Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚེས་ ༢༣ ཉིན་ཨ་མདོ་རེབ་གོང་མགོན་ཤུལ་ནས་རང་ལུས་མེར་བསྲེགས་གནས་ཚུལ།

Posted on 2012-11-242021-09-04 By ཁ་བརྡ་ 4 Comments on ཚེས་ ༢༣ ཉིན་ཨ་མདོ་རེབ་གོང་མགོན་ཤུལ་ནས་རང་ལུས་མེར་བསྲེགས་གནས་ཚུལ།

མདོ་སྨད་རེབ་གོང་མགོན་ཤུལ་དམེ་སྐོར་རུ་ཁག་དང་པོ་ནས་ཡིན་པ་རྟ་མགྲིན་རྡོ་རྗེ་༼རང་ལོ་ ༢༩༽ལགས་ཀྱིས། ཚེས་ ༢༣ ཉིན་རྒྱབ་བོད་ནང་གི་ཆུ་ཚོད་བདུན་པའི་སྟེང་། རྡོ་དཀར་མོ་ཞང་སྲིད་གཞུང་གི་སྒོ་ཁ་ནས་རང་ལུས་མེར་བསྲེགས་བཏང་སྟེ། དེ་གར་འདས་གྲོངས་ཕྱིན་འདུག དེ་ཡང་ཁོང་གི་རང་ལུས་ལ་མེ་སྦར་ཏེ་གོམ་པ་བཅུ་ཙམ་བར་གོམ་བགྲོད་གནང་འདུག་ཅིང་། དེ་མཚམས་ས་ལ་འགྱེལ་བ་ནས་ཡང་བསྐྱར་ཡར་ལངས་ཏེ་གོམ་བགྲོད་ཀྱི་སྟངས་ཀ་བྱས་པ་དེ་མ་ཐག་སར་འགྱེལ་མུར་འདས་གྲོངས་ཕྱིན་ཡོད་འདུག་ལ། གནས་ཚུལ་འདིའི་རྗེས་འབྲེལ་དུ་ས་གནས་མི་མང་དང་འདབས་འབྲེལ་གྱི་དགོན་སྡེ་ཁག་ནས་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་དཔའ་བོ་ཁོང་གི་སྐུ་ཕུང་མགོན་ཤུལ་སྔགས་སྒར་གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་གི་ཉེ་འགྲམ་དུར་ཁྲོད་ནང་གདན་ཞུས་ཀྱིས་ཞུགས་འབུལ་ཞུས་ཡོད་འདུག

འདི་གར་འབྲེལ་ཡོད་བརྒྱུད་གནས་ཚུལ་རག་སོན་ལྟར་ན། ཉེ་བའི་ཉིན་ཤས་གོང་ཁོང་གིས་ནང་མི་ཚང་མ་ལྷན་དུ་འཛོམས་བཅུག་ནས་ལྷན་དུ་གླེང་མོལ་དང་བཟའ་བཏུང་ལ་རོལ་འདུག་པ་དང་། དེ་བཞིན་དགའ་ཉེ་དང་གྲོགས་པོ་ཁག་ཅིག་རྩེ་ཁོག་རྫོང་ཐོག་ལ་ཁྲིད་སོང་ནས་དགའ་འཛོམས་མཐའ་མ་བྱས་ཡོད་འདུག་ལ། གནས་སྐབས་དེ་དག་ཏུ་འདི་ལྟར་དམ་དྲག་དང་མནར་གཅོད་འོག་ནས་ང་ཚོས་སྡུག་སྒོམ་བྱས་ནས་སྡོད་རྒྱུ་དཀའ་ཚུལ་སོགས་ཡང་ཡང་གླེང་ཞིང་། ལྷག་པར་རང་ལུས་མེར་བསྲེགས་མ་བཏང་གོང་གི་ཆུ་ཚོད་ཕྱེད་ཀའི་སྔོན་ཙམ་ལ་གྲོགས་པོ་ཞིག་དང་ཁ་བརྡ་བྱས་འདུག་པའི་སྐབས་སུའང་། འདི་ལྟར་མནར་གཅོད་དང་དམ་དྲག་གི་འོག་ནས་སྡོད་བཟོད་དཀའ་བའི་སྐོར་གླེང་མོལ་བྱུང་ཡོད་འདུག

འདི་གར་གནས་ཚུལ་འབྱོར་གསལ་ལྟར་ན། ཁོང་ལ་ནང་མི་དྲུག་ཡོད་འདུག་ཅིང་། ཨ་མའི་མིང་ལ་རྒྱ་མོ་སྐྱིད་ཞུ་ཡི་ཡོད་པ་དང་། ཁོང་ལ་སྤུན་མཆེད་བཞི་ཡོད་འདུག་པ་ལས་ སྲིང་མོ་ཚེ་བརྟན་སྒྲོལ་མ་༼རང་ལོ་ ༢༣༽ སྤུན་མཆེད་ཆོས་འཛིན་༼རང་ལོ་ ༢༢༽ ་སྐལ་བཟང་རྡོ་རྗེ་༼རང་ལོ་ ༡༥༽ ཡི་དམ་ཚེ་རིང་༼རང་ལོ་ ༡༣༽ རེད། རྟ་མགྲིན་རྡོ་རྗེ་ལགས་ནི་ཁྱིམ་ཚང་འདིའི་འཚོ་གནས་གང་ཅི་འགན་ལེན་བྱེད་པོ་ཁྱིམ་བདག་ཡིན་པ་རེད་འདུག

འདི་ཟླའི་ཚེས་ ༡༧ ཉིན་མགོན་ཤུལ་སྒར་བ་ནས་ཡིན་པ་གསང་བདག་ཚེ་རིང་གིས་རྡོ་དཀར་མོ་ཞང་སྲིད་གཞུང་གི་སྒོ་ཁ་ནས་རང་ལུས་མེར་བསྲེགས་བཏང་སྟེ་ངོ་རྒོལ་བྱས་ཡོད་པ་དང་། ཚེས་ ༢༣ ཉིན་རྟ་མགྲིན་རྡོ་རྗེས་རྡོ་དཀར་མོ་ཞང་སྲིད་གཞུང་གི་སྒོ་ཁ་ནས་རང་ལུས་མེར་བསྲེགས་བཏང་ཡོད་པ་གཉིས་ནི། ད་ཆ་རེབ་གོང་རོང་འབྲོག་ཏུ་ཤིན་ཏུ་ནས་དམ་དྲག་དང་གཞུང་ངོས་ནས་འཇིགས་སྐུལ་སུན་བཙེར་རིམ་བསྟུད་བྱེད་བཞིན་པའི་གནས་སྐབས་སུ་བྱུང་བ་ཞིག་ཆགས་ཡོད།

 གནས་ཚུལ་ཕྱོགས་སྒྲིག་པཿ  བོན་རྒྱ་བསྟན་འཛིན་རབ་རྒྱས།

གསར་འགྱུར།

Post navigation

Previous Post: དཔའ་བོ་ཚོར་བསྟོད་གླུ་ལེན་པར་འོས།
Next Post: རྒྱལ་གཅེས་དཔའ་བོ་རྟ་མགྲིན་སྐྱབས་ཀྱི་རྗེས་འབྲེལ་པར་རིས་གསར་འགྱུར།

Comments (4) on “ཚེས་ ༢༣ ཉིན་ཨ་མདོ་རེབ་གོང་མགོན་ཤུལ་ནས་རང་ལུས་མེར་བསྲེགས་གནས་ཚུལ།”

  1. ཐུ་བ་རྒྱ་མཚོ། says:
    2012-11-24 at 2:23 am

    གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
    རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
    རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་མཆོག །
    བྱང་ཕྱོགས་ཤམ་བྷ་ལ་རུ་མྱུར་སྐྱེ་ཤོག །

  2. ཁྱུང་དཀར says:
    2012-11-24 at 5:49 am

    ཨ་ཧོ། ད་མེ་སྲེག་གཏོང་མི་ཉེན་ཀི མེ་སྲེག་གི་གྲངས་ཚད་འདི་འདྲར་སླེབས་ཀྱང་གྲུབ་འབྲས་ལས་ལྡོག་སྟེ་ས་གནས་ཁག་ཏུ་དམ་དྲག་ཤུགས་ཇེ་ཆེ་ནས་ཇེ་ཆེར་རེད། ཕྱི་ལོག་གི་རྒྱབ་སྐྱོར་ལ་ཆ་བཞག་ནའང་དེ་འདྲ་ཞིག་རེད། རེ་བ་ནི་རེ་བ་ཡིན་པ་ལས་དོམ་དམ་པའི་སྟོང་པ་རེད། རྒྱལ་ཁབ་སུ་ལ་མཚོན་ལ་ནའང་རང་ཉིད་ཀྱི་ཁེ་ཕན་གཡུགས་ནས་གཞན་ལ་རོགས་སྐྱོར་ཟེར་བ་དཀའ་མོ་རེད། དེ་ཡིན་དུས་མི་སྒེར་ཐོག་ནས་རྒྱབ་སྐྱོར་མཚོན་པ་ལས་གཞུང་ཐོག་ནས་རྒྱབ་སྐྱོར་མེད་པ་རེད། ཡིན་ཡང་། རེ་བསྐུལ་འདྲ་ཞིག་ཞུ་ཀི་ཡོད་ནའང་། དེ་རྒྱ་གཞུང་གིས་ཉན་ཡ་ཕར་བཞག་ནས་ནང་སྲིད་ལ་ཇུས་གཏོགས་མེད་པའི་བརྡ་ལན་སྤྲོད་དུས་རྒྱལ་ཁབ་སུ་གང་གིས་ཀྱང་ཡ་ལན་སྤྲོད་ཀི་མེད་ལ་ཡ་ལན་སྤྲོད་སྲིད་པ་ཞིག་ཀྱང་མ་རེད། དེ་ཡིན་དུས་ཕྱི་ལོག་གི་རྒྱབ་སྐྱོར་ལ་རེ་བ་རྒྱག་རྒྱུ་མེད་པ་རེད། བོད་ནང་ལོག་གི་རྒྱལ་གཅེས་དཔའ་བོ་རྣམ་པས་གཅེས་པའི་ཚེ་སྲོག་མེ་བསྲེགས་ཀྱིས་ཚད་མཐོ་བའི་འཚེ་མེད་ཞི་བའི་ལམ་ནས་རྒྱ་གཞུང་གི་སྡིག་རྩུབ་ཀྱི་བྱ་སྤྱོད་ལ་ཡ་ལན་བསློགས་ནས་ད་ནི་རྒྱལ་གཅེས་དཔའ་རྒོད་བརྒྱད་ཅུ་བརྒལ་བའི་ཚེ་སྲོག་ཤོར་ཡང་ད་དུང་ཁོང་ཚོའི་མངོན་འདོད་བརྩི་སྲུང་ལས་བརྒལ་ཏེ་རྡོག་རོལ་གྱི་བྱ་སྤྱོད་སྤེལ་མགོ་བཙུགས་ཡོད། མ་ཟད། གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་སྟོན་མཁན་ཚང་མར་ཉེན་བརྡ་དང་ཁྲིམས་ཆད། ལས་གནས་ནས་ཕྱིར་ཕུད་གཏོང་སྲིད་པའི་ཐ་ཚིག་ཀྱང་བསྒྲགས་འདུག འདི་ལྟར་མུ་མཐུད་དུ་སོང་བ་ཡིན་ན་གྲུབ་འབྲལ་ལས་དཀའ་ངལ་འཕྲད་མཁན་གཞིས་ལུས་མི་དམངས་ཆག་ཡོད་དུས། ཚང་མའི་ཕ་ཡུལ་མི་དམངས་ལ་བསམ་བློ་གཏོང་དགོས། ང་རང་ལ་མཚོན་ན་ཚེ་སྲེག་མེ་སྲེག་གི་གནས་ཚུལ་རེ་རེ་གོ་དུས་སེམས་པ་སྐྱོ་བས་གཟིར་ལ་བོད་མི་སུ་ཡིན་ཡང་ཕངས་སེམས་དང་སྐྱོ་སྣང་སྐྱེས་ངེས་པ་ཞིག་རེད། གང་ལྟར་ཀྱང་ཚེ་སྲོག་གི་འགྲོ་གྲོན་འདི་འདྲ་བཏང་ཡང་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་ལས་སྡེབས་ལངས་ཀྱི་ངོ་བོ་འགྱུར་ཐུབ་ཀི་མེད་ལ་སྡེབས་ཚོགས་དགོས་སྲིད་གཞུང་ལ་ངོ་རྒོལ་བྱེད་ཐུབ་ཀྱི་མེད། འདི་རིགས་ནི་ལས་སླ་བོ་ཞིག་གཏན་ནས་མིན། ཡིན་ཡང་མེ་སྲེག་དང་བསྡུར་ན་ཚེ་སྲོག་འཕྲོག་མིན་ལ་བར་ཁྱད་ཅི་བས་ཆེ་ལ་འགུལ་ཤུགས་ཀྱི་ཕན་ནུས་དང་ཁྱབ་བརྡལ་ལ་སྟོབས་ཤུགས་ཆེ་བར་སྙམ། སོང་ཙང་། བཙན་བྱོལ་དུ་གྱར་བའི་སྤུན་ཟླ་རྣམ་པས་རང་རང་གི་ཡུལ་ཕྱོགས་དང་ཕ་མ་སྤུན་མཆེད་སོགས་ལ་ནང་མོལ་གྱི་ཚུལ་དུ་རང་ལུས་མེ་སྲེག་གི་ནུས་ཤུགས་སླེབས་ཁག་པའི་བཀལ་མོལ་དང་འབྲེལ་ནས་བཅའ་ཁྲིམས་སྒྲིག་འཛུགས་ལག་བསྟར་ལ་ཚང་མ་མཉམ་ལངས་དང་སྡེབས་སྤུངས་དང་ཆིག་སྒྲིལ་དགོས་བརྩོན་ལེན་བྱ་ཐུབ་ན་ངེས་དོན་གྱི་རང་སྐྱོང་ལག་བསྟར་བྱ་བར་ཕན་ནུས་ཆེ་ཙམ་འདོན་ཐུབ་པའི་བསམ་ཚུལ་དང་རེ་སྐུལ་ཞུ་བར་ཕ་ཡུལ་གྱི་ཕྱོགས་སོ་སོར་ཁྱབ་བརྡལ་དུ་འགྲོ་ཐུབ་པ་ཡིན་ན་ལས་འགུལ་གྱི་ཁ་ཕྱོགས་འགྱུར་ཏེ་ཚེ་སྲོག་རྒྱུན་བསྲིང་ངང་བྱ་བཞག་ལམ་ལྷོང་འབྱུང་ངེས།

  3. lhamotsering says:
    2012-11-24 at 7:15 am

    མེ་སྲེག་འདི་མཚམས་འཇོག་ཐབས་ལ་འབད་མཁན་ཞིག་ཡོད་ན་དེ་ལས་ལྷག་པའི་དགེ་བ་ཞིག་གང་ན་ཡོད།
    དྲ་གྲོགས་རེབ་གོང་ཚོས་སོ་སོའི་ཕ་ཡུལ་ལ་མཚམས་འཇོག་གྱི་འབོད་སྐུལ་ཞིག་གནང་རོགས་ཞུ་ཞེས་ངས་
    སྙིང་གར་ཐལ་མོ་སྦྱར་ནས་ཞུ་གི་ཡོད།

  4. མེ་ཏོག་དཀར་པོ says:
    2012-11-24 at 9:02 am

    མེར་སྲེག་མཚམས་འཇོག་བྱེད་ཐུབ་མཁན་རྒྱ་གཞུང་མ་གཏོགས་གཞན་སུ་ཡོད་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme