གི་འོས་བསྡུ་ཚ་ཚ་འུར་འུར་འགྲོ་བཞིན་ཡོད་པ་དང་།དྲ་ཐོག་ན་འཛམ་གླིང་འཁྲུག་ཆེན་གཉིས་པ་ལྟ་བུའི་ཁ་དམག་རྒྱག་པ་དང་། པར་རིས་འདྲ་མིན་རྫུན་བཟོ་བྱེད་པ་སོགས་བོད་མི་རིགས་ཀྱི་ཡ་རབས་ཀུན་སྤྱོད་ཅེས་པའི་ཁ་ཚིག་སྙན་མོའི་ར་བ་ལས་བརྒལ་ཏེ་དགྲ་དགའ་གཉེན་སྡུག་དང་། བོད་པའི་ཀུན་སྤྱོད་སྐྱུག་བྲོ་བོ་ཞིག་འཛམ་གླིང་མི་མང་གི་མིག་སྔར་མངོན་པར་བྱས་པ་ནི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་བོད་པ་སྤྱིའི་བློ་ཕམ་ཞིག་རེད།

ད་ནི་སྐབས་སུ་བབ་པ་སླེབས་ལ་ཉེ་བའི་འོས་བསྡུར་དབྱེ་ཞིབ་ཅུང་ཙམ་བྱས་ན། སྲིད་སྐྱོང་བློ་བཟང་སེང་གེ་སྲིད་སྐྱོང་ལས་ཐོག་ཡིན་པ་དང་། སྲིད་སྐྱོང་གི་ལས་ཡུན་མགོ་བཙུགས་པ་ནས་ལོ་ལྔའི་རྗེས་ཀྱི་སྲིད་སྐྱོང་སྐབས་གཉིས་པར་ཧམ་སེམས་ཡོད་པའི་གོ་སྐབས་དམ་འཛིན་བྱས་པ། ལས་རོགས་བཀའ་བློན་ཁ་ཤས་མཛུབ་མོ་གར་བསྟན་ཤར་ཡིན་པ་བཅས་ཀྱིས་ས་གནས་དང་གཞིས་ཆགས་ཁག་གི་མི་མང་ལ་དངོས་རྫུན་འདྲེས་མའི་གཏམ་བཤད་མང་པོ་ཞིག་བྱས་པ་སོགས་ལ་བརྟེན་ནས་སྔོན་འགྲོའི་འོས་བསྡུའི་སྐབས་སུ་བློ་བཟང་སེང་གེར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད།

དབུས་གཙང་ཆོལ་ཁས་རང་ཁོངས་ནས་བཏོན་པའི་འོས་མི་ཕམ་ཉེས་སོང་བ་དྲིལ་བསྒྲགས་དང་། ས་གནས་ཁག་ཏུ་འབྲེལ་ལམ་གྱིས་མ་འདང་བའི་ཞན་ཆར་ངོས་འཛིན་གྱིས་འོས་དངོས་གཞིའི་སྐབས་སུ་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཆེ་རུ་བཏང་བ་དང་། མངའ་རིས་སྤྱི་མཐུན་ཚོགས་པ་དང་། མདོ་སྨད་ཆོལ་ཁ་གཉིས་ཀྱང་དབུས་གཙང་དང་མཉམ་འབྲེལ་ཆགས་པ། སྤེན་པ་ཚེ་རིང་གིས་རང་ངོས་ཀྱི་ཟིལ་ཤུགས་ངོམ་ཏེ་དྲང་བདེན་གཞི་ལ་བཞག་པའི་གཏམ་བཤད་སྤེལ་བཞིན་ཕྱོགས་སྐྱོད་བྱས་པ་སོགས་ལ་བརྟེན་སྲིད་སྐྱོང་ལས་ཐོག་པའི་ཡིན་ཤག་ཤག་གི་སྤོབས་པ་ཡོངས་སུ་འཁུམ་སྟེ། སྤེན་པ་ཚེ་རིང་གང་དུ་སོང་སར་རྗེས་འདེད་གཏོང་བཞིན་པ་ནི་སྲིད་སྐྱོང་བློ་བཟང་སེང་གེ་ཡི་ཕམ་ཁ་དང་པོ་རེད།

སྲིད་སྐྱོང་འོས་མི་གཉིས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་ཚོགས་པ་རེ་ཡོད་མོད་སྤྱི་ཚོགས་ཀྱི་མདུན་ལ་ཐོན་ཏེ་དངོས་སུ་དྲིལ་བསྒྲགས་བྱེད་མཁན་ཁྲོད་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ཚོར་སྤྱི་ཚོགས་ཀྱིས་ངོས་འཛིན་དང་རིན་ཐང་ཆེ་བ་བྱུང་ཡོད་པ་དང་། སྤེན་ཚེར་རྒྱབ་སྐྱོར་བའི་ནང་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བའི་དགེ་རྒན་དང་། སློབ་སྤྱི། གཞུང་ཞབས་ཟུར་བ།ཆོལ་ཁ་དབྱེར་མེད་་ཀྱི་ཤེས་ཡོན་པ་མང་པོ་ཞིག་ཡོད། སྲིད་སྐྱོང་ལ་འདི་ལྟར་མདུན་ལ་ཐོན་ཏེ་རྒྱབ་སྐྱོར་བྱེད་པའི་གནད་ཡོད་མི་སྣ་དཀོན་ཙམ་ཡིན་པ་མ་ཟད། རང་གི་ལག་རོགས་བཀའ་བློན་ཞིག་ཀྱང་བདག་བཟུང་བྱེད་མ་ཐུབ་པ་ནི་སྲིད་སྐྱོང་གི་ཕམ་ཁ་གཉིས་པ་རེད།

འདི་ལྟར་འགྲན་རྩོད་ཀྱི་གནད་འགག་སྐབས་སུ་གསར་འགོད་པ་ནི་སྤྱི་ཚོགས་ཀྱི་མིག་དང་རྣ་བ་ལྟ་བུ་ཆགས་ཀྱིན་ཡོད་པས་ཧ་ཅང་གལ་ཆེ་བ་དང་། གསར་འགོད་པའི་ལས་འགུལ་དང་དྲིལ་བསྒྲགས་ཀྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ངེས་ཅན་སྤྲོད་ཐུབ་པ་ཡིན། ཡིན་ནའང་། ཨ་རིའི་རླུང་འཕྲིན་ཁང་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། བོད་ཀྱི་དུས་བབ་གསར་ཁང་། ཁ་བརྡ་དྲ་བ་སོགས་བརྒྱུད་ལམ་གལ་ཆེ་མང་ཤོས་ཤིག་སྤེན་ཚེ་ཕྱོགས་སུ་ཡོད་པ་བློ་སེང་གི་རྒྱབ་སྐྱོར་བ་ཁག་ཅིག་གིས་སྡིགས་ར་སྐུལ་སྟངས་ལས་ཀྱང་ཤེས་ཐུབ་པ་ཞིག་རེད། མང་གཙོའི་སྤྱི་ཚོགས་ནང་གསར་འགོད་པ་རང་ཕྱོགས་སུ་འགུག་མ་ཐུབ་པའམ་གསར་འགོད་པའི་རྒྱབ་སྐྱོར་མ་ཐོབ་པ་ནི་བློ་སེང་གི་ཕམ་ཁ་གསུམ་པ་རེད།

འཇིག་རྟེན་གྱི་གཏམ་དཔེར། འུ་ཐུག་ན་སོ་རྒྱག་ཟེར་བ་ལྟར་སྲིད་སྐྱོང་བློ་སེང་གིས་ཉེ་ཆར་ཨེ་ཤ་ཡ་དང་ཨ་རིའི་རླུང་འཕྲིན་ཁང་གི་བགྲོ་གླེང་སྐབས་སུ་ང་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ཉེན་རྟོག་པར་རྩིས་སྤྲོད་རྒྱུ་ཡིན་ཚུལ་གྱི་འཇིགས་སྐུལ་བྱེད་བཞིན་པ་རེད།འཇིགས་སྐུལ་བྱས་པའི་ཉེར་ལེན་གྱིས་མི་ཁ་ཤས་དངོས་སུ་མདུན་ལ་ཐོན་ཏེ་ང་ཚོ་རྩིས་སྤྲོད་བྱེད་རོགས་ཟེར། དྲྭ་ལམ་སྲང་ལམ་དང་སྐད་ཆ་བདག་མེད་ཚོར་གདོང་ལེན་མི་ཐུབ་པ་དང་། འཛམ་གླིང་དུ་ཁ་འཐོར་རང་བཞིན་ཅན་གྱི་བོད་པའི་སྤྱི་ཚོགས་དང་མི་མང་ཚོར་ཁྲིམས་དང་ཉེན་རྟོག་པ་ལག་སོར་དྲུད་དེ་འཇིགས་སྐུལ་བྱས་པ་ནི་རྩིས་ལོག་ཅིག་དང་། རྒྱ་གར་ནང་ཡོད་པའི་མི་མང་ཉམ་ཆུང་ཚོར་དམིགས་ཚད་ཙམ་ལས་མེད་པའི་སྡིགས་ར་སྐུལ་བའི་བྱེད་ཐབས་དེ་ནི་བློ་སེང་གི་ཕམ་ཁ་ལྔ་བ་རེད།

ཕྱི་ལོ་༢༠༡༦།༣།༢༠ཉིན་ནི་སྲིད་སྐྱོང་འོས་མི་གང་རུང་གི་རྒྱལ་ཁ་དང་གང་རུང་གི་ཕམ་ཁའི་ཉིན་མོ་རེད། ཁྱོད་ཚོས་དབྱེ་ཞིབ་བྱས་ན་སུ་རྒྱལ་ངེས་རེད། དབུས་གཙང་དང་མངའ་རིས་གཉིས་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྟོབས་ཤུགས་རེད།སྟོབས་ཤུགས་འདི་སུ་ལ་ཡོད་ན་དེ་ལ་རྒྱལ་ཁ་ཐོབ་ངེས་རེད། ངས་ཚོད་དཔག་བྱས་ན་སྤེན་ཚེ་རྒྱལ་ངེས་རེད། གལ་སྲིད་སྤེན་ཚེ་ཕམ་ན་དབུས་གཙང་ཕམ་པ་རེད། མངའ་རིས་ཕམ་པ་རེད། བོད་བཙན་པོ་རིམ་བྱོན་དང་། བོད་བཙན་པོའི་དམག་རྒྱུད་ལ་ཤ་འདྲེས་རུས་འདྲེས་ཅན་གྱི་དབུས་གཙང་དང་མངའ་རིས་མི་མང་ནི་རང་ཉོས་ཕམ་ཁ་དང་ངོ་ཚ་གཟེད་མཁན་ཞིག་ཡིན་ནམ། རང་གི་ཆོལ་ཁའམ་སྒྲིག་འཛུགས་ལ་བརྩི་བཀུར་མི་བྱེད་པའི་མགོ་མེད་མཇུག་མེད་ཀྱི་མི་མང་ཞིག་ཡིན་ནམ། གཏན་ནས་ཡིན་མི་སྲིད་པས་ངས་ཚོད་དཔག་ལྟར་ན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་སྐབས་བཅོ་ལྔ་བའི་སྲིད་སྐྱོང་ཆགས་རྒྱུ་དེ་རེད།

བསམ་ཚུལ།

Post navigation

Previous Post: དོན་དངོས་ཀྱི་དགྲ་དགའ་གཉེན་སྡུག
Next Post: མཁས་དབང་བློ་བཟང་སེང་གེ། རྫུན་དང་ཧམ་པས་ཕམ་སོང།།

Comments (25) on “ཚོགས་གཙོ་སྤེན་པ་ཚེ་རིང་སྐབས་བཅོ་ལྔ་བའི་སྲིད་སྐྱོང་ཆགས་རྒྱུ་རེད།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-14 at 7:50 pm

    དཀྲུག་གཏེ་ཅིག་རེད་འདུག་གདའ། ཧཧཧཧ་་་་་དབུས་གཙང་ཕམ་་་་་མངའ་རིས་ཕམ་་་་་་་་ཆོལ་གསུམ་ཁ་གཏོར་ཐོངས་ཨ་་་་་་་་

  2. ལྷ།བྱ་འཕུར་མ། says:
    2016-03-14 at 8:09 pm

    ཧ་ཧ་ཧ། ཕམ་ཁ་ཟེར་ན་གང་ཤེས། སུ་རྒྱལ་མིན་བཤད་ཚོད་ཁག་པོ་རེད། མང་ཚོགས་དཀྱིལ་མ་ད་རུང་འུར་གཏམ་དབུ་ཆང་གིས་བཟི་བསྡད་ཡོད་པ་རེད།

  3. བྱང་ཆུབ་ལོ་མ། says:
    2016-03-14 at 9:04 pm

    སྔོན་འགྲོ་དང་དངོས་གཞི་གཉིས་བསྡུར་བ་ཡིན་ན། འགྱུར་བ་ཆེན་པོ་ཐེབས་ཚར་ཡོད། འགྱུར་བ་ཆེ་ཤོས་དེ་ད་ཆ་མང་ཚོགས་རྣམས་ལ་མཚོན་ན། སུས་བདེན་པ་བཤད་ཀྱིན་འདུག སུས་ཧམ་རྫུན་བཤད་ཀྱིན་འདུག་ཅེས་པའི་དྲི་བ་ཞིག་འཇུས་འདུག

    སྲིད་སྐྱོང་འོས་མི་གཉིས་བར་གྱི་བགྲོ་གླེང་ཐེངས་གསུམ་བྱས་པ་དེས། བློ་བཟང་སེང་གེ་ལ་ཕན་མ་སོང་། དེས་སྤེན་པ་ཚེ་རིང་ལ་ཕན་སོང་།

    བློ་བཟང་གེས་འོས་བསྡུའི་ལས་རིམ་ནང་རང་ཉིད་ཕམ་ཉེས་འགྲོ་བྱེད་ཀྱི་ནོར་འཁྲུལ་གསུམ་བཟོས་ཡོད།

    དང་པོ་ནི་དུས་དབང་ཕྱིར་འགྱངས་ཀྱི་ཡོང་རྐྱེན་གསལ་བཤད་ནང་འགལ་ཅན་སྤེལ་ནས་མང་ཚོགས་འཁྲུག་གཞི་བཟོས་པ་དེ་རེད།

    གཉིས་པ་ནི་རྒྱལ་གཅེས་དཔའ་བོ་གཉིས་ཀྱིས་རང་ལུས་མེ་སྲེག་གནང་བ་ལ་དོ་སྣང་ཙམ་ཡང་མེད་པར་གཞས་བཏང་ཞབས་བྲོའཁྲབ་སྟེ་རོ་ཐོག་ནས་རྟ་རྒྱུགས་པ་དེ་རེད།

    གསུམ་པ་ནི། ཁང་དངུལ་གྱི་རྩོད་རྙོག་དང་སྐུ་པར་སར་ཕབ་པའི་རྩོད་རྙོག་གླེང་སྒྲོག་མཁན་རིགས་ཉེན་རྟོག་པར་རྩིས་སྤྲོད་རྒྱུའི་འཇིགས་སྐུལ་བྱས་པར་མི་འགའ་རེ་མདུན་དུ་ཐོན་ནས་རང་ཉིད་ཉེན་རྟོག་པར་རྩིས་སྤྲོད་ཡོང་བའི་རེ་འདུན་ཞུས་ཡོད་ནའང་ཉེན་རྟོག་པར་རྩིས་སྤྲོད་མ་ཐུབ་པ་བཅས་རེད།

  4. བསྟན་འཛིན། says:
    2016-03-14 at 9:45 pm

    མི་བདེན་རྫུན་གཏམ་སྒྲོགས་མཁན་གྱི་ཆབ་སྲིད་དབྱེ་ཞིབ་པ་རིག་ལྡན་རྣམ་གྲོལ་ཐོན་བྱུང་། ཁྱེད་ཚོའི་རྫུན་དང་འུར་སྒྲོགས་ཀྱིས་དེང་སང་གི་མི་རྣམས་མགོ་སྐོར་དུས་ནམ་ཡང་གཏོང་ཐུབ་ཀྱི་མ་རེད། སྤེན་ཚེས་རྫུན་གྱི་འཁོར་ལོ་སྐོར་ནས་ཤར་ནུབ་གང་སར་སོང་རྗེས་བློ་སེང་གིས་རེ་རེ་བཞིན་རྫུན་སྐུག་རྣམས་སྟོན་སོང་། ལྷག་པར་དུ་དུས་དབང་སྐོར་གྱིས་སྤེན་ཚེ་ནག་པོ་xxxxབྱས་སོང་། སྐབས་གཉིས་པའི་བཙན་བྱོལ་གྱི་སྲིད་སྐྱོང་དེ་སྤེན་ཚེར་ཐོབ་པ་ཡིན་ན་ནམ་མཁའི་མེ་ཏོག་དང་རི་བུའི་རྭ་གཞི་གྲུབ་རྒྱུ་རེད། ད་དུང་བཙན་བྱོལ་བ་ཡོང་རྫོགས་xxxxའགྱུར་རྒྱུ་རེད།

  5. ནུབ་ཕྱོགས་གངས་ཕྲུག says:
    2016-03-14 at 10:03 pm

    སྤེན་ཚེ་ལ་རྒྱབ་བསྐྱོར་བ་ཤེས་ཡོན་ཅན་མང་ནི་རེད། ་བློ་སེང་གི་རྒྱབ་བསྐྱོར་བ་སེ་འབྲས་དགེ་གསུམ་གྱི་གྲྭ་བ་ཞེན་ཁོག་ཅན་དེ་ཚོ་རེད།

  6. རྣམ་རྒྱལ says:
    2016-03-14 at 10:12 pm

    དྲ་ཐོག་ན་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་ཉུང་ཞིག་མ་གཏོགས་མེད། དེ་དག་གིས་ཚིག་རྩུབ་བརྗོད་པ་དང་། སྒྲོ་སྐུར་བྱེད་པ། ཀླན་ཀ་འཚོལ་བ་མ་གཏོགས་རྒྱུ་མཚན་གནས་ལུགས་བརྗོད་མི་ཤེས། དེ་ནི་བློ་སེང་གི་ཕམ་ཁ་དྲུག་པ་ཡིན།

  7. བློ་བཟང་བཀྲ་ཤིས། says:
    2016-03-14 at 10:32 pm

    རྣམ་རྒྱལ་ལགས་ཀྱིས་གསུངས་པ་ངོ་མ་རེད། ང་མཁས་དབང་བློ་བཟང་སེངྒེ་ལ་མོས་པ་ཡོད་ཀྱང་ཁོང་གི་རྒྱབ་སྐྱོར་བ་དེ་ཚོས་ངའི་སེམས་པ་འགྱུར་ཅུག་སོང་། ཚེས་ཉི་ཤུ་ཉིན་ངའི་རྩ་ཆེའི་འོས་ཤོག་གཅིག་པུ་དེ་སྐོུ་སྤེན་ཚེ་ལ་འབུལ་རྒྱུ་ཡིན།

  8. གནམ says:
    2016-03-14 at 10:43 pm

    ཁ་ཚོད་དེ་འདྲ་གཅོད་མི་ཐུབ་པ་ཞིག་རེད། རྒྱུ་མཚན་བློ་སེང་ལ་ད་དུང་དུས་ཚོད་ཡོད་པ་རེད། ཁོས་ཁང་རིན་བསགས་རིམ་གྱི་དངུལ་འཛིན་དཔེ་བཤུས་དང་།
    དོན་གཅོད་གསར་བ་ལ་སྤོར་བའི་དུས་དང་དེའི་རྒྱུད་རིམ་ན་༧གོས་མཆོག་གི་སྐུ་པར་མེད་རབས་དང་མི་བཤམས་ལུག་གྱི་རྒྱུ་མཚན་ཁ་གསལ།
    དཔར་དེ་ལེན་མཁན་གྱི་མི་དེ་སུ་ཡིན་པ་དང་མི་དེ་མི་ཤེས་ན། དཔར་གྱི་metadate ལ་ཞིབ་འཇུག་གིས་བཙལ་འཚོལ་གྱིས་བདེན་ཁ་ཡོངས་བསྒྲག་བྱེད་ཐུབ་པ།
    རོ་ཐོག་བྲོ་འཁྲབ་ལ་དགོངས་དག་ཞུ་བ་དང་། དགྱ་བོད་མཛའ་འབྲེལ་དགོས་དོན་མེད་པར་བཞག་པ་དེ་བོད་སྤྱི་ཕན་གྱི་བྱ་བ་ཡིན་ཚུལ།
    ང་ལ་པར་འདྲ་མིན་དང་ཟུར་བཟའི་གནས་ཚུལ་ལ་དང་ལེན་བྱེད་ཐུབ་ཟེར་བཞིན་པའི་མཐའ་མ་དེར། འཇིགས་སྐུལ་ལ་མ་འགྲོ་རང་དབང་མེད་པ་དེ་རང་སྒེར་གྱི་ན་ཚ་ལས་བོད་སྤྱི་དོན་ལ་དམིགས་པ་ཡིན་པའི་ཡིན་ལུགས་དད་།
    དུས་དབང་གི་གནད་དོན་དེ་ཆུ་སྒང་ལ་འབྲེལ་བ་མེད་པ་དང་ཆུ་སྒང་གསར་རྙིང་གཉིས་ཀྱི་མཐུན་སྒྲིལ་གྱི་ཟམ་པ་ལྟ་བུ་ཡིན་པའི་བྱས་རྗེས་སོགས་སྒྲ་གཟིགས་བརྙན་དཔར་གང་རུང་ནས། གསལ་གསལ་ཐང་ཐང་བྱེད་པར་མགོ་བོ་ཞིག་ཡར་འདེགས་ཐུབ་ན། སྔོ་འགྲོའི་སྐབས་ལྟར་ཁོ་ལ་འོས་ཐོབ་པའི་རེ་བ་གཙང་མ་ཡོད་དོ།

  9. ཁྱུང་སེ། says:
    2016-03-14 at 10:59 pm

    བོད་རིགས་སྤུན་ཟླའི་ལྷན་དུ་ལྡིང་ཆ་གཅིག་གི་སྟེང་དུ་མི་བསྡོད་ཟེར་བ་དེ་བཟང་སྤྱོད་ཡིན་ནམ།

  10. རིག་གྲོལ། says:
    2016-03-14 at 11:00 pm

    སྔོན་འགྲོའི་སྐབས་སུ་ངེད་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེར་འོས་ཕུལ་བ་དང་ང་ནི་ཁོང་ལ་གུས་བཀུར་ཞུ་མཁན་ཞིག་ཡིན། ད་ནི་འོས་དངོས་གཞི་དེ་ཕུལ་ཐུབ་པ་མི་འདུག ཁོང་གི་རྒྱབ་སྐྱོར་བ་མང་པོ་ཞིག་མིའི་ཀུན་སྤྱོད་རྩ་ནས་མེད་མཁན་ཞིག་རེད་འདུག ལྷག་པར་སྲིད་སྐྱོང་ཁོང་གིས་རང་ཉིད་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཀུན་སྤྱོད་ཡག་པོ་མེད་པ་ཤེས་བཞིན་དུ་དེ་ཚོར་སློབ་གསོ་གནང་ཐབས་མི་བྱེད་པར་སྐྱོན་བརྗོད་བྱེད་མཁན་ཚོ་ཉེན་རྟོག་པར་རྩིས་སྤྲོད་བྱེད་རྒྱུ་ཡིན་ལུགས་བཤད་པ་འདིས་ང་ནི་ཐང་ཆད་སོང་། གལ་སྲིད་བློ་བཟང་སེང་གེ་སྲིད་སྐྱོང་ལ་ཐོབ་སོང་ནའང་་་་ངོ་མ་ཡིད་ཆད་སོང་།

  11. རིག་གྲོལ། says:
    2016-03-14 at 11:12 pm

    གོང་དུ་ནུབ་ཕྱོགས་གངས་ཕྲུག་གིས་ཟེར་བ་བདེན་པ་འདྲ་ཞིག་རེད། སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་པ་དྲ་འབུ་ཞིག་ཡིན་ནའང་ཡི་གེ་དག་ཆ་ཡོད་པ། ཚིག་གི་གོ་རིམ་འགྲིག་པ། སྡེབ་སྦྱོར་སྤུས་ཀ་ཡག་མོ། བརྗོད་གཞི་དབྱེ་ཞིབ་ཀྱི་རང་བཞིན་ལྡན་པ་ཞིག་འདུག་པས་འདྲ་ཙམ་མི་འདུག
    སྲིད་སྐྱོང་བློ་སེང་གི་རྒྱབ་སྐྱོར་བ་ཚོས་ཡིག་ནོར་དོན་ནོར་འབྲི་བ་མ་ཟད་བརྗོད་བྱར་དོན་སྙིང་མེད་པ། གཟའ་འཛིངས་བྱེད་པའི་གྲོང་ཚིག་སྐམ་པོ་དག་དགོན་པའི་བཀོར་གྱིས་བརྒྱངས་པའི་བླ་གྲྭ་ཁ་ཤས་ཀྱི་ཁ་ན་རླངས་པ་འཐུལ་བཞིན་ཡོད། ངོ་མ་དྲ་རྒྱ་ཉུལ་མཁན་ཚོའི་སྤུས་ཀ་ཡང་ཁ་ཁ་རེད་འདུག

  12. གངས་ཕྲུག། says:
    2016-03-14 at 11:39 pm

    སྤེན་ཚེའི་འཁོར་དང་བཅས་པ་ཤི་ཁར་འཕག་ཚག་རྒྱབ་ཀྱི་འདུག། ཁག་མེད། ཐབ་ཟད་པའི་མཚམས་དུ་དེ་འདྲ་མ་བྱས་རང་བྱེད་བྱུང་བ་ཡིན་པར་ངེས་འཛིན་ཡོད། ཉིན་བདུན་གྱི་རྗེས་སུ་སྲིད་སྐྱོང་དང་འབྲེལ་བའི་སྤེན་ཚེའི་མིང་དེ་སྟོང་པ་ཉིད་དུ་གྱུར་འགྲོ་རྒྱུ་རེད། དགོངས་པ་མ་འཚང་རོགས། སྤེན་ཚེའི་འཁོར་ཚོགས་རྣམ་པ། ད་་་་་་་ཨ་རག་རྒྱག་ཚོད་འཐུང་ཡ། སྤེན་ཚོགས་རྣམས།

  13. ཀརྨ་བློ་གསལ་ says:
    2016-03-15 at 2:11 am

    རིག་ལྡན་རྣམ་གྲོལ་ལ་ཁག་མི་འདུག དགེ་འདུན་པ་ཞིག་ཡིན་ན་མ་གཏོགས་སྤེན་ཚེ་ནས་གོང་ས་མཆོག་གིས་དུས་དབང་ཆེད་དགོས་དབང་གིས་དྲང་མོར་གསུང་མ་སོང་ཟེར་བ་དེའི་ཛ་དྲག་རང་བཞིན་མི་ཤེས། དེ་ནི་རྫུན་གསུང་སོང་ཟེར་བའི་ཞེ་ས་རེད་ལ། དགེ་འདུན་པ་ཞིག་གིས་རྫུན་བསྐྱོན་རྗེས་དགེ་འདུན་པའི་གྲལ་ནས་ཐོན་དགོས་ཀྱི་ཡོད། དེ་བས། རིག་ལྡན་རྣམ་གྲོལ་ནི་སློབ་མ་དངོས་མ་ཞིག་ཡིན་ན་གནད་དོན་འདིར་བསམ་བློ་གཏོང་དགོས་ཆགས་ཡོད།

  14. ཀརྡོ་གཉེར་ཕྱག་པ་ says:
    2016-03-15 at 2:18 am

    ད་ལོ་བློ་སེང་མུ་མཐུད་ནས་བྱེད་དུ་བཅུག་དགོས། གང་ཡིན་ཟེར་ན། སྤེན་ཚེ་ལ་རྒྱབ་སྐྱོར་ཤེས་ཡོན་ཅན་མང་པོ་ཡོད་ན་ཡང་། དེ་ཚོ་ཚང་མ་བློ་སེང་ལགས་ལ། འགྲན་རྩོད་བྱེད་མཁན་དང་། ཕྲག་དོག་བྱེད་མཁན་རྐྱང་རྐྱང་རེད། དེའི་ནངནས་་བྱེད་གཏེ་གཙོ་བོ་གཅིག་ནི། མོ་ཧྲང་བདེ་སྐྱིད་ཆོས་དབྱངས་རེད། ཡིན་དང་མིན། ད་དུང་དཔྱད་པ་ཡག་ཞོིག་གྱིས་དང་། དེ་ནས། ག་ལེར་ཤེས་ཡོང་ངོ་།།

  15. ཀརྡོ་གཉེར་ཕྱག་པ་ says:
    2016-03-15 at 2:37 am

    སྲིད་སྐྱོང་གི་གཏམ་བཤད་ལ་དཔྱད་དགོས་ན།
    https://www.facebook.com/sikyongpentse/videos/1724932591075256/

  16. བསྟན་འཛིན་ནོར་བུ། says:
    2016-03-15 at 2:43 am

    སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་གནང་མཁན་ཚོའི་ཁྲོད་དུ། ཆོལ་ཁ་ཆོས་ལུགས་དབྱེར་མེད་དང་ཡོངས་ཀྱི་བཀུར་བའི་མཁས་དབང་དང་། ལོ་མང་བོད་སྤྱི་དོན་ལ་ཞབས་ཞུ་བསྒྲུབ་མྱོང་མཁན་གྱི་གཞུང་གི་མཛད་གཙོ་རྣམ་པ། ལྷག་པར་དུ་ནམ་ཞག་རྒྱུན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་ཕྱག་ལས་གནང་བཞིན་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་ལས་བྱེད་བརྒྱ་ཆ་ ༩༠ ལྷག་ཡིན་པ།

    སྲིད་སྐྱོང་འོས་མི་བློ་སེང་ལ་རྒྱབ་སྐྱོར་གནང་མཁན་ཕལ་ཆེ་བ་ནི་ཕ་ཡུལ་གཅིག་པ་དང་། ཁྱོ་ག་ཕྱི་རྒྱལ་ལ་ཡོད་མཁན་དང་བཟའ་ཚང་ཁ་ཐོར་ལ་སོང་བའི་བུད་མེད་སྐོར་ཞིག་རེད། ལྷག་པར་དུ་བཀའ་ཤག་འོག་ལ་ལས་ཀ་གནང་མཁན་ལས་བྱེད་བརྒྱ་ཆ་ ༩༠ ལྷག་གིས་ཁོང་ལ་རྒྱབ་སྐྱོར་མེད་པར་བློ་ཕམ་ངང་གནས་ཡོད་པ་སོགས་ལ་བལྟས་ཚེ། ངས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན།

    བོད་ཀྱི་བླ་ན་མེད་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དོལ་རྒྱལ་ཁ་ལ་འཁྱེར་མཁན་མི་ངན་ཁ་ཤས་ཀྱིས་གཞི་མེད་སྐྱོན་འཛུགས་ཇི་ལྟར་བྱས་ཀྱང་སྲིད་སྐྱོང་གིས་ལོ་ལྔའི་རིང་ལ་ཉེན་རྟོག་པར་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་ཚིག་ཟུར་ཙམ་ཡང་ཐོན་མྱོང་མེད་ཀྱང་། སྲིད་སྐྱོང་ཁོ་རང་ལ་དྲང་བདེན་སྐྱོན་བརྗོད་བྱེད་མཁན་རྣམས་ཉེན་རྟོག་པར་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་བར་བོད་མི་མང་པོ་ཞིག་དེ་བས་བློ་ཕམ་བྱུང་ནས། ཁ་ཤས་ཀྱིས་བརྙན་པར་ནང་དངོས་སུ་ཐོན་ནས་ང་ཉེན་རྟོགས་རྩིས་སྤྲོད་བྱེད་རོགས་ཞེས་བདེན་པ་ངོམས་ནས་བློ་སྤོབས་དང་བཅས་བརྗོད་ཡོད་ཀྱང་། སྲིད་སྐྱོང་བློ་སེང་ཞལ་བཙུམས་ནས་ལྷག་ཡོད།

    མདོར་ན། བོད་མིའི་ལས་རྟགས་གཤམ་ལ། བདེན་པ་ཉིད་རྣམ་པར་རྒྱལ་འགྱུར་ཅིག ཅེས་བྲིས་ཡོད་ཀྱང་། གོང་དུ་བཞུགས་མཁན་སྲིད་སྐྱོང་མཆོག་གིས་བདེན་པ་རྒྱབ་སྐྱུར་གྱིས་འོས་ཐོབ་ཐབས་ཁོ་ནའི་ཆེད་མི་མང་ལ་དབུ་བསྐོར་ཞུས་པ་དེ་ནི་བློ་ཕམ་ཡིན་པས། མ་འོངས་པའི་ལོ་ལྔའི་གོ་སྐབས་དེ་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ལ་ཐོབ་རྒྱུ་ངེས་པ་རེད།

  17. ཅང་ཤེས་རྟ་མཆོག says:
    2016-03-15 at 3:02 am

    བཀའ་ཤག་འོག་ལ་ལས་ཀ་གནང་མཁན་ལས་བྱེད་བརྒྱ་ཆ་ ༩༠ ལྷག་གིས་བློ་སེང་ལ་རྒྱབ་སྐྱོར་མེད་པར་བློ་ཕམ་ངང་གནས་ཡོད་པ་སོགས་ལ་བལྟས་ཏེ། ངས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན།

  18. གངས་ཕྲུག། says:
    2016-03-15 at 4:55 am

    སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་མཁན་འཁོར་ཚོགས་དང་བཅས་པ་དང་། ལྷག་པར་དུ་ཟླ་བ་ཚེ་རིང་གཙོས་པའི་ཆོལ་ཁ་དང་གྲོས་ཚོགས་དཀྲུག་མཁན་གྱི་སྤྱི་འཐུས་པོའོ་དང་མོའོ་རུལ་སུངས་ཅན་འགའ་དང་། འཕྲིན་ལེན་སྐལ་བཟང་དང་དབྱར་རྩ་དགུན་འབུ་གཙོས་སྤྱི་ཚོགས་དང་དྲ་འབུ་དཀྲུགས་མཁན་ཚོ། བཀའ་བློན་ནས་བུད་པའི་བདེ་སྐྱིད་ཆོས་དབྱིངས་དང་གཞུང་ཞབས་ནས་ཐོན་མཁན་ཁག་ཅིག་གིས་མི་བདེན་རྫུན་སྒྲིགས་དང་འུར་གཏམ། ལུགས་མཐུན་མིན་པའི་བྱ་སྤྱོད་ངན་པ་དེ་ཚོས་གོང་གསལ་མི་སྣ་དེ་ཚོའི་བྱ་སྤྱོད་ལ་རྒྱུན་དུ་ཞིབ་འཇུག་དམ་འཛིན་བྱེད་དགོས་པ་བཟོས་ཡོད།

  19. ཛ་ཆུ་ཁའི་ཕོ་ཉ། says:
    2016-03-15 at 5:39 am

    སྲིད་སྐྱོང་བློ་སེང་ལགས་ལ་དྲང་བདེན་ཐོག་སྐྱོན་བརྗོད་བྱས་པར་མ་བཟོད་སྟབས་རྒྱ་གར་ཉེན་རྟོགས་པར་རྩིས་སྤྲོད་བྱ་རྒྱུ་ཡིན་པས་ཨ་རི་རླུང་འཕྲིན་ཁང་གི་བརྒྱུད་ལམ་བེད་སྤྱོད་བཏང་ནས་སྡིད་བསྐུལ་བྱས་པ་ནི་ཆེས་བློ་ཕམ་རེད། རང་ཉིད་ལ་སྐྱོན་བརྗོད་བྱས་ན་མ་བཟོད་ཅིང་། དོལ་ཚོགས་རྗེས་བྲངས་པ་ཚོར་༧གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱས་པ་དང་། སྐུ་འགྲམ་དུ་བཅར་ནས་ངོ་རྒོལ་བྱ་མཁན་ཚོར་ཉེན་རྟོགས་པར་རྩིས་སྤྲོད་བྱ་རྒྱུ་ཕར་བཞག་ཚིགས་སྐམ་ཀྱང་བཤད་མི་ཕོད་མཁན་མི་ཞིག་ང་ཚོར་མགོ་འཁྲིད་མི་དགོས་པ་ཡིན། སྲིད་སྐྱོང་སྔོན་འགྲོའི་འོས་བསྡུ་སྐབས་ངས་ཙ་ཆེའི་འོས་དེ་ཁོང་ལ་ཕུལ་བ་ནི། ད་ལྟ་ཁོང་གི་རང་མི་རིགས་ལ་མཐོང་ཆུང་དང་ཧམ་བཤད། དངོས་གསུམ་འཛེམས་མེད་ཐོག་སྐྱག་རྫུན་བཤད་པ། ཁོང་གི་རྒྱབ་སྐྱོར་བ་ཚོ་ནས་སྲིད་སྐྱོང་བློ་སེང་ལགས་སུ་དྲང་བདེན་སྐྱོན་བརྗོད་ཞུ་སྐབས་དེ་དག་མིན་པའི་གསལ་བཤད་བྱ་རྒྱུ་ཚབ་ལ་སྡིག་བསྐུལ་དང་དཔུང་ངོམ་བྱ་དང་བྱེད་བཞིན་པའི་བྱ་སྤྱོད་ལ་ཡིད་ཐང་ཆད་པ་མ་ཟད། སྙིང་རེ་རྗེ། ད་རིང་ངས་རྩ་ཆེའི་འོས་ཤོག་དེ་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནས་དྲང་བདེན་སྐད་ཆ་དང་ཁོང་གི་མཉམ་མྱོང་ལ་ཞིབ་ཚགས་དཔྱད་འབྲས་ཁོང་ལ་འབུལ་རྒྱུ་ཡིན། བོད་རྒྱལ་ལོ།།

  20. གངས་ཅན་པ།། says:
    2016-03-15 at 7:54 am

    ད་ལྟ་བར་དུ་གོང་ས་མཆོག་ལ་སྐྱོན་བརྗོད་མཁན་ག་ཚོད་བྱུང་ཡོད་ཀྱི་བཙོན་ཁང་ལ་སྐྱལ་བའི་ལོ་རྒྱུས་བྱུང་མྱོང་ཡོད་མ་རེད། ཡིན་ན་ཡང་ཁོ་སྲིད་སྐྱོང་ཞིག་ལ་སྐྱོན་བརྗོད་བྱས་པ་ཧང་ག་རེ་སང་ཡས་ཡོད་རེད། བོད་མི་ཚོས་ཤེས་དགོས་པ་ག་རེ་རེད་ཟེར་ན་སྲིད་སྐྱོང་ཁོ་ལ་རང་ཉིད་སྐད་གྲགས་ཅན་ཞིག་བཟོ་འདོད་པའི་ཆེད་དུ་སྲིད་སྐྱོང་རྩོད་ཀྱི་ཡོད་པ་ལས་བོད་མི་དམངས་ཀྱི་ཆེད་མ་ཡིན་པ་གོང་གི་གནཧ་ཚུལ་དེ་ལས་ཤེས་ཐུབ།།

  21. བཙན་རྒོད། says:
    2016-03-15 at 12:15 pm

    བློ་སེང་གི་རྒྱབ་སྐྱོར་བ་ཚོས་བྱེད་སྟངས་ལ་དངོས་གནས་་སུན་སོང་།མ་ཟད་དེ་རིང་ཆོལ་ཁའི་ཞེན་ཁོག་ཞིག་གི་དབང་གིས་དུས་ནམ་ཡང་བརྩི་མཐོང་དང་ཡིད་ཆེས་ཡོད་པའི་བཀའ་བློན་ཞིག་གིས་ཀྱང་འགྲིག་ཁྲིམས་ལ་སྣང་མེད་དང་།ཆེ་ཆུང་གི་དབྱེ་བ་མི་འབྱེད་པར་གནད་འགག་གི་སྐབས་སུ་རང་མདོག་ཕྱི་ལ་མངོན་པ་ཐོས་བྱུང་།དངོས་གནས་བློ་ཕམ་དགོས་པ་ཞིག་རེད་ལ།སེམས་སྐྱོ་བ་ཞིག་ཀྱང་རེད་འདུག

  22. འཇིགས་མེད་ says:
    2016-03-15 at 4:09 pm

    མཁས་དབང་རིག་ལྡན་ལགས་ཧ་ཅང་ཡག་པོ་གསུངས་འདུག་ངོ་མ་བདེན་འབའ་ཞིག་རེད་འདུག་ ད་དུང་མུ་མཐུས་ནས་མང་ཙམ་གསུངས་ཀླད་སྙིང་འཁྲེགས་བཟུང་ཅན་ཚོར་གོ་རྡ་མང་ཙམ་སྤྲོད་

  23. ཅང་ཤེས་རྟ་མཆོག says:
    2016-03-16 at 12:34 am

    མཁས་དབང་རིག་ལྡན་ལགས། ཡག་པོ་དང་རྒྱུ་མཚན་ལྡན་པ་བྲིས་འདུག ཐུགས་རྗེ་ཆེ།

  24. བདེན་པའི་རྒྱབ་ལངས། says:
    2016-03-16 at 2:52 am

    དྲ་གྲོགས་ཡོངས་འཚམས་འདྲི་ཞུ་བ་སྦྲག་ཐེངས་འདིའི་རྩལ་ཆེ་བའི་སྲིད་སྐྱོང་གི་འོས་དེ་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་ལགས་གུས་ཞབས་དང་བཅས་ཏེ་འབུལ་རྒྱུ་ཡིན། འོས་བསྡུའི་རྒྱུན་རིམ་ཁྲད་ཕྱོགས་བསྡོམས་ཞིག་རྒྱབ་ན་༢༠༡༦ གི་སྲིད་སྐྱོང་གི་རྒྱལ་ཁ་དེ་སྤེན་པ་ཚེ་རིང་ཐོབ་རྒྱུར་གདེང་ཚོད་དང་སྤབ་པ་ཆེན་པོ་འདུག

  25. ཀརྡོ་གཉེར་ཕྱག་པ་ says:
    2016-03-16 at 3:26 am

    ང་ནི། བློ་སེང་དང་། སྤེན་ཚེ་གཉིས་ལས། སྤེན་ཚེས་བློ་སེང་ལས། ལྷག་པ་འཇོན་ཐུབ་པ་རེ་བ་མི་འདུག ཁྱེད་རང་ཚོས་སྲིད་སྐྱོང་སུ་བདམས་ན་ཡང་། རང་གི་འདོད་པ་དང་མཐུན་པ་བདམས་ཐུབ་འདི་ཉིད་ཀྱིས། འགྲིགས་པ་རེད་སྙམ་མོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme