Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚེ་སྲོག་བརྒྱ་བོ། ཨ་རིག་འགྱུར་མེད།

Posted on 2012-12-11 By ཁ་བརྡ་ 5 Comments on ཚེ་སྲོག་བརྒྱ་བོ། ཨ་རིག་འགྱུར་མེད།

(མྱ་ངན་རྗེས་དྲན་གྱི་གཞས་ཚིག)

གཅིག བཅུ། བརྒྱ།

ཚེ་སྲོག་བརྒྱ་བོ་གནམ་གྱི་སྐར་མ་མ་རེད། །

མཛུབ་མོ་ཀེར་ནས་བརྩི་རྒྱུ་སླ་མོ་མ་རེད། །

ཚེ་སྲོག་བརྒྱ་བོ་ཐང་གི་མེ་ཏོག་མ་རེད། །

སྟོན་ནམ་སད་ཀྱིས་བཅོམ་རྒྱུ་སླ་མོ་མ་རེད། །

ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།

 

གཅིག བཅུ། བརྒྱ།

ཚེ་སྲོག་བརྒྱ་བོ་ལག་མགོའི་ཕྲེང་བ་མ་རེད། །

མ་ཎི་བགྲང་བགྲང་བྱ་རྒྱུ་སླ་མོ་མ་རེད། །

ཚེ་སྲོག་བརྒྱ་བོ་ཐབ་ཀྱི་འབུད་ཤིང་མ་རེད། །

དམར་བོ་མེ་ལ་བསྲེགས་རྒྱུ་སླ་མོ་མ་རེད། །

ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།

 

གཅིག བཅུ། བརྒྱ།

ཚེ་སྲོག་བརྒྱ་བོ་རྒྱ་མཚོའི་ནོར་བུ་མ་རེད། །

ཡང་ནས་ཡང་དུ་རྙེད་རྒྱུ་སླ་མོ་མ་རེད། །

ཚེ་སྲོག་བརྒྱ་བོ་ས་འོག་གསེར་ནག་མ་རེད། །

རུམ་གྱི་སྒོར་མོས་ཉོ་རྒྱུ་སླ་མོ་མ་རེད། །

ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།

 

མཆན། གོང་གི་གཞས་ཚིག་འདི་བོད་ཕྱི་ནང་གཉིས་སུ་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་ཁ་ལོངས་པའི་སྐབས་འདིར། ཡིད་གདུང་དྲག་པོས་མྱ་ངན་རྗེས་དྲན་གྱི་ཕྱིར་དུ་བྲིས་ཤིང་། མི་རིང་བར་བཙན་བྱོལ་གྱི་གསར་སྐྱེས་གཞས་པ་ཆོས་སྟོབས་ལགས་ཀྱིས་སྙན་མོ་ངག་གི་འགྱུར་ཁུགས་དང་མཉམ་དུ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་མིག་ལམ་དུ་མངོན་ངེས་ཡིན།

ཡིན་ནའང་། མཇུག་མཐའི་བསྐྱར་བཅོས་ད་དུང་གྲུབ་མེད་པས་རྩོམ་མཁན་ལ་འབྲེལ་གཏུག་མེད་པར་སུ་གཅིག་གིས་ཀྱང་བཀོལ་སྤྱོད་བྱ་མི་ཆོག་པ་དགོངས་འཇགས་འཚལ།

 

སྣ་ཚོགས།

Post navigation

Previous Post: དེབ་གསར་འགྲེམས་བསྒྲགས་ལེགས་གྲུབ། རྫ་ཚེ་རིང་བཀྲ་ཤིས།
Next Post: ཨ་ཁ་ཁ་་་་་ངའི་སྡེ་བ་ཚར་ཐལ་་་་་ཚར་ཐལ་་་་་མེ་་་་་མེ་་་་་མེ་་་་།

Comments (5) on “ཚེ་སྲོག་བརྒྱ་བོ། ཨ་རིག་འགྱུར་མེད།”

  1. མེ་ཏོག་དཀར་པོ། says:
    2012-12-11 at 2:37 am

    ཡག་པོ་བྲིས་འདུག

  2. ཨ་རིག་དགེ་མཐོང་གིས། says:
    2012-12-11 at 3:05 am

    ཉེ་སྔོན་གླུ་བ་གདུགས་བྷེས་བླངས་ཤིང་ཁྱེད་ཀྱིས་གཞས་ཚིག་བྲིས་པ་དེ་དང་འདི་གཉིས་བསྡུར་ཚེ་སྔོན་མ་དེ་ལེགས་པའི་ཚོར་སྣང་བྱུང་། གང་ལྟར་སེམས་ན་ཚོར་བ་ཡོད་པ་དེ་བསྟན་པར་དགའ་བསུ་ཞུ།

  3. གནམ says:
    2012-12-12 at 6:45 pm

    ཚེ་སྲོག་བརྒྱ་བོ་ས་འོག་གསེར་ནག་མ་རེད། །
    རུམ་གྱི་སྒོར་མོས་ཉོ་རྒྱུ་སླ་མོ་མ་རེད། །

    འདི་དུ་ཁ་བོར། ཆི་ཟིག་ཟེར་གི་ཡོད་ནི་མི་གོ་འི། ད་དུང་རིགས་བསྒྲེས་བའི་བཅད་དུམ་གཞན་དེ་ཚོ་ཡང་་་་་་།

  4. འདྲེ་རྐང་ཐོ། says:
    2012-12-12 at 10:03 pm

    སྐད་སྙན་མོ་ཞིག་གིས་ལྷོད་ཀྱིས་དབྱངས་རྟར་དྲངས་ཏེ་ལན་ཐུབ་ན་་་འོ་ཙམ་ཡོང་ས་རེད་བསམ་བསམ་ཞིག་འདུག་ག

  5. འདྲེ་རྐང་ཐོ། says:
    2012-12-13 at 11:25 pm

    མེ་སྲེག་དཔའ་བོ་ཁྱེད་ཅག།
    མགོན་སྐྱབས་མི་འདུག་མ་བསམ།།
    རྒྱལ་བ་བཎ་ཆེན་རྣམ་གཉིས།།
    ཐུགས་རྗེའི་སྤྱན་གྱིས་གཟིགས་ཡོད།།

    གྱེས་ཁའི་ཁ་ཆེམས་དྲོན་པོ།།
    ཉན་མཁན་མི་འདུག་མ་བསམ།།
    གཞིས་བྱེས་བོད་མི་ཡོངས་ཀྱིས།།
    སེམས་པའི་གཏིང་ལ་བཞག་ཡོད།།

    འབར་བའི་མེ་ལྕེ་རེ་རེར།།
    བདག་མེད་ཁེར་རྐྱང་མ་བསམ།།
    མདོ་དབུས་ཁམས་གསུམ་ཡུལ་ནས།།
    མྱ་ངན་མཆོད་འབུལ་བྱས་ཡོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme