Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོགས་གཙོ་པད་འབྱུང་ལ་བསྐུར་བའི་འཕྲིན་ཐུང་ཨ་ཙ་མ།

Posted on 2021-03-30 By ཁ་བརྡ No Comments on ཚོགས་གཙོ་པད་འབྱུང་ལ་བསྐུར་བའི་འཕྲིན་ཐུང་ཨ་ཙ་མ།

སྒྲོན་ཉེར།     

༡༽   སྤྱི་འཐུས་ཚོགས་གཙོ་དང་རྒྱུན་ལས་རྣམ་པས་ཟླ་བ་མང་པོའི་རིང་གྲོས་ཚོགས་འཚོགས་དུས་ཕར་འགྱངས་བྱེད་ཆོག་པའི་ཆ་རྐྱེན་ཞིག་བཅའ་ཁྲིམས་ནང་གསལ་མེད་པ་མཁྱེན་ཡོད་ཅིང་། བཅའ་ཁྲིམས་ཀྱི་དགོངས་དོན་མ་ཡིན་པ་ཞིག་ཤེས་བཞིན་ལག་ལེན་བསྟར་ཡོད་ན་དེ་ཁྲིམས་འགལ་མིན་ན་ཅི་རེད།  གྲོས་ཚོགས་འཐུས་མིས་བཅའ་ཁྲིམས་ནང་དུ་ནད་ཡམས་དང་ས་ཡོམ། ཆུ་ལོག་ལ་སོགས་པའི་དུས་ཀྱི་གོད་ཆག་རིགས་བྱུང་ཚེ་དེ་ལ་དམིགས་བསལ་གང་ཡང་མི་དགོས་པའི་གནས་སྟངས་ཤིག་མ་འོངས་སྔོན་གཟིགས་ཀྱིས་བཅའ་ཁྲིམས་ནང་དུ་མ་གསལ་བ་ཡིན་རྒྱུ་རེད། གཞན་དུ་ན་གྲོས་ཚོགས་འཚོགས་དུས་ཤིག་ཕར་འགྱངས་ཇི་ལྟར་བྱེད་དགོས་མིན་གྱི་ས་མཚམས་གསལ་བོ་ཤིག་ཀྱང་མེད་པའི་གནས་སྟངས་འོག་བལྟས་པ་ཙམ་གྱིས་མཐོང་ཐུབ་པ་ནི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པའི་སྤུས་ཚད་ཡིན་དགོས་པ་མ་རེད་དམ། 

༢༽ སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལ་མཚོན་ན། རང་གི་གོ་གནས་ཀྱི་ཆེད་དུ་ཁྲིམས་ལུགས་ལ་རྒྱབ་གཏད་ནས་གོ་སྐབས་དམ་འཛིན་བྱེད་པར་རང་ནུས་གང་ཡོད་ཀྱིས་འཕག་འཚག་རྒྱག་མཁན་ཞིག་ཡིན་པ་ལས་ཁྲིམས་ཀྱི་དབང་སྒྱུར་ལ་ཐུགས་མཉེས་པོ་ཡོད་པའི་སྐུ་ངོ་ཞིག་མིན་པ་འདྲ། ན་ནིང་ཡང་བཀའ་བློན་ཞིག་གསང་བའི་འོས་ཤོག་བླུགས་ནས་འདེབས་སྐབས་ཁྲིམས་འགལ་གཅིག་བྱས་པ་རེད། མཐར་ཁིམས་ཞིབ་ཁང་གིས་བཀའ་བློན་དམ་འབུམ་གྱི་ལས་དོན་ངོས་ལེན་གནང་མེད། ཡིན་ནའང་། ཚོགས་གཙོ་པད་འབྱུང་གིས་རང་སྐྱོན་ངོས་ལེན་གྱི་ཚབ་ཏུ་གཡོལ་ཐབས་ཤ་སྟག་གིས་བརྒྱུད་ལམ་ཁག་ལ་མཐོང་ན་དགོད་བྲོ་ཞིང་བསམ་ན་སྙིང་ན་བ་གང་མང་ཞིག་གཅིག་རྗེས་གཉིས་མཐུད་དུ་བཤད་སོང་མོད། མི་གཅིག་གིས་ཀྱང་སྤྱི་འཐུས་ཚོགས་གཙོས་བཅའ་ཁྲིམས་ལ་མ་བརྩིས་པའི་ཉེས་ཆད་གཅོད་དགོས་པའི་བསམ་འཆར་བཤད་མཁན་ཧ་ལམ་བྱུང་མ་སོང་། ནམ་རྒྱུན་བདེན་པ་གཙུག་ཏུ་བཀུར་དགོས་པའི་གནས་ལུགས་ལ་བློ་གཏད་ནས་བླ་མའི་བཀའ་བཞིན་སྒྲུབ་མཁན་ང་ཡིན་ཟེར་བའི་མི་དེ་ཚོ་ཡང་འཇམ་མོག་གེར་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་བཟུང་ནས་བསྡད་སོང་བ་དེ་ཡང་ཡ་མཚན་པོ་མཐོང་སོང་། དེ་ལ་ཆོལ་ཁའི་ཕྱོགས་རེས་ཟེར་ཆོག་གམ། ངས་ནི་ཆོལ་ཁའི་ཕྱོགས་རེས་དང་ཆོས་ལུགས་འཐེན་འཁྱེར་ཟེར་བ་ཅི་འདྲ་ཡིན་པ་ངོས་འཛིན་མི་ཤེས། དེའི་ཕྱོགས་ནས་ང་ལ་ཉམས་མྱོང་གང་ཡང་མེད་པས་ངས་མི་ཤེས་སོ།། 

༣༽ ཚོགས་གཙོ་པད་འབྱུང་གིས་གྲོས་ཚོགས་འཐུས་མི་རྣམས་ལ་སྟངས་འཛིན་ནན་པོ་བྱེད་ཐུབ་ཀྱིན་མེད་པའི་གནས་སྟངས་འོག་ནས་གཡོན་ཐལ་ཆེ་ཞིང་མི་མང་བློ་ཕམ་འོས་པའི་དོན་དག་རེ་གཉིས་བྱུང་ཡོད་དེ། ཁ་སང་བྱུང་མ་ཐག་པའི་ཁྲིམས་ཞིབ་པ་གསུམ་གྲོས་ཚོགས་འཐུས་མིས་གནས་དབྱུང་བཏང་ཡོད་པ་འདི་གཅིག་རེད། བཅའ་ཁྲིམས་སུ་མི་གསལ་བ་ཞིག་སྤྱི་འཐུས་ཚོགས་གཙོ་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམས་ཀྱིས་ཐག་གཅོད་གསལ་བསྒྲགས་མ་བྱས་སྔོན་ལ་འབྲེལ་ཡོད་ཞིབ་ཁང་གི་མཛད་གཙོ་རྣམ་པར་གོ་བསྡུར་ཙམ་ཡང་མེད་པར་ནད་ཡམས་ཀྱི་རྐྱེན་གྱིས་གྲོས་ཚོགས་འཚོགས་དུས་ཕར་འགྱངས་བྱས་ཡུན་བཅའ་ཁྲིམས་ཀྱི་ལྕགས་རི་བརྒལ་སོང་ན་འགྲིག་ཐབས་ག་ལ་ཡོད། ཚོགས་གཙོའི་དབང་ཚད་དེ་ཡང་བཅའ་ཁྲིམས་ཀྱི་དགོངས་དོན་ལ་བསྟུན་ནས་བེད་སྤྱོད་བྱེད་དགོས་པ་ཞིག་ལོས་ཡིན་སྙམ། སྤྱི་འཐུས་ཚོགས་གཙོ་ཡང་མི་རེད། སྤྱིར་ན་ཉེ་རིང་ཆགས་སྡང་ལོས་ཡོད། འོན་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་པ་རྣམས་ལ་ཞེ་འཁོན་སྡང་ཟུག་ཅི་བས་ཆེ་བ་ནི་བློ་ཡུལ་ལས་འདས་ཞིང་། བོད་ཀྱི་རྩ་དོན་ལ་ཕན་ཐོགས་རྩ་བ་ནས་མེད་པ་ཞིག་རེད། 

  དེ་ནས་གྲོས་ཚོགས་འཐུས་མིས་ཆ་ཤས་ལེན་སྟངས་དང་ཚོགས་གཙོས་སྟངས་འཛིན་གནང་སྟངས་ཀྱི་ཆ་ནས་དཔེ་མཚོན་གཅིག་བཤད་ན། ཚོགས་གཙོ་པད་མ་འབྱུང་གནས་ལགས་ནི་བཅའ་ཁྲིམས་ལ་རྒྱུས་མངའ་ཡོད་པའི་མི་ཞིག་ཡིན་པའི་ཆ་ནས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ལ་ཡིད་ཆེས་མེད་བཞིན་དུ་གྲོས་ཚོགས་ར་བའི་ནང་དུ་ཡོང་ནས་གྲོས་ཚོགས་འཐུས་མིས་སྤྱི་མོས་ཐོག་གཏན་འབེབས་གནང་བའི་གཞུང་གི་སྲིད་བྱུས་ལ་ཚད་ལས་བརྒལ་བའི་མཐོང་ཆུང་ཁྱད་གསོད་ཀྱི་སྐད་ཆ་བཤད་ན་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་མེད་དམ། གལ་སྲིད་གོ་བོ་ཕན་བདེ་ཟེར་བ་དེས་ཀྱང་མཆོག་གསུམ་དཔང་དུ་བཙུགས་ནས་དམ་བཅས་ཡོད་པས་བཅའ་ཁྲིམས་ཀྱི་དགོངས་དོན་ཚུལ་བཞིན་བརྩི་སྲུང་བྱེད་མི་དགོས་དོན་ཅི་ཡིན་ནམ། གྲོས་ཚོགས་འཚོགས་འདུའི་སྐབས་སུ་ཚོགས་གཙོས་སྟངས་འཛིན་ནན་པོ་བྱེད་མི་དགོས་པའི་རིགས་ཀྱི་དབྱེ་བ་ཡང་དགར་ཆོག་གི་རེད་དམ། སྤྱི་འཐུས་ཚོགས་གཙོའི་དབང་ཚད་ཀྱིས་མང་གཙོའི་ལམ་ལུགས་ཀྱི་ལྕགས་རི་གཏོར་ནས་མི་མང་གི་འཐུས་ཚབ་ཅི་ལྟར་གནང་རྩིས་ཡོད་དམ། མདོར་ན། ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་མགོ་ཁྲིད་པའི་ཁྲིམས་བཟོ་ལྷན་ཚོགས་ནི་གང་ཟག་གི་དབང་སྒྱུར་སྟབས་བདེ་ཡོང་ཆེད་ཁྲིམས་གཞི་སྣ་ཚོགས་བསྐྱར་བཅོས་བྱས་ཏེ་མང་གཙོའི་གསོལ་རས་ཀྱི་སྲོག་ལ་སྒེར་གཅོད་ཀྱི་དུག་མདའ་འཕངས་དང་འཕེན་འཆར་ཡོད་པའི་ལྷན་ཚོགས་ཤིག་ཡིན་པ་མི་མང་གིས་ཤེས་དགོས་སོ།། 

བསམ་ཚུལ།

Post navigation

Previous Post: ཁ་བརྡའི་གསལ་བསྒྲགས།
Next Post: བོད་ཀྱི་སྲིད་སྐྱོང་གི་འོས་མི་གཉིས་ཀྱི་སྐོར་མདོ་ཙམ་བརྗོད་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme