Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོགས་གཙོ་མཆོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོས་པ།

Posted on 2016-05-072016-05-07 By ཁ་བརྡ No Comments on ཚོགས་གཙོ་མཆོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོས་པ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
 

དཔལ་ལྡན་ཚོགས་གཙོ་མཆོག་གིས་དགའ་སྤོབས་དང་བཅས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་འགན་ཁུར་བཞེས་རྒྱུ་ཡིན་སྐོར་གསུངས་པ།

༄༅། །ཕྱི་ལོ་༢༠༡༦ ཟླ་༥ ཚེས་༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཡོལ་ཙམ་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པ་ཚོར་ཁོང་ཉིད་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བར་ཐུགས་ཚོར་ཇི་བྱུང་སྐོར་གྱི་དྲི་བར་ལན་འདེབས་གནང་དོན།
དེ་སྔོན་འོས་བསྡུ་འགྲོ་བཞིན་པའི་སྐབས་དང་འོས་བསྡུའི་ལས་རིམ་ཟིན་པའི་རྗེས་སུ་ཞུས་པ་ལྟར། ད་བར་བོད་སྤྱི་པའི་ལས་དོན་བྱས་པ་ཡིན། མ་འོངས་པར་མི་ཚེ་ལྷག་མ་གང་ཡོད་པ་དེ་ཡང་བོད་སྤྱི་པའི་དོན་དུ་གོ་གནས་ཡོད་མེད་ལ་མ་ལྟོས་པར་ལས་ཀ་བྱེད་ཀྱི་ཡིན། ཞེས་ཞུས་པ་ཡིན།

DSC_1301ལྷག་པར་འོས་བསྡུའི་ལས་རིམ་དང་འབྲེལ་བའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་འཚབ་ཆེན་པོ་བྱུང་ཡོད་པ་དང་། ཐུགས་དགོངས་དྭངས་ཆེད་ཐུགས་འཚབ་བྱུང་དགོས་པའི་རྒྱུ་རྐྱེན་གང་བྱུང་ཡོད་མེད་ང་ཚོས་ཞིབ་ཚགས་པོ་བྱས་ནས་བལྟ་དགོས་པ་དང་། ལས་ཀྱི་སྣེ་མོ་བ་ཚོ་ཡིནའང་འདྲ། མི་མང་ནང་ཡིན་ནའང་རེད། ང་ཚོ་ཚང་མས་གཞན་ལ་མཛུབ་མོ་འཛུགས་རྒྱུ་ཕར་བཞག་ནས། སོ་སོ་རང་ཉིད་ལ་མཛུབ་མོ་ཚུར་བཙུགས་ནས་ང་ཚོའི་སྐྱོན་དང་ནོར་འཁྲུལ་གང་དུ་ཤོར་ཡོད་པ་དེ་ཚོའི་ཐོག་བསམ་བློ་འཁོར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འོས་བསྡུའི་སྐབས་ང་ཚོས་ཕར་ཚུར་ཤོད་རེས་བྱུང་ཡོད། མ་འོངས་པར་དེ་རིགས་མི་ཡོང་རྒྱུའི་བསམ་བློ་གཏང་དགོས། ལྷག་པར་འོས་བསྡུའི་ལས་རིམ་གྲུབ་རྗེས་ང་ཚོ་ཚང་མས་ནུས་པ་མཉམ་སྤུངས་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་འདི་དགོངས་པར་འཇགས་ཏེ་ལས་ཀ་བྱེད་ཐུབ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བསྒྲུབ་རྒྱུ་དང་། ད་ལྟ་ཐུགས་འཚབ་བྱུང་བའི་གནས་བབས་དེ་ཚོ་ལྷ་དགོངས་དྭངས་རྒྱུའི་གནས་སྟངས་དེ་ལྟ་བུའི་འོག་ནས་ཡོང་རྒྱུ་ཞིག་ཆགས་ཀྱི་རེད། སོ་སོའི་ངོས་ནས་ཡིན་ནའང་དམ་བཅའ་བརྟན་པོ་ཡིན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དོན་གཅོད་ལ་འགྲོ་ན་ཡག་པོ་འདུག་ཅེས་གསུངས་པ་ལྟར་དང་ལེན་ཞུས་པ་ཡིན། ཨ་རི་སྐུ་ཚབ་དོན་གཅོད་ཀྱིས་བྱང་ཨ་རི་ཡོངས་རྫོགས་འགན་འཁྱེར་དགོས་ཀྱི་ཡོད། བྱང་ཨ་རི་ཞེས་བརྗོད་སྐབས་བྱང་ཨ་རི་དང་ཁེ་ན་ཌ་ཆགས་ཀྱི་ཡོད། ཨ་རི་ནི་འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་ཆེ་ཤོས་ཆགས་ཡོད་པ་མ་ཟད། ཆབ་སྲིད་ཀྱི་བསྟི་གནས་གལ་ཆེན་པོ་ཞིག་དང་། འཛམ་གླིང་ཆབ་སྲིད་ཀྱི་གཡོ་འགུལ་འགྲོ་སའི་ས་གནས་གལ་ཆེན་པོ་ཞིག་ཀྱང་ཆགས་ཡོད། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་བཀའ་དྲིན་དང་། བཀའ་ཤག་སྔ་ཕྱི་བར་གསུམ་ཚང་མས་སྐུ་ལས་སྐྱོན་པར་བརྟེན། ད་ལྟའི་ཆར་ཨ་རིའི་སྲིད་འཛིན་གིས་གཙོས་ཆབ་སྲིད་མི་སྣ་མང་པོ་ཞིག་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་ཡོད་པ་དང་། ༸རྒྱལ་བ་རིན་པོ་ཆེ་མཆོག་ལ་མོས་གུས་ཞུ་བཞིན་ཡོད། ལྷག་པར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་ནས་གྲོས་ཚོགས་གོང་མའི་འཐུས་མི་མང་པོ་ཞིག་ཡོད། གྲོས་ཚོགས་འཐུས་མི་སྐུ་བགྲེས་པའི་ནང་ནས་ཌ་ཡེན་ཕ་ཡེན་སི་ཊ་ཡེན་རེད། གྲོས་ཚོགས་འོག་མའི་ནང་ཚོགས་གཙོ་ཟུར་པ་ནེན་སི་པེ་ལོ་སི་མཆོག་གིས་དབུས་རྒྱབ་སྐྱོར་ཡག་ཐག་གཅོད་ཡོད། ཁོང་རྣམ་པ་ཚོ་དགུང་ལོ་བགྲེས་འགྲོ་གི་ཡོད་པར་བརྟེན། ཨ་རིའི་གྲོས་ཚོགས་གོང་འོག་ནང་མི་རབས་གསར་པ་ཚོའི་ཁྲོད་བོད་དོན་རྒྱབ་སྐྱོར་བཙལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། ལས་འགན་འདི་ལྕི་མོ་ཡིན་པ་མ་ཟད་རྒྱ་ཆེན་པོ་ཞིག་ཀྱང་རེད། ཆབ་སྲིད་ཀྱི་ལས་དོན་ཐོག་ནས་ཆབ་སྲིད་ཀྱི་མི་སྣ་ལྷན་དུ་འབྲེལ་བ་འཇོག་རྒྱུ་དང་རྒྱབ་སྐྱོར་ཤུགས་ཆེ་རུ་ཡོང་ཆེད་འབད་བརྩོན་བྱེད་རྒྱུ་རེད།

གཉིས་པ་ནི། ཕྱིས་སུ་བཙན་བྱོལ་སྤྱི་ཚོགས་ནང་སྤྱི་ཚོགས་ཀྱི་འགྱུར་འགྲོས་ཤུགས་ཆེན་པོའི་འོག་ནས་སྔ་མོ་ཡིན་ན་ཡུ་རོབ་ནང་བོད་པ་མང་བ་ཡོད། དེང་སྐབས་ཆ་བཞག་ན་བྱང་ཨ་རིའི་ནང་བོད་པ་ཕལ་ཆེར་སྟོང་ཕྲག་ཉི་ཤུ་རྩ་ལྔ་ཙམ་ཞིག་བསླེབས་ཡོད། བཙན་བྱོལ་ནང་བོད་མི་གྲངས་ད་ལྟ་བཤད་བཞིན་པ་དེ་འབུམ་གཅིག་དང་ཁྲི་ལྔ་ཡོད་པའི་ནང་ནས་བརྒྱ་ཆ་ཉི་ཤུ་ལས་མི་ཉུང་བ་ཞིག་ཨ་རིར་བསླེབས་ཡོད། བར་ལམ་འོས་བསྡུའི་ལས་རིམ་གྱི་ཐོག་ནས་བོད་རིགས་ནང་ཁུལ་ཆོལ་ཁ་དང་ལུང་ཚན་གྱི་འཐེན་འཁྱེར་བྱུང་ཡོད་ན་དེ་དག་ཞི་འཇགས་ཡོང་རྒྱུ་དང་། རང་དབང་ལུང་པའི་ནང་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཞིག་ཡོད་པ་དེ་ཚོའི་ནུས་པ་མཉམ་སྤུངས་བྱེད་རྒྱུ། ལྷག་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་ཀྱི་ཐེབས་རྩ་། བོད་པའི་སྤྱི་ཚོགས་ནང་ས་ཁུལ་སོ་སོར་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཡོད། དེ་བཞིན་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་བོད་རང་དབང་སློབ་ཕྲུག་ཚོགས་པས་མཚོན་པའི་ཚོགས་པ་མང་པོ་ཞིག་ཡོད། དེའི་སྒང་བྱང་ཨ་རིའི་ནང་བོད་རིགས་ཚོགས་པ་ཁག་སུམ་ཅུ་ཙམ་ཡོད་པ་དེ་དག་ཚང་མ་ང་ཚོའི་དོན་གཅོད་ལས་ཁུངས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རིགས་ཚོགས་པ། བོད་རིགས་ནང་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་དེ་དག་ཚང་མ་མཉམ་དུ་འཁྲིད་རྒྱུར་ལས་འགུལ་ཤུགས་ཆེ་སྤེལ་དགོས་ཀྱི་ཡོད། བཀའ་ཤག་གིས་རེ་བར་ངས་བྱེད་ཐུབ་ཀྱི་རེད་དགོངས་པ་དང་། ལས་ཀ་ཡིན་ནའང་རྒྱ་ཆེན་པོ་དང་གལ་ཆེན་པོ་ཡིན་སྟབས། ངས་ཁས་ལེན་ཞུ་དགོས་པ་དེ་འདྲ་ཆགས་ཡོད། དེ་བཞིན་དྭངས་ལེན་བྱེད་པའི་ནང་བྱང་ཨ་རི་དང་ཡུ་རོབ་ཀྱིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་སུམ་ཅུ་ཙམ་གྱི་ནང་ཡོད་པའི་ད་ལྟའི་མི་རབས་ཕྱི་རྒྱལ་ལ་ཕྱིན་པའི་བོད་མི་རྣམས་བོད་པའི་ཆོས་དང་རིག་གཞུང་ཐོག་གོ་བ་གཏིང་ཟབ་པོ་ཡོད་མེད་ལ་མ་ལྟོས་པར་གང་ལ་གང་ཙམ་གྱི་གོ་རྟོགས་ཡོད།

དེ་བཞིན་བཟང་སྤྱོད་ཐོག་འགྲིག་ཐག་ཆོད་ཡོད། ཡིན་ནའང་ཡུལ་གྲུ་དེ་དག་གི་ནང་གསར་སྐྱེས་བོད་མི་ཚོར་བོད་པའི་སྐད་ཡིག ཆོས་དང་རིག་གཞུང་བཅས་ཀྱི་ཐོག་ལ་གོ་རྟོགས་བསྐྲུན་དགོས་པ་དང་། ༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་བཞིན།ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་ཆོས་ཚོགས་ཁག་གཅིག་ཡོད་པ་དེ་དག་གི་ནང་ཚེས་བཅུ་ཉེར་ལྔ་ཚུགས་པ་ཙམ་མིན་པར་ཆོས་འཆད་ཉན་སྤེལ་རྒྱུ་སོགས་ཀྱི་ལས་གཞི་རྒྱ་ཆེན་པོ་ཞིག་ཡོད་པར་བརྟེན། ལས་འགན་དེ་དག་བསྒྲུབ་རྒྱུའི་གོ་སྐབས་དང་། ངར་ཡིད་ཆེས་བློ་གཏད་བྱས་པ་དེ་དག་དགའ་པོ་བྱུང་། བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོ་ཡིན་ནའང་བོད་སྤྱི་པའི་ཐོག་སོ་སོའི་འཇོན་ཚོད་དང་ནུས་པ་བཏོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་འོས་བསྡུའི་ལས་རིམ་དང་འབྲེལ་བའི་ཐོག་ནས་གནས་ཚུལ་མང་པོ་ཞིག་རྒྱ་ནག་གཞུང་ངོས་ནས་བེད་སྤྱོད་བཏང་བ་དེ་འདྲ་བྱུང་ཡོད། དེ་ལའང་གོ་བརྡ་ཤུགས་ཆེན་པོ་ཞིག་འགྲོ་གི་རེད་བསམས་ཀྱི་འདུག ང་ཚོ་མང་གཙོའི་འགྲོ་ལུགས་ཀྱི་ཐོག་ནས་གཅིག་གིས་གཅིག་ལ་རྒྱབ་སྐྱོར་བྱེད་རྒྱུའི་ལས་རིམ་དེ་ཟིན་པ་རེད། འོན་ཀྱང་དེ་ཚར་བའི་རྗེས་སུ་ང་རང་ཚོའི་སྟོབས་ཤུགས་དེ་དུས་རྒྱུན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་པ་བཞིན། ཡ་རབས་བཟང་སྤྱོད། དྲང་བདེན། འཚེ་བ་མེད་པ་དང་།

དེ་མཚུངས་དངོས་སུ་ང་རང་ཚོས་ལག་ལེན་བསྟར་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། ང་རང་བྱང་ཨ་རིར་འགན་ཁྱེར་བའི་སྐབས་སུ་བྱང་ཨ་རིར་ཡོད་པའི་བོད་རིགས་དང་བོད་པར་རྒྱབ་སྐྱོར་བྱེད་མཁན་ཚང་མར་སྙོབ་ཐུབ་པར་བྱས་ནས་ཚང་མ་མཉམ་དུ་ཁྲིད་རྒྱུའི་འབད་བརྩོན་ཡོད་དགུ་རྩལ་སྤྲུག་བྱ་རྒྱུ་ཡིན། དེ་བཞིན་རྣམ་པ་ཚོ་ཡིན་ནའང་ང་ཚོ་འདིར་ལས་ཁུངས་ནང་སྡོད་མཁན་གཅིག་པུས་འཇོན་རྒྱུ་ཡོད་པ་ཞིག་མིན་སྟབས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་རིགས་སྤྱི་མཐུན་ཚོགས་པ་གྲངས་སུམ་ཅུ་ཙམ་ཡོད་པ་དེ་དག་མངའ་སྡེ་ཁག་མི་འདྲ་བའི་ནང་གནས་ཡོད་སྟབས། ས་གནས་སོ་སོའི་གྲོས་ཚོགས་ཀྱི་འཐུས་མི་དང་བློན་ཆེན་ཁག་ལ་འབྲེལ་བ་བྱས་ནས། དེ་རིང་གི་བརྒྱུད་ལམ་འདིའི་ཐོག་ནས་བྱང་ཨ་རིའི་ནང་བོད་པའི་གནད་དོན་དེ་གཟེངས་སུ་ཐོན་རྒྱུར་ང་རང་ངོས་ནས་འབད་བརྩོན་བྱེད་རྒྱུ་དང་། རྣམ་པ་ཚོས་ཀྱང་མཐུན་འགྱུར་ཡོད་ཐོག་ནུས་པ་མཉམ་སྤུངས་བྱ་རྒྱུ་ཡིན་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་གནང་། ཞེས་གསུངས། །

གསར་འགྱུར།

Post navigation

Previous Post: ཨེ་རྗིབ་རྒྱལ་རབས་བྱུང་ཚུལ་མདོར་ཙམ་བརྗོད་པ།
Next Post: ས་པཎ་ཀུན་དགའ་རྒྱལ་མཚན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme