Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚེ་སྲོག་གི་འོད་སྣང་།

Posted on 2012-11-27 By ཁ་བརྡ་ 5 Comments on ཚེ་སྲོག་གི་འོད་སྣང་།

ཐེ་བོ་ཤེས་རབ་རྒྱ་མཚོ།

ཚེ་སྲོག་མི་བརྟན་གཡོ་བའི་རང་བཞིན་ལ།།
འོད་ཀྱི་སྣང་བ་བཀྱེས་ཚུལ་མང་དུ་ཡོད།།
མུན་ནག་ཆར་ཞོད་ཆེ་བའི་གངས་ལྗོངས་སུ།།
ཚེ་སྲོག་འོད་སྣང་བཀྱེས་ཚུལ་མགུར་དུ་བཞེངས།།

ཉི་མ་རེ་རེ་འབྱོར་བའི་གསར་འགྱུར་གྱིས།།
སྤུན་སྲིང་རེ་རེ་བསྲེགས་པའི་གཏམ་རྒྱུད་བཤད།།
གཏམ་རྒྱུད་རེ་རེ་སེམས་ཀྱིས་ཉན་པ་ན།།
ང་ཡང་གཏམ་རྒྱུད་དེ་ཡི་མི་སྣ་ཞིག།

དགོང་སྲོད་རེ་རེ་ཕངས་སེམས་ཆེན་པོས་ཉལ།།
སྤུན་སྲིང་རེ་རེ་བསྲེགས་པ་གོ་བས་ཡིན།།
ཞོགས་ཀ་རེ་རེ་དངངས་འཚབ་ཆེན་པོས་ལངས།།
སྤུན་སྲིང་རེ་རེ་བསྲེགས་པ་གོ་དོགས་ཀྱིས།།

ཤི་མིག་དུར་ནས་ལྟ་བའི་མེས་པོ་ཚོ།།
ཚེ་སྲོག་འོད་ཀྱིས་ཐུགས་སེམས་བདེ་རུ་བཅུག།
རེ་མིག་གྱེན་དུ་བགྲད་པའི་སྤུན་སྲིང་ཚོར།།
ཚེ་སྲོག་འོད་ཀྱིས་རང་དབང་བསྣམས་ནས་ཕེབས།།

ཚེ་སྲོག་རེ་རེ་འབར་བའི་བློ་སྟོབས་ཀྱིས།།
བཙན་འཛུལ་བ་ཡི་སྙིང་རྩ་འདར་དུ་བཅུག།
འོད་སྣང་རེ་རེ་མཆེད་པའི་དྲོད་ཁོལ་གྱིས།།
ཆད་གཏུབ་ལོ་རྒྱུས་རྨ་ཁ་གསོས་བར་བྱས།།

གཏུམ་དྲག་ཧམ་སེམས་ཆེ་བའི་བཙན་འཛུལ་བ།།
ཆོལ་ཁ་གསུམ་ནས་སྐྲོད་པའི་བརྡ་ཞིག་བསྟན།།
རྒྱལ་ཁབ་འཇིག་ནས་ཐོར་བའི་བོད་པ་ཚོར།།
རང་དབང་རང་བཙན་དགོས་པའི་འབོད་པ་བྱས།།

འཆི་བར་འཇིགས་པ་མེད་པའི་དཔའ་བོའི་ཟིལ།།
བོད་མི་རེ་རེའི་ཁྲག་རྩའི་སྦུབས་ནས་འཕྱུར།།
ས་ཡ་དྲུག་པོ་ཟད་ནས་མ་ཡལ་ན།།
ཚེ་སྲོག་འབར་བའི་འོད་སྣང་ཇི་ལྟར་ཡལ།།

དམར་པོ་རྒྱ་འདི་སྡར་མའི་སྡར་མ་སྟེ།།
དཔའ་བོ་རྟོགས་བརྗོད་བློ་ལ་ཤོང་བ་མིན།།
སྒང་བ་བོད་འདི་དཔའ་བོའི་དཔའ་བོ་སྟེ།།
དཔའ་བོ་རྟོགས་བརྗོད་གཙུག་ཏུ་བཀུར་བ་ཡིན།།

བློ་སྟོབས་ཅན་གྱི་དཔའ་བོ་རེ་རེ་ནི།།
ཁ་བའི་བདེ་སྡུག་ཆེད་དུ་འབར་བ་ཡིས།།
དཔའ་བོ་བཀུར་སྲོལ་ཤེས་པའི་གདོང་དམར་བོད།།
འཆི་བ་ནག་པོའི་མདུན་དུ་ལང་བཞིན་ཡོད།།

རང་གི་སྤུན་ཡང་མེ་མདས་གསོད་པ་ལ།།
ཡ་ང་ཐེ་ཚོམ་གཏན་ནས་མ་མཆིས་པའི།།
སྟོད་སྨད་བར་གསུམ་བཀྲམ་པའི་རྒྱ་དམག་རྣམས།།
ཚེ་སྲོག་འབར་སྟངས་འདི་ལ་ཞེད་ནས་ཡོད།།

གངས་ཀྱི་རི་དང་ལྷན་དུ་སྐྱེས་བ་ཡི།།
དཔའ་བོའི་རྒྱུད་འདི་ངུས་ནས་མི་སྡོད་པས།།
བཙན་འཛུལ་བ་ཡིས་དབང་སྒྱུར་བྱེད་རྒྱུ་ནི།།
སེམས་ཀྱིས་བསམ་པ་བཞིན་དུ་སླ་བ་མིན།།

གཡོ་དང་རྫུན་གྱི་ཁུང་བུ་རེ་རེ་ནི།།
ཚེ་སྲོག་རེ་རེ་འོད་ཀྱིས་གསལ་བར་བྱས།།
དཀའ་སྡུག་ལོ་ཟླ་རིང་མོའི་མིག་ཆུ་ནི།།
ཚེ་སྲོག་རེ་རེ་འོད་ཀྱིས་བསྐམས་པར་བྱས།།

དམར་པོ་རྒྱ་ཡིས་ངག་གིས་མི་འཁྲོལ་བའི།།
དཔའ་བོའི་རྟོགས་བརྗོད་བཀླགས་ནི་འདི་ལྟར་ཀློགས།།
སྒང་བ་བོད་ཀྱིས་སྙིང་ནས་བཀུར་བ་ཡི།།
དཔའ་བོའི་རྟོགས་བརྗོད་བྲིས་ན་འདི་ལྟར་འབྲི།།

ཟུངས་ཁྲག་དམར་པོ་སྣག་ཚའི་ཚབ་བྱས་ནས།།
རུས་པ་དཀར་པོ་སྙུ་གུས་བྲིས་ན་ནི།།
བསྐལ་བར་མི་ཉམས་དཔའ་བོའི་རྟོགས་བརྗོད་ཀྱི།།
གཟི་འོད་གངས་ཀྱི་རི་དང་ལྷན་དུ་འཚེར།།

༢༠༡༢ ༡༡ ༩ ཉིན་ནོར་གླིང་ནས།

སྙན་ངག

Post navigation

Previous Post: གཞིས་སྡོད་བོད་མི་ཤེས་ཡོན་པ་ ༦༠ ལྷག་གིས་ཟས་བཅད་ངོ་རྒོལ་གནང་གི་ཡོད།
Next Post: རང་དབང་ལུང་པའི་ནང་བཞུགས་པའི་བོད་མི་དག་གིས་ངེས་པར་བསྒྲུབ་དགོས་པ་ཞིག

Comments (5) on “ཚེ་སྲོག་གི་འོད་སྣང་།”

  1. ལོ་མ་ལྗང་ཁུ་། says:
    2012-11-27 at 6:10 pm

    ཁ་བ་ཅན་པའི་དབའ་པོ་རྣམས་སྙིང་ནས་ནམ་ཡང་བསྟོད་།

  2. འདྲེ་རྐང་ཐོ། says:
    2012-11-27 at 8:02 pm

    བཙན་འཛུལ་བ་ཡི་དྲག་གནོན་མེ་མདའི་ལེན། །
    ཞི་བའི་ཐབས་ཀྱིས་མེ་བསྲེགས་གནང་བ་འདིས། །
    གཟུར་གནས་ས་ཆེན་འོད་དུ་འཚེར་ན་ཡང་། །
    ཤར་ཕྱོགས་འུག་པའི་མིག་ལ་མཛེས་མ་ཡིན། །

  3. འཕན་པོ་བསྟན་དར says:
    2012-11-27 at 9:43 pm

    ཁ་བའི་ལྗོངས་ཀྱིས་མེ་ལྕེ་རེ་རེ་ཡིས། མཆོལ་གསུམ་གུང་པོ་ཅིག་དུ་སྒྲིལ་ནས་འགྲོ།
    བོད་མི་ཕྱི་ནང་མཐུན་སྒྲིལ་གོང་ཐོར་འཕེལ། གདུང་སེམས་མཉམ་བསྐྱེད་གུས་པ་ཆེན་པོས་འདུད།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-11-28 at 2:28 am

    རང་སྲོག
    རང་ཚེ་ཐུང་དུ་བཏང་།
    རང་སྲོག་སྤྱི་ལ་ཕུལ།
    རང་ལུས་མེ་ལ་བསྲེགས།
    རང་མེས་སྣང་བར་མཆེད།

  5. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-11-28 at 10:04 am

    ཚོར་ཤུགས་ཀྱིས་ཟིན་པའི་དྲན་གདུང་ཡག་པོ་ཞིག་བྲིས་འདུག་ཐུགས་རྗེ་ཆེ་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme