Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚེ་སྲོག་རླབས་ཆེན་ཡིན། མེ་ལྕེ་གཟི་བརྗིད་ཡིན།

Posted on 2012-11-152012-11-16 By ཁ་བརྡ་ 6 Comments on ཚེ་སྲོག་རླབས་ཆེན་ཡིན། མེ་ལྕེ་གཟི་བརྗིད་ཡིན།

མ་སྐྱེས་མེ་ཏོག

 

མི་རིགས་ཤིག་གི་བདེན་པའི་སྙིང་སྟོབས་སེམས་བསྐྱེད་ཀྱིས་

ཁྱེད་ཅག་གི་རང་གཟུགས་མེ་རུ་འབར་སོང་།

བྱམས་བརྩེ་སྙིང་བོ་ཡིན་པའི་འཚེ་མེད་ཞི་བས་གཏོང་ཕོད་ཀྱིས་

ཁྱེད་ཅག་གི་ཚེ་སྲོག་ཕྲ་མོ་མི་རིགས་ལ་ཕུད་སོང་།

ཁྱེད་ཅག་གི་སྲོག་གི་དབང་བོ་མི་རིགས་ལ་འཐིམ་པའི་སྙིང་སྟོབས་ཀྱི ་

མེ་ལྕེ་འདི་མཛེས་སྡུག་གི་སྟོང་པ་ཡིན།

ཁྱེད་ཅག་གི་རྣམ་ཤེས་མེ་ལྕེ་ལས་མཆེད་དེ་མི་རིགས་ཀྱི་ཤ་གསེང་རུས་གསེང་ལ་འཁོར་བའི་

ཞེན་ཆགས་འདི་མཛེས་སྡུག་གི་གཞི་གྲུབ་ཡིན།

ཤུལ་བཞུགས་ཀྱི་ཚེ་སྲོག་མང་པོས་འབར་ཟིན་པའི་ཚེ་སྲོག་དྲན་ཚུལ་ནི་

མྱ་ངན་གྱི་མཆོད་འབུལ་དང་སྨོན་ལམ།མར་མེ་ཁྲོམ་སྐོར་ཁོ་ན་ཡིན།

བྱེད་སྟངས་འདི་མི་རིགས་རང་གིས་ཚེ་སྲོག་ལ་རིན་ཐང་མཇལ་བྱེད་ཅིག་ཡང་ཡིན།

ཁྱེད་ཅག་གི་ཤ་གཟུགས་འདི་ཁྱེད་ཅག་ལ་སྟོང་སོང་པ་ནི།

སྙིང་ཉེ་བའི་ནང་མི་སྤུན་ཟླའི་ཡིད་ཤེས་སུ་ཁྱེད་ཅག་བོར་སོང་པ་ཡིན།

ཁྱེད་ཅག་སྟོང་སོང་པ་ནི་མི་རིགས་ཀྱི་བླ་སྲོག་སྟོང་སོང་པ་ཡིན།

ཁྱེད་ཅག་འབར་སོང་པ་ནི་མི་རིགས་ཀྱི་སྙིང་སྟོབས་འབར་སོང་པ་ཡིན།

ཁྱེད་ཅག་གི་ཚེ་སྲོག་འདི་རླབས་ཆེན་ཡིན་ལ།            ཁྱེད་ཅག་གི་ཚེ་སྲོག་མེ་རུ་འབར་བ་འདི་ཡང་གཟི་བརྗིད་ཡིན།

མེ་ལྕེ་འདི།             མི་རིགས་ཀྱི་གཟི་བརྗིད་ཡིན།

མེ་ལྕེ་འདི།             མི་རིགས་ཀྱི་འཚེ་མེད་ཞི་བ་ཡིན།

མེ་ལྕེ་འདི།             ཁྱེད་ཅག་གི་ཚེ་སྲོག་དམར་པོ་ཡིན།          

མེ་ལྕེ་འདི།             མི་རིགས་ཀྱི་བདེན་དོན་སྙིང་སྟོབས་ཡིན།   

 

སྙན་ངག

Post navigation

Previous Post: དྲག་སྤྱོད་སྦྱར་ཡིག་འདིས་བོད་རིགས་མི་མང་མཐོང་ཆུང་བྱས་འདུག
Next Post: རྗར་མེ་ནི་བོད་ཀྱི་ཁང་པར་༼རྒྱང་ལྟ་བྱ་དགའ༽ཐོབ་པ།

Comments (6) on “ཚེ་སྲོག་རླབས་ཆེན་ཡིན། མེ་ལྕེ་གཟི་བརྗིད་ཡིན།”

  1. ཨ་རིག་དགེ་མཐོང་གིས། says:
    2012-11-16 at 7:49 am

    ཁ་བྱང་སྣང་བ་འགྲོ་སོང་། རྩོམ་ཡིག་གི་བཟང་ངན་བཤད་རྒྱུ་ང་མ་བབ་ནི་ཟིག་རེད། མ་བབ་ནི་དེ་མར་ལ་སོང་ཟེར་བའི་ངག་རྒྱུན་དེ་ཡིད་ལ་ཤར་རྗེས་ཕྱིར་བུད་སོང་ང་།

  2. རེབ་སྐྱིད་མཚོ says:
    2012-11-16 at 7:58 am

    ཚར་ཚར་བའི་རྗེས་སུ་བྱེད་ཐང་མར་མེ་ལ་སོགས་ཀྱི་མཆོད་འབུལ་ལས་ལྷག་པ་གང་ཡང་མེད་
    ལ་གཅིག་ཚར་རྗེས་གཉིས་འཇུག་པ་ནི་གྲུབ་འབྲས་གསར་པ་ཞིག་དངོས་དཔག་དཀའ་བར་ཤ་
    སྟག་ཡིན།

  3. མེ་ཏོག་དཀར་པོ says:
    2012-11-16 at 8:21 am

    རྩོམ་འདི་ཟླ་བ་རེ་ལ་ཚར་རེ་འགོད་རྒྱུ་འདྲ་ཨེ་རེད། ཟླ་སྔོན་མ་ཡང་རྩོམ་འདི་བཀོད་སོང་ང་།

  4. མ་སྐྱེས་མེ་ཏོག says:
    2012-11-16 at 9:01 pm

    མི་གཞི་མེད་པའི་མི་འདི་སུ་ཡིན་མིན་ངས་ཤེས་ཡོད།
    ངས་རྩོམ་ཡིག་དེ་རིང་ཚར་གཅིག་བཀོད་པ་ལས་ཚར་གཉིས་བཀོད་མེད།ཐེངས་གཅིག་བཀོད་པ་དེ་ལ་ཡང་ཁྱེད་རང་མ་དགའ་ན་སྡུག་སྦྱོང་བྱོས།
    ཁྱེད་རང་གི་རྫུན་དེ་དྲ་བདག་གིས་ཀྱང་མཁྱེན་གི་རེད།དྲ་བདག་གིས་ཀྱང་རྩོམ་འདི་ཐེངས་གཉིས་བཀོད་མེད་དེ་མཁྱེན་གི་རེད།སུའི་རྩོམ་གང་ཡིན་ཡང་ཐེངས་གཉིས་བཀོད་ཀི་ཡང་བཀོད་རྒྱུ་མ་རེད།

  5. གནམ says:
    2012-11-17 at 2:11 am

    ཨ་མདོ་བ་ཞིག་གིས་ཨམ་སྐད་དག་མོ་ཟིག་འབྲི་ན་འདོད་ན། འདི་འདྲ་ཞིག་ལས་ཡིན་བསམ།
    ཁ་བྱང་སྣང་བ་(བར)འགྲོ་སོང་། རྩོམ་ཡིག་གི་བཟང་ངན་བཤད་རྒྱུ་ང་(འལ)མ་བབ་ནི་ཟིག་རེད། མ་བབ་ནི་(ནོ)དེ་མར་ལ་སོང་ཟེར་བའི་ངག་རྒྱུན་དེ་ཡིད་ལ་ཤར་རྗེས་ཕྱིར་བུད་སོང་ང་།

  6. ཨོ་རྒྱན་ཉི་མ། says:
    2012-11-17 at 2:30 pm

    ངས་ཧ་ཅང་ཡ་ང་བའི་གཡང་ས་འདི་ནས་སྨྲེ་སྔགས་གྱེར་བཞིན། འདི་ཕྱིའི་ལམ་ཆེན་ལ་རྒྱང་བལྟ་ཡིས་ཅེར་དུས ཤི་གསོན་གཉིས་ཀྱི་བར་དོ་མཚམས་ནས། འདས་གསོན་གྱི་བྱས་རྗེས་ལ་བསམ་གཞིག་རེ་བྱེད་དུས། ངོ་མ་ལས་ཀྱི་འཆི་བ་དང་། མཚོན་གྱི་འོག་ཏུ་འཆི་བ། ལྕེབས་ཏེ་ཤི་བ། རང་སྲོག་བཅད་དེ་འཆི་བ་དང་། ལ་ལ་སྐྱེས་ཤིང་ལ་ལ་ཤི། སྐྱེས་ཤི་གཉིས་ཀྱི་བར་ལག་ན། ངོ་མ་འབྲལ་མི་ཕོད་བཞིན་དུ་འབྲལ། འགྲོ་མི་འདོད་བཞིན་དུ་ཕྱིན་། སྤྱིར་འཁོར་བ་ནི་སྡུག་བསྔལ་གསུམ་གྱི་གཟེབ་ཀྱི་སྲིན་པོའི་ཚང་དང་། མེ་མ་མུར་འོབ། སྤུ་གྲིའི་ཐང་ལས་ཀྱང་དབལ་ཚ་ཞིང་། གཅན་གདུག་པའི་ཁ་ལས་ཀྱང་རྣོ་བའི་སོ་ཕྲག་ན་ཤི་མ་གསོན་དུ་ལུས་པ་ང་ཚོས། ད་དུང་འཐབ་རྩོད་ཀྱིས་རང་གི་གོ་གནས་དང་། མིའི་དཔལ་ཡོན་རྩོད། མེད་པ་འཐོབ་ཀྱི་རེ་བ་དང་། ཡོད་པ་ཤོར་གྱི་དོགས་པ་གཉིས་ནི་དུས་ནམ་ཡང་སེམས་པའི་གཏིང་རུམ་དུ་ཟུམ། ངོ་མ་ལྟོས་དང་། ཁྱེད་ཅག་གིས་ཅིའི་ཕྱིར་དུ་འཐབ་རྩོད་བྱེད། མིའི་མི་ཚེ་ནི་རླུང་གསེབ་ཀྱི་མར་མེ་ལས་ཀྱང་བར་ཆད་མང་བ་དང་། དཔྱིད་ཀའི་ཉི་མ་ལས་ཀྱང་འགྱུར་ལྡོག་མང་ཞིང་། བྱེ་ཐང་གི་མིག་སྒྱུ་བཞིན་གཏད་སོ་མེད་པ། ངོ་མ་བསམ་བློ་ཐོངས་དང་། ནམ་འཆི་བའི་ཚེ་ན་དཔལ་དང་འབྱོར་བ་ཡོད་ཀྱང་འཁྱེར་དབང་མེད། ཐོབ་དང་གོ་ས་ཡོད་ཀྱང་ངོམ་ས་རེད། ཡོད་ཚད་ནས་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་འགྲོ་བའི་ཉིན་དེར། རང་གིས་གཅེས་པར་བཟུང་བའི་ལུས་འདི་ཡང་འདོར་ཏེ་འགྲོ་བའི་ཉིན། སྙིང་ལས་ལྷག་པའི་གཉེན་དང་། ཕུ་ནུ་ཡོད་ཚད་བཞགས་ཏེ་ཆས་པའི་ཉིན། ཁྱོད་ལ་རང་དབང་རང་བཙན་གྱིས་ཕན་ཐོགས་མེད་ལ། མཚན་དང་སྙན་གྲགས་ཀྱིས་སྐྱོབ་མི་ནུས། དེ་དུས་བསྐྱབ་ངེས་པ་ནི་བསླུ་མེད་དགེ་བའི་དངོས་པོ་ཆེ་ཆུང་དང་། ཡང་ལྕི། ཚེ་འདི་དང་ཚེ་རབས་གཞན་དུ་བསགས་པའི་རྣམ་དཀར་གྱི་བྱ་བ་དག་ཡིན་ལ། སྐབས་དེ་དུས་དཀར་ནག་གི་ལས་སྒྲིབ་དག་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ངེས་ན། ཁྱེད་ཀྱིས་རང་བཙན་དང་། རང་དབང་གི་ཆེད་དུ་འཐབ་རྩོད་ཀྱིས་ལས་བསགས་བཞག་པ་འདི་དག་གིས་ཁྱོད་སྐྱོབ་ནུས་སམ། དེ་ཉིད་དགེ་བ་ཡིན་ནམ། ངས་ནི་དེ་དག་དགེ་བ་ཡིན་པར་ཁས་ལེན་མི་ནུས་སོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme