Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚེས་ ༡༠ ཉིན མདོ་སྨད་ཨ་མཆོག་ཏུ་རང་ལུས་མེར་བསྲེགས།

Posted on 2012-11-102012-11-10 By ཁ་བརྡ་ 11 Comments on ཚེས་ ༡༠ ཉིན མདོ་སྨད་ཨ་མཆོག་ཏུ་རང་ལུས་མེར་བསྲེགས།

༼བོད་ཀྱི་དུས་བབ་དྲ་ངོས་ནས་འདྲེན་བཀོད་ཞུས།༽

ཕྱི་ཚེས་ ༡༠ ཉིན་མདོ་སྨད་ཨ་མཆོག་ཀླུ་ཤོད་སྐེད་སྡེ་བའི་རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་འདུག
ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་བོད་ནང་ཆུ་ཚོད་ ༢ དང་སྐར་མ་ ༢༠ ཙམ་གྱི་སྟེང་། མདོ་སྨད་ཨ་མཆོག་སྨད་དམ་ཀླུ་ཤོད་སྐེད་སྡེ་བའི་རང་ལོ་ ༡༩ ཡིན་མགོན་པོ་ཚེ་རིང་ལགས་ཀྱིས། ཀླུ་ཤོད་ཁུང་རུ་ཐང་ངམ་བཤད་སྒྲུབ་དར་དགོན་པའི་གླིང་ནས་རང་ལུས་མེར་བསྲེགས་བཏང་སྟེ། མེ་ཕུང་ཁྲོད་ “མི་རིགས་ལ་རང་དབང་དགོས། སྐད་ཡིག་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་དགོས” ཞེས་སྐད་འབོད་བྱེད་བཞིན། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་པ་དང་། སྐབས་དེར་ཕྱོགས་སོ་སོ་ནས་དགེ་འདུན་པ་མང་པོ་བསླེབས་མེ་གསོད་ཐབས་བྱས་ཡོད་ཀྱང་། མེ་ལྕེ་ཆེ་དྲགས་སྟབས་ནུས་པ་ཆེས་ཆེར་མ་བྱུང་པར། བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ དང་སྐར་མ་ ༤༠ ཙམ་ལ་སྐུ་གྲོངས་ཡོད་པ་དང་། ཁོང་གི་སྐུ་ཕུང་དགོན་པ་ནས་སྐེད་སྡེ་བར་གདན་འདྲེན་ཞུས་ཏེ་དགེ་འདུན་པས་བསྔོ་སྨོན་གསུང་བཞིན་ཡོད་འདུག
ཨ་འཇམ་ལགས་ཀྱིས་གནས་ཚུལ་བརྗོད་པ་ལྟར་ན། རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ལགས་ཀྱི་ཕའི་མིང་ལ་བཀྲ་ཤིས་བསོད་ནམས་དང་ལོ་ ༤༢ ཡིན་འདུག མའི་མིང་ལ་སྙིང་ལོ་ཟེར་ཞིང་རྒྱལ་གཅེས་དཔའ་བོ་ཁོང་ལོ་ ༣ ཡིན་དུས་མ་ཚེ་ལས་འདས་རྗེས། ད་ལྟ་རང་ལོ་ ༤༠ སོན་པའི་མ་གཡར་མགོན་པོ་སྐྱིད་ཀྱིས་གཉོར་སྐྱོང་འོག་ནང་སོན་པ་ཞིག་ཡིན་འདུག རྒྱལ་གཅེས་དཔའ་བོ་ཁོང་གིས་ ༢༠༡༡ ལོའི་ལོ་མཇུག་ཏུ་ཁྱིམ་ཐབ་བཟུང་སྟེ་ཆུང་མ་འབྲུག་མོ་ཕྱུག་དང་གཉེན་སྒྲིག་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཁོང་ཕྱི་ཚེས་ ༩ ཉིན་གྱི་དགོང་མོ་ཕ་མ་དང་གཉེན་ཉེ་བཅས་མཉམ་དུ་ཡོད་པ་དང་། སྐབས་དེར་ཁོང་ཧ་ཅང་ཁུ་སིམ་པོ་དང་བག་ལྷོད་དུ་སྡོད་པ་ཙམ་ལས་དམིགས་བསལ་གྱི་རྣམ་འགྱུར་གང་ཡང་མངོན་མི་འདུག ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦ དང་སྐར་མ་ ༣༠ ཙམ་ལ་དགོན་པར་མཇལ་བར་འགྲོ་རྒྱུ་ཡིན་ཚུལ་བརྗོད་དེ། སྦག་སྦག་ཞོན་ནས་སྐེད་སྡེ་བའི་རང་ཁྱིམ་དང་ཁ་བྲལ་ཏེ། སྤྱི་ལེ་ ༡༥ མཚམས་སུ་ཡོད་པའི་ཀླུ་ཤོད་དགོན་བཤད་སྒྲུབ་བསྟན་དར་གླིང་དུ་ཕྱིན་ཡོད་པ་དང་། ཉིན་དེའི་ཕྱི་དྲོ་ཆུ་ཚོད་ ༢ སྐར་མ་ ༢༠ ཙམ་ལ་དེ་གར་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག

རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ནི། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཨ་མཆོག་སྨད་དམ་ཀླུ་ཤོད་སྐེད་སྡེ་བ་ནས་ཡིན་ལ། རང་ལོ་ ༡༡ ནས་ཀླུ་ཤོད་སློབ་ཆུང་དུ་ཞུགས་ཏེ་མདོ་ལྷོ་གཙོད་བོད་རིགས་སློབ་འབྲིང་གི་འབྲིང་རིམ་འཛིན་གྲྭ་གཉིས་པ་བར་དུ་སློབ་གཉེར་བྱས་ཤིང་། སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དུའང་སློབ་མ་དཔེ་ལེགས་དང་རྒྱུགས་འབྲས་རྩེ་ཕུད་ཀྱི་བྱ་དགའ་ཡང་ཐེངས་དུ་མར་ཐོབ་ཡོད། ཁོང་ནི་དུས་རྒྱུན་དུ་རྩེ་དགའ་ཆེ་ཞིང་ཡ་རབས་ཀྱི་གཤིས་ཀ་ལྡན་པ་ཞིག་ཡིན་པར་མ་ཟད། སློབ་གྲྭའི་རྩེད་རིགས་སོགས་རིག་རྩལ་གྱི་ཁྲོད་དུའང་ཐེངས་དུ་མར་ཞུགས་མྱོང་ཡོད་འདུག རྗེས་སུ་སློབ་གྲྭར་མུ་མཐུད་དུ་འགྲོ་ཐུབ་མེད་ཀྱང་། ད་ལོའི་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་རང་སྡེ་བའི་ནང་ནས་སློབ་གསོ་དང་འབྲེལ་བའི་ཁ་ཤགས་སྒྱུ་རྩལ་གྱི་འཁྲབ་སྟོན་བྱས་ཏེ་མི་མང་སེམས་འགུལ་ཐེབས་བཅུག་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

གསར་འགྱུར།

Post navigation

Previous Post: བུ་ལོས་ཕ་ལོར་ཕུལ་བའི་སེམས་འཕྲིན།
Next Post: ཆིག་ལབ་རིང་མོ། ༼ཚན་པ་དང་པོ༽

Comments (11) on “ཚེས་ ༡༠ ཉིན མདོ་སྨད་ཨ་མཆོག་ཏུ་རང་ལུས་མེར་བསྲེགས།”

  1. ཅོག་རོང་གི་མྱི། says:
    2012-11-10 at 11:24 pm

    ཀྱེ་མ་ཀྱི་ཧུད་སྐྱོ་བ་ལ།

  2. སྦྲ་དཔལ་ལྡན། says:
    2012-11-11 at 12:18 am

    ད་དངོས་གནས་རང་ལོ་བཅོ་ལྔ་བཅུ་དྲག་ བཅུ་བདུན་བཅོ་བརྒྱད་ བཅུ་དགུ་ཅན་ཚང་མ་ཚར་ངེས་རེད། དངོས་གནས་དཔའ་བོ་ཁོངས་ལ་གུས་འདུག་དང་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ།

  3. མེ་ཏོག་དཀར་པོ says:
    2012-11-11 at 2:14 am

    ད་ང་ཉིན་ནས་ཉིན། ཆུ་ཚོད་ནས་ཆུ་ཚོད། རྒྱ་ནག་ལ་ཁོང་ཁྲོ་གི སྙིང་ལང་གི ང་ཡི་སྤུན་ཟླ་གསོད་མཚམས་འཇོག་དགོས། དེ་མུར་ལུས་ན་འཇུག་འབྲས་བཟང་པོ་དང་སྐྱིད་པོ་མི་ཡོངས་བ་ཤེས་དགོས། རྒྱ་ནག་མི་མང་གི་ཤེས་པར་གྱིས། རྒྱ་ནག་གཞུང་གིས་ཤེས་པར་གྱིས།

  4. འཁྱམས་པོ says:
    2012-11-11 at 2:18 am

    ཨ་་་་་ཨ་་་་ཨ་་་་་་་ངོས་གནས་འཕང་པ་ལ་་་་་་
    གསར་འགོད་ལུས་ཁུངས་ལགས་ང་ཚོས་འཛམ་གླིང་མི་མང་གི་མདུན་དུ་རང་ལུས་མེར་སྲེག་གི་གྲངས་ཀ་དེ་གསལ་པོ་ཞིག་བཟོས་ན་ལེགས་པ་འདྲ།
    དཔེར་ན་་་་རྒྱལ་གཅེས་པ་ཁོང་ནི་རང་སྲེག་ཐེངས་༧༠ པ་དེ་ཆགས་ཡོད་པ་རེད་་་་ཞེས་བ་ལྟ་བུ་
    གནས་ཚུལ་གྱི་འགོར་བཀོད་ན་ཡག་པ་ཡོད་པ་འདྲ།

  5. ཁྭ་ཏ་ཁ་ཏ་བ། says:
    2012-11-11 at 2:42 am

    ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་ ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ། ཚེ་སྲོག་གི་མགྲོན་ཤོག་བདུན་བཅུ་པ།

  6. མེ་ཏོག་དཀར་པོ says:
    2012-11-11 at 2:57 am

    གོང་གི་ཁྭ་ཏ་ལགས། ཡིག་རྫོབ་མ་འགེངས་རོགས་ཞུ།

  7. དགེ་བསམ says:
    2012-11-11 at 7:58 am

    འདི་ལྟར་དཔའ་བོ་དཔའ་མོ་བཞུད་སོང་།
    བཞུད་ཤུལ་ནས་ང་ཚོ་འདི་ལྟར་ལྷག་སོང་།།
    རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ།
    ང་ཡང་འདི་ལྟར་བཞུད་འདོད་ཀྱང་བློ་སྟོབས་ཀྱི་འདང་མ་སོང་།
    སྐྱོ་བའི་མིག་ཆུ་གཏོང་བ་ལས་འཇོམ་མ་སོང་།

  8. འདྲེ་ནག་མགོ་དགུ་ says:
    2012-11-11 at 8:48 pm

    བོད་མི་རིགས་ཀྱིས་མེར་སྲེག་རེ་རེ་ང་ཚོ་ལ་ན་ཚ་རེ་རེ། དགྲ་བོ་རྒྱ་དམར་གྱི་སེམས་ལ་དགའ་ཚོར་རེ་རེ།
    ཁོ་བ་ཚོས་ང་ཚོ་འདི་ལྟར་རྫོགས་ན་བསམ་བཞིན་ཡོད། ཀླ་ཀློའི་ཧམ་ཤེད་དང་རྒྱལ་སྤྱིའི་མིག་ཟུང་བཙུམ་པའི་སྣང་མེད་ཅིག་གི་ཁྲོད་ན་ང་ཚོ་འདི་ལྟར་རྫོགས་ན་དགྲ་བོའི་བསམས་པ་གྲུབ་སོང་བ་རེད། དེས་གཞོན་པའི་ཤེད་ལས་རྒན་པོའི་ཇུས་ཟབ་ཟེར་བ་དང་བྱ་མ་དཀྲོགས་སྒོ་ང་ལེན་ཐབས་ཀྱི་ཐབས་ཇུས་ལག་ལེན་བསྟར་རྒྱུ་ནི་ཤིན་ཏུ་གལ་ཆེ། ང་ཚོས་ལས་འགུལ་ཅི་ཞིག་སྤེལ་ཡང་འཆར་གཞི་ལྡན་དང་ཐབས་ཇུས་གཙོ་བོར་འཛིན་དགོས། དུས་དང་བསྟུན་པ་ལས་ལྐུགས་པ་ཨུ་ཚུགས་བྱ་མི་ཉན།

  9. གནམ says:
    2012-11-11 at 9:38 pm

    འདྲེ་ཁྱོད་གསོན་འདྲེ་རང་རེད།
    འཆར་གཞི་མི་ལྡན་རབས།
    ཐབས་ཇུས་གཙོར་འཛིན་མིན་རབས།
    དུས་དང་མི་བསྟུན་རབས།
    ཚེ་སྲོག་བདུན་བཅུ་ལྷག་ཀྱིས་ལྐུགས་ཚུལ་བསྟན་རབས་ཀྱི་རྒྱས་བཤད་གསལ་ཁ་ཡོད་པ་ཞིག་བྱོས་དང་།
    མཚམས་མཚམས་ལ་ཁ་ཡོད་ཡོད་པས་ཁ་འདི་ཟ་སྤྱད་ཙམ་ལ་བཤད་སྤྱད་ལ་མ་བཀོལ་ན་ཡང་དེ་ཙམ་གྱིས་མ་འགྲིག་པ་ག་ལ་ཡོད།

  10. མཚོ་མོ says:
    2012-11-12 at 4:07 am

    འ་འ་་་ཕོ་གསར་སྟག་འདྲ་བ་ཞིག

  11. དཔའ་བུའི་རོ་ཤུན། says:
    2012-11-13 at 7:43 am

    དཔའ་བོ་ཚོ་ང་ཁྱོད་ཚོ་ལ་ཡིད་སྨོན་འཆོར་གི། ང་ཁྱོད་ཚོ་ལ་དུངས་བ་ཆེ། ཁྱོད་ཚོ་འདྲ་བའི་མི་སྙིང་སྟོབས་ཅན་མི་རིགས་ལ་ལྷགས་བསམ་ཅན་འདི་ཚོ་འགྲོ་བ་སྔ་དྲགས་མི་འགྲོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme