Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚེ་སྐྱིད།

Posted on 2013-03-152013-03-15 By ཁ་བརྡ་ 67 Comments on ཚེ་སྐྱིད།

སྐྱོ་བྲག་དགའ་དབང་།

ཚེ་སྐྱིད་ནི། གདོང་དམར་བོད་པ་རེད། ཚེ་སྐྱིད་ནི། རིགས་རྒྱུད་ཆེན་པོ་རེད། ཚེ་སྐྱིད་ནི། བུ་མོ་མཛེས་མ་རེད། ཚེ་སྐྱིད་ནི། སྐུ་གཟུགས་འཁྲིལ་བག་རེད། ཚེ་སྐྱིད་ནི། གཞོན་ཉམས་དོད་པོ་རེད། ཚེ་སྐྱིད་ནི། རེག་བྱ་འཇམ་པོ་རེད། ཚེ་སྐྱིད་ནི། དྲི་མ་ཞིམ་པོ་རེད། ཚེ་སྐྱིད་ནི། འཛུམ་པའི་བཞིན་རས་རེད། ཚེ་སྐྱིད་ནི། སྐྲ་ལོ་གནག་སྣུམ་རེད། ཚེ་སྐྱིད་ནི། མཁུར་ཚོས་དམར་པོ་རེད། ཚེ་སྐྱིད་ནི། འགྲམ་པ་དཀར་པོ་རེད། ཚེ་སྐྱིད་ནི། སྨིན་མ་འཁྱོག་པོ་རེད། ཚེ་སྐྱིད་ནི། རི་དྭགས་མིག་ཅན་རེད། ཚེ་སྐྱིད་ནི། རྫི་མ་མཐུག་པོ་རེད། ཚེ་སྐྱིད་ནི། མཆུ་སྒྲོས་མངར་མོ་རེད། ཚེ་སྐྱིད་ནི། ནུ་ཟུང་འབུར་པོ་རེད། ཚེ་སྐྱིད་ནི། སྐེད་པ་ཕྲ་མོ་རེད། ཚེ་སྐྱིད་ནི། མཚང་ར་སྒོར་མོ་རེད། ཚེ་སྐྱིད་ནི། བརླ་ཤ་ཟླུམ་པོ་རེད། ཚེ་སྐྱིད་ནི། ཡན་ལག་མཉེན་པོ་རེད། ཚེ་སྐྱིད་ནི། གོམ་སྟབས་ལྡེམ་འགྲོས་རེད། ཚེ་སྐྱིད་ནི། གཤིས་ཀ་བཟང་པོ་རེད། ཚེ་སྐྱིད་ནི། བསམ་ཤེས་གུ་ཡངས་རེད། ཚེ་སྐྱིད་ནི། སྤྱོད་པ་ཡ་རབས་རེད། ཚེ་སྐྱིད་ནི། གྲོང་ཆོས་མ་གོས་རེད། ཚེ་སྐྱིད་ནི། འགྲོགས་འདྲིས་བརྟན་པོ་རེད། ཚེ་སྐྱིད་ནི། རིག་པ་གྲུང་པོ་རེད། ཚེ་སྐྱིད་ནི། བརྩོན་འགྲུས་ཆེན་པོ་རེད། ཚེ་སྐྱིད་ནི། ཤེས་ཡོན་མཐོན་པོ་རེད། ཚེ་སྐྱིད་ནི། བྱམས་བརྩེའི་མ་མ་རེད། ཚེ་སྐྱིད་ནི། ཐབས་ཤེས་མཁས་པོ་རེད། ཚེ་སྐྱིད་ནི། ཆོས་མ་ཡང་དག་རེད། ཚེ་སྐྱིད་ནི། བསོད་ནམས་དཔལ་མོ་རེད། ཚེ་སྐྱིད་ནི། འབྲི་གུང་བཙུན་མ་རེད།

སྣ་ཚོགས།

Post navigation

Previous Post: བོད་ནང་གི་ཛ་དྲག་དཀའ་ངལ་སེལ་སླད་བོད་ཀྱི་བུད་མེད་ཚོའི་སྐད་འབོད།
Next Post: དེ་རིང་གི་སྙན་ངག

Comments (67) on “ཚེ་སྐྱིད།”

  1. རིག་པའི་གླེང་བུ། says:
    2013-03-15 at 8:57 am

    ཨ་ཁུ་དགའ་དབང་ཁྱོད་ཨ་ནེ་ཚེ་སྐྱིད་ལ་སེམས་པ་ཤོར་ན་ཕན་ཐོག་ཡོད་མ་རེད་་་་་མོ་ལ་སྙིང་ཚེལ་འགྲོ་སོང་ཕམ་མེད་གཏོང་མཁན་སྤྲུལ་བརྫུན་ཞེས་ཡོད་རེད་ད།

  2. གནམ says:
    2013-03-15 at 9:16 am

    ཁོ་རེ།
    འདི་མོ་བོད་མོ་འཛོམས་སུམ་འཛོམས་པ་ཞིག་གང་ན་ཡོད་གི། ཁྱོད་ལ་ཚ་འཕྲུལ་བྱུང་ནི་མིན་ན། ང་མོ་ལ་ལྟ་འདོད་ཞིག་སྐྱེས་འི་བཅུག་སོང་། འདི་མོ་ཟིག་ལ་མ་ཐུག་པར་བསྒུགས་ནས་ལོ་འགའ་ཕྱིན་སོང་། ད་ཐེངས་ད། རྒྱུ་རྫོངས་རྒྱག་དགོས་ན་འདྲ། གསར་རྟགས་སྟོན་དགོས་ན་འདྲ། མཇོན་མདོག་འཁྲབ་དགོས་ན་འདྲ། བརྩེ་བས་བསླུ་དགོས་ན་འདྲ། འཇམ་པོས་དུལ་དགོས་ན་འདྲ། ཤོར་གི་ཟིག་འཇུག་འདོད་མེད་ཀི། ལས་དང་སྐལ་བ་ཡང་ཡང་མི་ཡོང་མོད།

  3. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-15 at 10:15 am

    ཚེ་སྐྱིད་ཀྱི་བསྔགས་པ་བརྗོད་པས། བོད་སྐད་འབྲི་བ་དང་། ཀློག་པ་ལ་ཡར་རྒྱས་འབྱུང་བའི་རྟགས་སུ་མཐོང་། ད་དུང་དེ་འདྲའི་བོད་སྐད་དག་པ་མངདུ་འབྲི་གྲོགས། བཀྲ་ཤིས་བདེ་ལེགས།

  4. མེ་ཏོག་དཀར་པོ says:
    2013-03-15 at 10:15 am

    ཨ་མ་ཀེ ཡིད་ཞི་རྒྱལ་བ། ཚེ་སྐྱིད་གི་སྐད་ཆ་འདི་འདྲ་ཤོད་དུས། sex ཡ་ཡུད་འཕར་གི་འདུག
    ཀེ དགའ་དབང་། རང་གིས་བྲོ་བ་མྱང་ཚར་མ་རེ་་་་ཨང་ཀེ

  5. མེ་ཏོག་དཀར་པོ says:
    2013-03-15 at 10:16 am

    ཨ་མ་ཀེ ཡིད་ཞི་རྒྱལ་བ། ཚེ་སྐྱིད་གི་སྐད་ཆ་འདི་འདྲ་ཤོད་དུས། sex ཡ་ཡུད་འཕར་གི་འདུག
    ཀེ དགའ་དབང་། རང་གིས་བྲོ་བ་མྱང་ཚར་མ་རེ་་་་ཨང་ཀེ ཡིད་ཞི། ཡ་ཡུད་ཚ་པོ་བྲིས་འདུག་ཏ

  6. ཀརྡོ་གཉེར་ཕྱག་པ་ says:
    2013-03-15 at 10:56 am

    ཚེ་སྐྱིད། བསོད་ནམས་དཔལ་མོ་ཡི་ན།
    ཚེ་སྐྱིད་ཚེ་སྐྱིད་མ་རེད།
    ཚེ་སྐྱིད་ནི། འབྲི་གུང་བཙུན་མ་ཡིན་ན།
    ཚེ་སྐྱིད་མཛེས་མ་མ་རེད།

    ཚེ་སྐྱིད་ནི། མཛེས་མིན་ན།
    ཆགས་ཞེན་བྱ་ས་མ་རེད།
    ཚེ་སྐྱིད་བཙུན་མ་ཡིན་ན།
    དད་ཞེན་བྱ་ས་རེད་དོ། འདི་ནི་རྩེད་མཚར་ཡིན་ནོ།

    སྐྱོ་བྲག་རེད་རེད་གསུངས་པ། །
    བོད་སྐད་དག་པ་རེད་དོ། །

    ཚེས་སྐྱིད་ང་ཡི་ཡིན་ནོ། །
    ཡིན་ཞེས་ལབ་པ་ནོར་འདུག །

    ཚེ་སྐྱིད་ང་ཡི་རེད་དོ། །
    ང་ཡི་རྗེས་ལ་རེད་ཐོབ། །འདི་ནི་བསམ་འཆར་ཡིན་ནོ། །

  7. འདྲེ་རྐང་ཐོ། says:
    2013-03-15 at 12:07 pm

    ཚེ་སྐྱིད་མཛེས་མ་ཡིན་ལ། །
    སྐད་ངག་སྙན་མོ་འདུག་མོད། །
    མི་རིགས་ལ་རྒྱ་ཞེན་པས། །
    འདྲེ་ང་དེ་ཙམ་མི་དགའ། །

    དབྱངས་ཅན་ལྷ་མོ་དེ་ཡི། །
    མཚར་སྡུག་དབྱངས་ཅན་འདྲ་ཡང་། །
    བོད་སྐད་དག་མ་མི་ཤེས། །
    འདྲེ་ང་དེ་ཙམ་མི་དགའ། །

    ཚེ་དབང་ལྷ་མོ་དེ་ལ། །
    དེ་སྔོན་མི་རིགས་ལ་རྒྱ། །
    དེ་ཙམ་མེད་པ་འདྲ་ཡང་། །
    ད་སྐབས་ཡར་རྒྱས་འགྲོ་འདུག །

    ད་སྐབས་བོད་ནང་བོད་མིས། །
    སྐད་དང་མཛེས་པར་མི་ལྟ། །
    མི་རིགས་ལ་རྒྱ་ལྡན་པའི། །
    མི་དེ་མཐོང་ཆེན་གནང་གི། །

    བཙན་བྱོལ་བོད་མིའི་ཁྲོད་ན། །
    སྐད་དང་མཛེས་མིན་ལྟ་ལས། །
    ལ་རྒྱ་སུ་ལ་ཡོད་མེད། །
    དོ་སྣང་དེ་ཙམ་མི་འདུག །

  8. ཟླ་བ་བསྟན་འཛིན་ says:
    2013-03-15 at 2:14 pm

    མཁས་ཤིང་བཙུན་པའི་བཙུན་མ་ཚེ་སྐྱིད་ལ།།
    སྐྱོ་བྲག་དགའ་དབང་འདོད་པས་རབ་གཟིར་ཏེ།།
    སྣང་བ་གང་དྲན་གླེང་སྟེ་འགུགས་ཐབས་ཀྱིས།།
    ཆོས་མའི་སྡོམ་པ་འཆོར་དུ་བཅུག་ཉེན་གདའ།།

  9. དབང་མགོན། says:
    2013-03-15 at 2:21 pm

    འབྲི་གུང་བཙུན་མ་ཚེ་སྐྱིད། དངོས་སུ་མིག་གིས་མཐོང་མྱོང་། རྣམ་པ་ཛོར་བ་ལ་ནི། ཞེན་པ་ལོག་གྲབ་བྱེད་ཀྱི།

  10. ཏི་སི། says:
    2013-03-15 at 3:11 pm

    ཚེ་སྐྱིད་ནི། འབྲི་གུང་བཙུན་མ་ཡིན་ན། ཨ་ཕྱི་མ་ཡིན་འགྲོ

  11. མ་ཧཱ་སིདྡྷི། says:
    2013-03-15 at 3:38 pm

    ད་ཡིན་ན་རུམ་སྟེགས་དགོན་པའི་ཆགས་སྤྱོད་ཀྱི་དེབ་གཉིས་པ་དོན་རན་ཡོད་ས་རེད།
    དེབ་སྔོན་མ་དེ་ཚང་མ་བཀླག་ཐུབ་མ་སོང་། ད་རེས་ཆ་ཚང་བཀླགས་ཀྱི་ཡིན་ད།

  12. མྱི་དཀར says:
    2013-03-15 at 4:56 pm

    བྱ་རོག་ས་རྟོག་གི་བསྟན་བཅོས་ཟེར་འདི་ལྟ་བུ་ཞིག་ཡིན་རྒྱུ་རེད་དུས་ཚོད་འཕྲོ་བརླག་རང་རེད

  13. ཨ་ཕྱི་ཆོས་སྒྲོན says:
    2013-03-15 at 5:09 pm

    མཁན་པོ་དགའ་དབང་སང་། ངོ་ཡང་མི་ཚ་འམ། ཀརྨ་པ་དང་ཀ་ལི་ལ་ག་རེ་བཟོས་ཡོད། ཀ་ལིས་ཡུ་ཊུབ་ལ་བཤད་ཚར་འདུག་ད། ལྕགས་མོ་མཚོ་ལ་དགའ་རབ་བཤད་བཤད་ནས། ད་ཡང་ང་ལ་དགའ་འདོགས་མ་སྟོན་ལོ། །

  14. གཙན་ནག་པ། says:
    2013-03-15 at 7:38 pm

    མ་མཐོང་སྐད་དྲགས་ཆེ་བ།།
    འབྲི་གུང་བཙུན་མ་ཚེ སྐྱིད།།
    མཐོང་དུས་ཞེན་པ་མ་བཟློག །
    མཁན་པོ་སྐྱོ་བྲག་དགའ་དབང་།།

  15. ཏི་སི། says:
    2013-03-15 at 10:26 pm

    སྐྱོ་བྲག་དགའ་དབང་གི་ཁོང་འབྲུ་རྩོམ་ཡག་པོ་བྲིས་འདུག། དོན་ཆགས་སྤྱོད་སོགས་སྒྲོ་མ་བཏགས་རོ། ཀ་ལུ་རིན་པོ་ཆེ་ཁོང་གཉིས་ཁག་ཁག་རེད། ཀ་ལུ་ཡིས་བོད་ཀྱི་ནང་པཡོང་གི་བླ་གྲྭ་སྐྱོན་འཛམ་གླིང་ཆོས་ལུགས་པ་ཕྱི་རྗེ་ནང་བཙོང་བྱས་པ་རེད། དོན་དག་ཀ་ལུ་ཁོ་ཆོས་མི་མཁན་ལྟ་བུ་ཆགས་སིང་བ།

  16. ཏི་སི། says:
    2013-03-15 at 10:28 pm

    སྐྱོ་བྲག་དགའ་དབང་གི་ཁོང་འབྲུ་རྩོམ་ཡག་པོ་བྲིས་འདུག། དོན་མེད་ཆགས་སྤྱོད་སོགས་སྒྲོ་མ་བཏགས་རོ། ཀ་ལུ་རིན་པོ་ཆེ་དང་ཁོང་གཉིས་ཁག་ཁག་རེད། ཀ་ལུ་ཡིས་བོད་ཀྱི་ནང་པ་ཡོང་གི་བླ་གྲྭ་སྐྱོན་འཛམ་གླིང་ཆོས་ལུགས་པ་ཕྱི་རྗེ་ནང་བཙོང་བྱས་པ་རེད། དོན་དག་ཀ་ལུ་ཁོ་ཆོས་མི་ཤེས་མཁན་ལྟ་བུ་ཆགས་སོང་བ།

  17. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-15 at 10:36 pm

    ཚེས་སྐྱིད་ང་ཡི་ཡིན་ནོ། །
    ཡིན་ཞེས་ལབ་པ་ནོར་འདུག །

    ཚེ་སྐྱིད་ང་ཡི་རེད་དོ། །
    ང་ཡི་རྗེས་ལ་རེད་ཐོབ། །འདི་ནི་བསམ་འཆར་ཡིན་ནོ། །
    ཞེས་པ་ཞུས་དག་མཛད་པར་འོ་བརྒྱལ་ཆེ་ཡང་། སྔོན་གྱི་བོད་སྐད་ནང་ལ་རེད་པའི་བྱ་ཚིག་བཀོལ་བ་མེད་པ་ལྟ་བུར་མ་ཟད། མཐའ་ཁོབ་ལ་དྭགས་ཡུལ་དུ། རེད་ཀྱི་དོད་དུ། ཡིན་ཞེས་ད་ལྟའང་རླུང་ལྟར་རྒྱུགས་པ་ལགས་སོ།།
    ་
    ཕོའམ་མི་མཛེས་མི་མཛེས་ནི། སོ་སོའི་ལྟ་སྟངས་ལས་འབྱུང་། ངའི་གྲོགས། མཁས་དབང་དངོས་གྲུབ་ཚེ་རིང་། སྐུ་གཤེགས་གར་ཞ་པས་འདི་ལྟར་གསུངས་པ་ཐོས། གར་ཞ་རུ། མི་ཞིག་བུད་མེད་ཞིག་ལ་ཤིན་ཏུ་ཆགས་ནས། སྨྱོན་པའི་ལྟ་བུ་གྱུར་པ་ན། མི་ཞིག་གིས་མོ་དེ་མཛེས་མ་ཞིག་ཅང་མི་འདུག སྨྲས་པ་ན། ཅི་ཟེར། ངའི་ལྟ་ལྟངས་ཀྱིས་ལྟོས་དང་། ཞེས་པ་ལོ་ངོ་ལྔ་བཅུ་སྔོན་དུ་ཐོས་པ་དྲན་ཏོ། །

  18. མེ་ཏོག་དཀར་པོ says:
    2013-03-15 at 10:48 pm

    ཀ་ལུ་བླ་མས་བློ་ཁོག་ཆེན་པོའི་ངང་།།
    ཁ་བ་ཅན་གྱི་ཕོ་རྒྱོ་གསང་བ་དེ།།
    ག་ལེར་མིན་པར་ཡུད་ལ་ཡུ་ཊུབ་ནང་།།
    ང་ཚོའི་མདུན་ལ་བརྟོལ་བར་བཀའ་དྲི་ཆེ།།

  19. མེ་ཏོག་དཀར་པོ says:
    2013-03-15 at 11:05 pm

    གྲོང་ཆོས མ་གོས་པ་ཟེར་དུས། virginety རེད་འདུག་ག ད་དུང་བརླ་ཤ་ཟླུམ་པོ་ཟེར་དུས་བླ་རྒན་འདིས་མོའི་བརླ་ཤ་བེད་སྤྱོད་བཏང་མིན་ནམ་དྲན། དངོས་གནས་བསོད་དེ་རེད། ད་བཟའ་ཚེས་བཟང་བའི་ཉིན་ཞིག་ལ་སྒོ་འབྱེད་གནང་ན་ཡག་ཤོས་རེད། དངོས་གནས་ཡིན། ང་ནི་བུ་མོ་ལ་ཤིན་ཏུ་དགའ་མཁན་ཞིག་ཡིན།

  20. མེ་ཏོག་དཀར་པོ says:
    2013-03-15 at 11:19 pm

    སྒོ་གསར་འབྱེད་དུས་ངར་མི་ཉན་ཨ། སྣུམ་བཟང་པོ་དེ་འདྲའི་གྲོགས་དང་སྦྲན་ཏེ་དལ་མོས་འཕུལ་དགོས་ཨ། མོའི་གྱེན་དུ་ཉལ་བའི་འོག་ཏུ་བསྙས་འབོལ་བཅུག པུས་མོ་བགྲད་དུ་བཅུག་དགོས་ཨ

  21. སྒོམ་བདེ་པ says:
    2013-03-16 at 1:26 am

    ད་ཡིན་ན་ང་ཡང་འབྲི་གུང་དགོན་པ་ལ་ཚེ་སྐྱིད་ཀྱི་གཟུགས་བྱད་དང་སྤྱོད་ལམ་སོགས་ལ་ལྟ་རུ་འགྲོ་ཐག་ཆོད་ཡིན།
    འདི་འདྲའི་ཨ་ནེ་མཛེས་མ་ལ་བལྟ་བའི་གོ་སྐབས་རེག་ན་བསོད་ནམས་རེད། སུ་གང་གིས་མ་མཐོང་པའི་སྐྱོ་བྲག་དགའ་དབང་གིས་ཨ་ནེ་མཛེས་མ་ཞིག་རེག་རྒྱུ་འདིས་་་་་་ཁོང་བསྡོམས་པ་ཤོར་ཡོད་པ་ཐེ་མི་ཚོམ། སོང་ཙམ་གུས་པ་ཡང་ཁོང་གཉིས་ཀྱི་གཉེན་བསྒྲིག་ལ་བཅར་བའི་གོ་སྐབས་འབད་བརྩོན་བྱེད་ཀྱི་ཡིན།

  22. དབང་མགོན། says:
    2013-03-16 at 2:16 am

    ལ་ཐགས་བློ་བཟང་འཇམ་དཔལ་ལགས་ལ་བཀའ་དྲི་ཞུ་རྒྱུ་ང་ཡི་རྗེས་ལ་རེད་མ་གཏོགས་ཡིན་ཅིའི་ཕྱིར་མི་འཐོབ། རྒྱུ་མཚན་ཨེ་ཡོད།།

  23. ཨོ་རྒྱན་ཉི་མ། says:
    2013-03-16 at 3:07 am

    དགའ་དབང་གིས་ཞབས་འདྲེན་ཞུས་འདུག མཁན་པོ་ཡིན་ན་མཁན་ས་ནས་འདུག་ན་ལེགས་པར་སེམས།

  24. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-16 at 3:12 am

    དབང་མགོན་ལེགས།

    ལ་ཐགས་བློ་བཟང་འཇམ་དཔལ་ལགས་ལ་བཀའ་དྲི་ཞུ་རྒྱུ་ང་ཡི་རྗེས་ལ་རེད་མ་གཏོགས་ཡིན་ཅིའི་ཕྱིར་མི་འཐོབ། རྒྱུ་མཚན་ཨེ་ཡོད།།
    དྲི་བ་ང་ལ་རེད་མི་འདུག ཀརྡོ་གཉེར་པ་ལ་ཡིན་ཡིན་འདུག ཁོང་མཆན་༦པ་ལ་གཟིགས་ཤིག

  25. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-16 at 3:34 am

    ཨ་རིའི་ཡུལ་དམག་མཚན་མཐུན་དགའ་བ་ལ།
    མ་བཤད་མ་དྲི་ཞེས་པའི་ཁྲིམས་བཅོས་འདུག
    ལུགས་འདི་རང་རེའི་བོད་ཀྱི་ཡུལ་དུ་ཡང་།
    དར་ཞིང་རྒྱས་པ་དེ་ལ་གནས་པར་མཛོད།།
    ་
    གནས་བརྟན་སྡེ་པའི་ཡུལ་ཞིག་ནས།
    གྲྭ་པ་གསར་ཞིག་ཡུལ་གཞན་སོང་།
    ཡུལ་དེའི་མི་ཞིག་མཚན་ལ་མཆོངས།
    གྲྭ་པ་གསར་དེ་ཁོང་ཁྲོ་ལངས།།
    ་
    མཁན་པོའི་ཞབས་ལ་གཏུགས་པ་ན།
    མ་བཤད་མ་དྲི་ལུང་དུ་བསྟན།
    དེ་ལྟར་ཁྱོད་ཀྱི་ཡུལ་དུའང་ཡོད།
    གསར་པས་མེད་མེད་ནན་གྱིས་ཟེར།།
    ་
    གཏམ་འདི་རྒྱ་གར་གྱི་དགེ་སློང་།
    གནས་ལུགས་ལེགས་མཁྱེན་ཞིག་གིས་གསུངས།
    འཕགས་ཡུལ་ཝཱ་རཱ་ཎ་སཱི་རུ།
    ལོ་ངོ་ལྔ་བཅུ་ཙམ་སྔོན་ཐོས།།

  26. ཀརྡོ་གཉེར་ཕྱག་པ་ says:
    2013-03-16 at 4:01 am

    ༡༧༽ ལ་ཐགས་བློ་བཟང་འཇམ་དཔལ་ལགས་དང་། ༢༢༽ དབང་མགོན་ལགས་སུ།

    ལུང་དང་འདས་པའི་ལོ་རྒྱུས་མ་ཤོད། བཤད་ན་ངས་མ་དག་རྒྱུན་འཇགས་རེད་ཟེར་བགྱིད་རེད། སྐད་ཡིག་གང་ཡིན་ན་ཡང་རང་བཞིན་གྱི་ས་མཚམས་ཅིག་ཡོད་དགོས་རེད། དེ་མེད་ན་སྐད་ཡིག་རྗེས་ལུས་དང་ཆ་མ་ཚང་བར་བརྩིས།
    མཁྱེན་འདོད་ཡོད་ན། ངས་དཔེར་བརྗོད་དང་བཅས་འབྲི་བར་བྱའོ།
    དཔརེ་ན།

    ༡༽ང་ཡིན།
    ༢༽ཁྱོད་རེད། ཁྱེད་རེད།
    ༣༽ཁོ་རེད། མོ་རེད། ཁོང་རེད། འདི་རེད། དེ་རེད། ཡང་ན། དེ་མ་རེད།
    ངའི་རེད། འདི་ངའི་རེད། དེབ་འདི་ངའི་རེད། ༼དེབ་འདི་ངའི་ཡིན། ཟེར་བ་ནོར་བར་འདོད་༽ཁོ་ངའི་གྲོགས་པོ་རེད་སོགས་སོ།

    ཡིན་ཐོབ་ས་གཞན་པ།
    ཁྱེད་རང་ཚེ་སྐྱིད་ཡིན་པེ། ང་ཚེ་སྐྱིད་ཡིན། ༼ང་ཚེ་སྐྱིད་རེད། ཟེར་ན་ནོར་བར་འདོད།༽ཡང་ན། ང་ཚེ་སྐྱིད་མིན།
    འདི་དེབ་ཡིན་བགྱིད་རེད། འདི་ཁོའི་ཡིན་བགྱིད་རེད།
    འདི་འདི་རང་ཡིན་བགྱིད་རེད། སོགས་སོ།
    མདོར་ན་མཐར་རེད་བྲིས་ནས་དོན་ཐོབ་ཕྱིན། ཡིན་ཞེས་འབྲི་ཤོད་བྱས་ན་ནོར་བ་རེད་དོ། །

  27. ཏི་སི། says:
    2013-03-16 at 4:04 am

    ད་ཡིན་ན། དེ་རིང་ངས་འབྲུ་གུང་མཁན་པོ་ཞིག་ལ་སྐད་ཆ་དྲིས་པས། ལན། ཚེ་སྐྱིད་ནི་ཀ་ཅ་རེད། ཚེ་སྐྱིད་ནི་ནད་གྱོང་རེད། ཚེ་སྐྱིད་ནི་ཁ་ཤོ་རེད། ཚེ་སྐྱིད་ནི་ཁྲག་འཛག་མ་རེད། ཚེ་སྐྱིད་ནི་འཁྲུག་འཛིང་མ་རེད། ཚེ་སྐྱིད་ནི་མགར་མོ་རེད། ཚེ་སྐྱིད་ནི་གྲྭ་བཅུ་ལོག་ས་རེད། ཚེ་སྐྱིད་བུད་སོང་རེད། ཚེ་སྐྱིད་ཨ་ལོག་རེད། ཚེ་སྐྱིད་ནི་བེལ་ཇམ་ལ་སོང་ཟེར་བས་དོན་ལ་དགའ་དབང་གསུངས་པ་དེ་ཟློག་ཕྱོགས་རེད་འདུག

  28. ཟླ་བ་བསྟན་འཛིན་ says:
    2013-03-16 at 6:14 am

    རྒན་ལ་ཐགས་པ་དང་དབང་མགོན་ལགས། བོད་སྐད་མང་ཙམ་ཤོད་དང་ད་གཟོད་ཚེ་སྐྱིད་ང་ཡི་ཡིན་ཞེས་པ་ནོར་བར་ངེས་སོ།།སྤྱིར་བཏང་ཡིན་ཞེས་པ་ནི་རང་གཞན་གཉིས་ལས་རང་དང་འབྲེལ་བའི་ཐ་སྙད་བརྗོད་པའི་ཚེ་བེད་སྤྱོད་བྱེད་དེ་དཔེར་ན། ང་ཆང་འཐུང་གི་ཡིན། ང་ཨ་རི་ལ་ཕྱིན་པ་ཡིན་། ངས་ཁོང་ལ་བཤད་པ་ཡིན།།རེད་ཅེས་པ་ནི་རང་གཞན་གཉིས་ཀ་དང་འབྲེལ་ནས་བརྗོད་ཆོག་པའི་ཐ་སྙད་ཅིག་རེད་དཔེར་ན། རང་དང་འབྲེལ་ནས་བརྗོད་ན་ཀློག་དེབ་འདི་ང་ཡི་རེད།ཚེ་སྐྱིད་ང་ཡི་སྙིང་གྲོགས་རེད། གཞན་དང་འབྲེལ་ནས་བརྗོད་ན་སྦག་སྦག་འདི་ཡི་བདག་པོ་ཁོང་རེད། ཁོང་དགེ་འདུན་པ་ཞིག་རེད་ལྟ་བུའོ།།དེས་ན་རེད་ཅེས་པ་རང་དང་འབྲེལ་ནས་བརྗོད་ཆོག་པ་མ་ཟད་གཞན་དང་འབྲེལ་ནས་ཀྱང་བརྗོད་ཆོག་དཔེར་ན་ཀློག་དེབ་འདི་ང་ཡི་རེད་ལྟ་བུ་དང་། ཀློག་དེབ་འདི་ཁོང་གི་རེད་ལྟ་བུའོ།།དེ་བཞིན་ཡིན་ཞེས་པ་རང་དང་འབྲེལ་ནས་བརྗོད་ཆོག་པ་དཔེར་ན་ང་ཆང་འཐུང་གི་ཡིན་ཅེས་བརྗོད་པ་བཞིན་ཐམས་ཅད་ལ་འཇུག་པའི་ངེས་པ་མེད་དེ། དཔེར་ན་ཚེ་སྐྱིད་ང་ཡི་ཡིན་ཅེས་པ་ལྟ་བུའོ།།ང་ཆང་འཐུང་གི་ཡིན་ཅེས་་པ་ལ་ཡིན་འབྲི་དགོས་ཤིང་ཚེ་སྐྱིད་ང་ཡི་རེད་ཅེས་པ་ལ་རེད་ཅེས་འབྲི་དགོས་པའི་རྒྱུ་མཚན་ནི་སྔ་མ་ལ་བྱ་ཚིག་འཐུང་ཞེས་པའི་དེ་མ་ཐག་ཏུ་གི་དང་འབྲེལ་བས་ཡིན་ལས་རེད་མི་ཐོབ་བོ།།ཕྱི་མ་ལ་མིང་ཚིག་ང་ཡི་དེ་མ་ཐག་ཏུ་ཡི་དང་འབྲེལ་བས་རེད་ཅེས་བྲིས་ན་བརྗོད་བདེ་ཞིང་ཡོངས་གྲགས་དང་མཐུན་ནོ།།

  29. པདྨ says:
    2013-03-16 at 6:55 am

    མཁན་པོ་དགའ་དབང་གི་བྲིས་ཡིན་མིན་མི་ཤེས་ཀྱང་། བྲུ་ཁུང་གི་མཁན་ཆེན་དང་མཁན་ཆུང་ཚོས་ཨ་ནེ་རེ་ངོ་བདག་བྱས་གྲྭ་ཆུང་རེ་གཉིས་རྐུབ་བདག་བྱས་ཡོད་པར་ཡོངས་གྲགས་རེད། མ་ཚད་ལྟས་ངན་དུ་མ་སྟོན་པ་གསལ་བོ་རེད། ཏི་སེ་ཟེར་བས་ཨ་ནེ་ཚེ་སྐྱིད་ལ་སྒེར་སྨད་དེ་འདྲ་བྱས་ན་བྲུ་མཁན་དེས་ཞབས་འདྲེན་རེད། ཨ་ནེ་ཚེ་སྐྱིད་ཟེར་བ་ཞིག་སེར་ཤུལ་སྡེ་བ་ནས་ཡིན་པ། བྲི་ཁུང་མཚམས་ཁང་དུ་ཡོད་པ་རེད།

  30. བན་དེ་བ། says:
    2013-03-16 at 7:13 am

    ཏི་སི་ཟེར་བ་རྫུན་བཤད་ཡིན་ས་རེད། ཁ་ཤོ། ཁྲག་འཛག་འཁྲུགས་ཚར་གཅིག་གིས་གྲྭ་བ་བཅུ་སློག་ཡོད་ན་ཡང་ན་གྲྭ་བ་དེ་རིགས་མིག་ཞར་བ་རེད། ཡང་ན་ཚེ་སྐྱིད་མཛེས་མ་རེད། དེ་མིན་དེ་འདྲའི་གནས་ཚུལ་ཡོང་མདོག
    མེད །

  31. ཟླ་བ་བསྟན་འཛིན་ says:
    2013-03-16 at 8:09 am

    པད་མ་ལགས་བྲུ་ཁུང་དང་བྲི་ཁུང་ཞེས་པ་ཇི་ལྟ་བུ་ཞིག་ལ་ངོས་བཟུང་དགོས་འགྲེལ་བཤད་ཁ་གསལ་བསྐྱོན་རོགས་གནང་།།གུས་པས་རེ་བ་ཡིན།།

  32. དབང་མགོན། says:
    2013-03-16 at 8:19 am

    པདྨ་ལགས། ཁྱེད་རང་ལ་མཐོང་རྒྱ་དང་ཐོས་རྒྱ་མེད་པ་ནི་ཅི་ནས་ཀྱང་བདེན། འབྲི་གུང་ལ་བྲུ་ཁུང་ལྟ་བུ་རྒྱལ་རབས་གང་གི་ནང་དུ་ཡང་དེ་ལྟ་བུའི་ཐ་སྙད་མེད་པ་དང་གཞན་ཡང་འབྲི་གུང་གི་མཁན་ཆེན་དང་མཁན་ཆུང་ཚོས་ཨ་ནེ་རེ་དོ་དག་བྱས་པ་དེ་ཡང་ཁྱེད་རང་གི་རྟོག་བསོ་ལས་གཞན་རྒྱུ་མཚན་གང་ཡང་མེད་པར་སེམས་སོ།། གྲྭ་ཆུང་གི་རྐུབ་ཆེད་ཅི་ཡང་འདོར་འཕོད་པའི་སྙིང་སྟོབས་དེ་ཡང་ཁྱེད་ལ་མཆིས་ཞེས་གོ་ཐོས་ཡོད།། སྤྱིར་ཁོ་བོས་ཁྱེད་ཀྱི་སྐོར་རྟོགས་ཙམ་ཧ་གོ་ཡི་ཡོད།།

  33. ཟླ་བ་བསྟན་འཛིན་ says:
    2013-03-16 at 8:27 am

    འབྲི་གུང་ངམ་འབྲི་ཁུང་ཞེས་པ་ཁོ་བོས་ཐོས་མྱོང་ལ་འོན་ཀྱང་པད་མས་བྲིས་པའི་བྲུ་ཁུང་དང་བྲི་ཁུང་ཞེས་པ་ཐོས་མྱོང་མེད་ལ་དེ་བཞིན་ཏི་སེ་ནས་འབྲུ་གུང་ཞེས་པ་ཡང་ཐོས་མྱོང་མེད་ལ་ཐ་སྙད་དག་ལ་མ་དག་ལ་ཞིག་བྲིས་ཏེ་ཚེ་སྐྱིད་ཀྱི་སྐོར་གླེང་བ་དང་དེར་གནས་ཀྱི་མཁན་ཆེན་མཁན་ཆུང་སྐོར་གླེང་བ་ནི་ཁྲེལ་དགོད་ཀྱི་གནས་སོ།།

  34. མེ་ཏོག་དཀར་པོ says:
    2013-03-16 at 8:39 am

    ཨ་མ་མ། བན་དེ་འདིས་ཁ་སང་ང་ལ་སློབ་སྟོན་བྱས་སོང་། དེ་ངའི་བསམ་པར་ནང་པ་མ་ཡིན་པ་འདི་ཚོའང་སེམས་རྒྱུད་དུལ་ནས་ཞེ་དྲག་ཡག་པོ་དྲན་སོང་། ཡང་དེ་རིང་་་་་་་་ཨ་ཁ

  35. གནམ says:
    2013-03-16 at 8:58 am

    ཟླ་བ་བསྟན་འཛིན་ལགས།
    ང་ཆང་ཟེར་ན་ག་འདྲ་ཞིག་ཡོད་པ་རེད། ཆང་འཐུང་ཞིག་ཡིན་རེད་ཨ། ངས་ང་ཆང་ཟེར་ནི་ཞིག་འཐུང་མ་མྱོང་། ང་ཆང་ཟེར་བ་ཞིག་གང་ནས་རག་གི་རེད། གོང་ཆེན་པོ་ཨེ་རེད།

  36. རི་རྒྱལ་ཏི་སེ། says:
    2013-03-16 at 11:56 am

    འབྲུབ་ཁུང་ཚང་ལ་ཨ་ནེ་རྣམ་པ་ཅན་དེ་འདྲ་ཞིག་ཡོད་པ་རུམ་སྟེགས་དགོན་པའི་མཁན་པོ་སྐྱོ་བྲག་དགའ་དབང་ནས་ཉམས་ཞིབ་དེ་ཙམ་མཛད་པ་ནི། འདོད་ལྡན་གྱི་སྐྱེ་བོ་ཡོངས་ཕན་སེམས་ཁོ་ན་བཅངས་པ་ཙམ་མ་ཟད། སྒྲུབ་བརྒྱུད་ཀཾ་ཚང་བཀའ་བརྒྱུད་དང༌། འབྲི་ཁུང་བཀའ་བརྒྱུད་གཉིས་ཁྱོ་ཤུག་གི་འབྲེལ་བ་འཇོག་བྱེད་ཀྱི་སྲིད་དོན་ཞིག་ཀྱང་ཡོད་པ་གདོན་མི་ཟའོ།།

  37. རང་མདངས་ says:
    2013-03-16 at 1:24 pm

    ཨ་ཁ་ད་མཁས་པ་འདི་ཚོ་ལ་ཚེ་སྐྱིད་ལས་གཞན་ཕན་ཐོག་པའི་སླབས་བྱ་མེད་པ་་་་་ཨ་ཁ་ཁ་

  38. མེ་ཏོག་དཀར་པོ says:
    2013-03-16 at 1:42 pm

    དགའ་དབང་ནི། ཀ་ཅ་རེད། དགའ་དབང་ནི། ཁ་བདེ་རེད། དགའ་དབང་ནི། ག་འཛོལ་རེད། དགའ་དབང་ནི། ང་བརྒྱད་རེད། དགའ

  39. གདོང་དམར་བ་ says:
    2013-03-16 at 2:05 pm

    རང་གཟུགས་མངོན་པའི་སྐྱོ་བྲག་དགའ་དབང་ལགས།།
    མཁས་པའི་དབང་པོར་གྱུར་ཞིང་མཐོ་བོའི་ཁྲིར།།
    འཛིགས་ནས་མི་ཚེ་ཧྲིལ་བོ་རྫོགས་ཚམས་སུ།།
    དུག་གསུམ་གཡོ་བ་མེད་པ་ནང་དུ་བཞུགས།།

  40. ཟླ་བ་བསྟན་འཛིན་ says:
    2013-03-16 at 2:16 pm

    གནམ་ལགས།
    ང་ཆང་འཐུང་གི་ཡིན་ཅེས་པ་ལ་ཁྱེད་རང་གིས་ང་ཆང་་་་་་འཐུང་གི་ཡིན་ཅེས་པ་ལྟར་བཀླགས་པས་ཀློག་མ་ཤེས་པའི་སྐྱོན་ཁོ་ན་ལས་མ་འདས་སོ།། འོ་ན་ཇི་ལྟར་ཀློག་ཅེ་ན་ང་་་་ཆང་་་་འཐུང་གི་ཡིན་ཅེས་ཀློག་དགོས་སོ།། དཔེར་ན་འདུས་བྱས་དང་དོན་གཅིག་པའི་མི་རྟག་པ་ཀློག་པའི་ཚེ། མི་རྟག་་་་པ་ཞེས་འདོན་དགོས་ཤིང་ཀློག་སྟངས་གཞན་ཞིག་གི་སྒོ་ནས་ཀློག་ཚེ། མི་་་་་་རྟག་པ་ཞེས་བཀླག་ན་མི་དེ་རྟག་མི་རྟག་གིས་ཟླས་ཕྱེ་བའི་རྟག་པར་གོ་བ་ལེན་དུ་རུང་བ་བཞིན་ཀློག་མ་ཤེས་པའི་དབང་གིས་ང་ཆང་ཟེར་བ་གང་འདྲ་ཞིག་ཡོད་པ་རེད་ཟེར་བའི་དྲི་བ་འདི་ཁྱེད་ཀྱི་བློ་ངོར་འཆར་བར་ངེས་སོ།།

  41. གདོང་དམར་བ་ says:
    2013-03-16 at 2:24 pm

    ཤི་སྐྲ་དཀར་པོ་མགོ་ལ་སྐྱེས།།
    འཆི་མིག་ནག་པོ་དོན་ལ་རྒྱབ།།
    བཙུན་མའི་སྡོམ་པ་འཆས་ལ་འཕབས།།
    སྐྱོ་བྲག་དགའ་བས་ཞས་འདྲེན་བཞུས།།

  42. གཡུ་འབྲུག་དཀར་པོ། says:
    2013-03-16 at 2:38 pm

    “ང་ཆང་འཐུང་གི་ཡིན་ཅེས་་པ་ལ་ཡིན་འབྲི་དགོས་ཤིང་ཚེ་སྐྱིད་ང་ཡི་རེད་ཅེས་པ་ལ་རེད་ཅེས་འབྲི་དགོས་པའི་རྒྱུ་མཚན་ནི་སྔ་མ་ལ་བྱ་ཚིག་འཐུང་ཞེས་པའི་དེ་མ་ཐག་ཏུ་གི་དང་འབྲེལ་བས་ཡིན་ལས་རེད་མི་ཐོབ་བོ།།ཕྱི་མ་ལ་མིང་ཚིག་ང་ཡི་དེ་མ་ཐག་ཏུ་ཡི་དང་འབྲེལ་བས་རེད་ཅེས་བྲིས་ན་བརྗོད་བདེ་ཞིང་ཡོངས་གྲགས་དང་མཐུན་ནོ།།”
    དྲི་བ་ཞིག་་་་་་གང་ཟག་དང་པོ་བྱ་ཚིག་དང་འབྲེལ་བ་ལ་༼ཡིན་༽དང་། མིང་ཚིག་དང་འབྲེལ་བ་ལ་༼རེད་༽ཅེས་འབྲི་དགོས་ཟེར་ན་མི་འགྲིགས་པ་ཅི་ཡོད་དམ། གི་དང་ཡི་གང་དང་འབྲེལ་མིན་ངེས་པར་དུ་བལྟ་དགོས་པ་ཡོད་དམ། དེ་ལྟར་ན་གི་དང་ཡི་ལས་གཞན་པ་ཀྱི་དང་འབྲེལ་བ་དང་། དེ་གསུམ་གང་དང་ཡང་མ་འབྲེལ་བ་ལ་ཅི་ཞིག་འབྲི་དགོས།

  43. ཀརྡོ་གཉེར་ཕྱག་པ་ says:
    2013-03-16 at 2:48 pm

    ང་ཆང་འཐུང་གི་ཡིན།
    ང་འགྲོ་ཡི་ཡིན།
    ངས་ལབ་ཀྱི་ཡིན།
    སོགས་ཕྲད་གཞན་དབང་ཅན་ཞིག་མ་ཡིན་པར། ཨུ་ཚུགས་ཀྱིས་རྗེས་འཇུག་ལ་ལྟོས་མི་དགོས་དགོས་པར།
    ངས་ ཆང་ བཏུངས་པ་ཡིན། འདས་པ།
    ང་ ཆང་ འཐུང་བགྱིད་ ཡོད། ད་ལྟ་བ།
    ང་ ཆང་ འཐུང་ བགྱི་ ཡིན། མ་འོངས་པ།

  44. གནམ says:
    2013-03-16 at 6:30 pm

    རྣམ་དབྱེ་གཉིས་བ་ལས་ངན་པོ།།
    ལྷ་ས་དག་པའི་ཞིང་ས་དང།།
    མ་དག་ཟླ་བ་བསྟན་འཛིན་ཚོས།།
    རབ་ཏུ་བཅོམ་པ་འདི་ལ་སྐྲག།

  45. རི་རྒྱལ་ཏི་སེ། says:
    2013-03-16 at 8:57 pm

    འབྲི་གུང་ཚང་གི་ཚེ་སྐྱིད་སེང་ལྕམ་འབྲུག་མོ་འདྲ་བ་དེ། ཀཾ་ཚང་ཚང་གི་དགའ་དབང་ནོར་བུ་དགྲ་འདུལ་དེ་ལ་གནང་སྐྱོང་ཡོང་བའི་སྐྱབས་འཇུག་ཞུ་ཡི་ཡིན། རྒྱུད་སྟོད་ཀཾ་ཚང་བླ་བྲང་ནས་གཉེན་སྟོན་གྲ་འགྲིག་རྒྱས་པ་ཞིག་སྟ་གོན་བྱེད་བཞིན་ཡོད་ནའང་ཐང་ལ། སྐབས་དེ་དུས་ཀྱི་སྟོན་མོ་དེར་ངེད་ཆོས་ལུགས་གཞན་པ་རྣམས་ལའང་མགྲོན་ཤོག་གཏོང་མ་བརྗེད་རོག

  46. གཏེར་རོང་ཕོ་ཉ says:
    2013-03-17 at 4:49 am

    གཡུ་འབྲུག་དཀར་པོ་ལགས།
    ཁྱོད་ཆོས་ཅན། མི་ཡིན་པར་ཐལ།ཟེར་ན་འདོད་ལན་ང་མི་ཡིན་པ་འདོད་ཅེས་ཟེར་རམ་ང་མི་རེད་པ་འདོད་ཟེར་སྔ་མ་ལྟར་བརྗོད་ན་མིང་ཚིག་དང་འབྲེལ་བའི་གང་ཟག་དང་པོ་ལ་ཡིན་འཇུག་པ་ཡོད་པའི་ཕྱིར་རོ།།དེས་ན་ང་མི་ཡིན་དང་ང་མི་རེད་ཅེས་གང་བརྗོད་ཀྱང་རུང་ངོ་།།ཕྱི་མ་ལྟར་ང་མི་རེད་པ་འདོད་ཟེར་ན་ནི་ཡོངས་གྲགས་དང་མི་མཐུན་ཞིང་ཁྱེད་ཁོ་ནས་བཀོལ་འོས་པའི་ཐ་སྙད་ལས་མ་འདས་སོ།།ང་ཆང་འཐུང་གི་ཡིན་ཞེས་པ་ལ་གི་དང་འབྲེལ་བ་ཞེས་བརྗོད་དགོས་དོན་ནི། གི་དེ་ཡིས་བྱ་ཚིག་ད་ལྟ་བ་མཚོན་ཐུབ་བོ།།འདས་པ་ལ་ངས་ཆང་བཏུངས་པ་ཡིན་ཅེས་བརྗོད་དགོས་པ་ལས་ང་ཆང་བཏུངས་པ་ཡིན་དང་ངས་ཆང་བཏུངས་ཀྱི་ཡིན་ཅེས་བཀོལ་དུ་མི་རུང་ངོ་།།མ་འོངས་པ་ལ་ང་ཆང་བཏུང་ཡག་ཡིན་ཅེས་བརྗོད་ན་ལེགས་སོ།།

  47. གཏེར་རོང་ཕོ་ཉ says:
    2013-03-17 at 5:05 am

    གནམ་ལགས།
    མ་དག་ཟླ་བ་བསྟན་འཛིན་ཚོས།།རབ་ཏུ་བཅོམ་པ་འདི་ལ་སྐྲག་ན་ཁྱེད་ཀྱིས་ཡིན་རེད་ཡོད་འདུག་ཅེས་པ་རྣམས་བྱ་ཚིག་མིང་ཚིག་རང་གཞན་སོགས་གང་དང་འབྲེལ་ནས་བརྗོད་དགོས་ཚུལ་གསལ་པོ་གསུངས་རོགས་གནང་།ཅིའི་ཕྱིར་ཞེ་ན། ཁྱེད་རང་གིས་གསལ་ཐིང་ངེར་ངེས་ཀྱང་མི་ཤེས་པ་རྣམས་ཀྱི་རྨོངས་མུན་སེལ་བ་ལ་ཕན་པར་ངེས་སོ།།

  48. ཨ་རོག says:
    2013-03-17 at 6:33 am

    ལ་དྭགས་བ་ཨ་ནེ་ཞིག་དབུར་ཉན་འདོད་བཞག་
    ཁ་ནས་བོད་ཡིག་བོད་ཡིག་ལབ་པ་མ་ཏོག་ཨ་ནེ་ལ་སེམས་ཤོར་འདུག། ཨ་ནེ་ཡག་པོ་ཡོད་རེད་དེ་
    སྤྱིར་གཏང་བྱེད་རྒྱ་གར་བ་མ་ཏོག་རག་གི་ཡོད་མ་རེད་ ཁྱེད་རང་རྒྱ་གར་བ་སོང་ཙང་ཨ་ནེ་རག་སྲིད་
    ངས ནི་རག་མ་སོང

  49. གནམ says:
    2013-03-17 at 6:53 am

    ཚིག།
    རེད། ཡིན། ཡོད།
    ་་་་་་་་་་ ་་་་་་་་་་་
    ཚིག་གྲུབ།
    ང་རེད། ང་ཡིན། ང་ཡོད།
    ཁོང་རེད། ཁོང་ཡིན། ཁོང་ཡོད།
    ཁྱོད་རེད། ཁྱོད་ཡིན། ཁྱོད་ཡོད།
    མོ་རེད། མོ་ཡིན། མོ་ཡོད།
    དེ་རེད། དེ་ཡིན། དེ་ཡོད།
    འདི་རེད། འདི་ཡིན། འདི་ཡོད།
    ་་་་་་་་་་་་ ་་་་་་
    འབྲེལ་སྒྲ།
    ངའི་རེད། ངའི་ཡིན།
    ཁོའི་རེད། ཁོའི་ཡིན།
    མོའི་རེད། མོའི་ཡིན།
    ཁྱོའི་རེད། ཁྱོའི་ཡིན།
    དེའི་རེད། དེའི་ཡིན།
    འདིའི་རེད། འདིའི་ཡིན།
    ་་་་་་་་་ ་་་་་་་་་་་་
    ལ་དོན།
    ང་ལ་རེད། ང་ལ་ཡིན། ང་ལ་ཡོད།
    ཁོང་ལ་རེད། ཁོང་ལ་ཡིན། ཁོང་ལ་ཡོད།
    ཁྱོད་ལ་རེད། ཁྱོད་ལ་ཡིན། ཁྱོད་ལ་ཡོད།
    མོ་ལ་རེད། མོ་ལ་ཡིན། མོ་ལ་ཡོད།
    དེ་ལ་རེད། དེ་ལ་ཡིན། དེ་ལ་ཡོད།
    འདི་ལ་རེད། འདི་ལ་ཡིན། འདི་ལ་ཡོད།
    ་་་་་་་་་་་་ ་་་་་་་་་་་་་་
    དུས་གསུམ།
    ཀློག་གི་རེད། ཀློག་གི་ཡིན། ཀློག་གི་ཡོད།
    བཀླགས་རེད། བཀླགས་ཡིན། བཀླགས་ཡོད།
    བཀླག་རྒྱུ་རེད། བཀླག་རྒྱུ་ཡིན། བཀླག་རྒྱུ་ཡོད།

    ད་ཉོབ་སོང་། གཏེར་རོང་ལགས།

  50. རྟ་བདུན་དབང་པོ། says:
    2013-03-17 at 8:00 am

    བསམ་རྒྱུ་ཁྱེད་དང་དྲན་རྒྱུ་ཁྱེད། ཁྱེད་བསམ་བསྡད་པའི་ལོ་ཟླ་རུ། དགའ་དབང་འདོད་པའི་ཆགས་པ་རྒྱས། དེ་ལས་རང་ལོ་རྒས་ལ་གཟིགས།

  51. ཀརྡོ་གཉེར་ཕྱག་པ་ says:
    2013-03-17 at 8:15 am

    སྐྱེས་བུ་དང་པོའི་ངའི་མཐར་ཡིན་དང་མིན། དང་། ཡོད་དང་མེད་ ཐོབ།
    སྐྱེས་བུ་གཉིས་པ་ཁྱོད་ལ་རེད་དང་མ་རེད། དང་། འདུག་དང་མི་འདུག་ཐོབ།
    སྐྱེས་བུ་གསུམ་པ་ཁོ་དང་མོ་ལ་རེད་དང་མ་རེད། དང་། འདུག་དང་མི་འདུག་ཐོབ།
    འདི་དང་དེའི་མཐར། རེད་དང་། མ་རེད། དང་། འདུག་དང་མི་འདུག་ཐོབ།
    དཔེར་ན།

    ང་ཡིན། ང་མིན།
    ང་ལ་ཡོད། ང་ལ་མེད།

    ཁྱོད་རེད། ཁྱོད་མརེད།
    ཁོ་རེད། ཁོ་མ་རེད། མོ་རེད། མོ་མ་རེད།
    འདི་རེད། འདི་མརེད། དེ་རེད། དེ་མ་རེད།

    ཁྱོད་ལ་འདུག ཁྱོད་ལ་མི་འདུག
    ཁོ་ལ་འདུག ཁོ་ལ་མིའདུག མོ་ལ་འདུག མོ་ལ་མི་འདུག
    འདི་ལ་འདུག འདི་ལ་མི་འདུག དེ་ལ་འདུག དེ་ལ་མི་འདུག

  52. ཀརྡོ་གཉེར་ཕྱག་པ་ says:
    2013-03-17 at 8:18 am

    ང་ཡིན།
    ཁྱོད་རེད།
    ཁོ་རེད།
    འདི་རེད།

    ང་ལ་ཡོད།
    ཁྱོད་ལ་འདུག
    ཁོ་ལ་འདུག
    འདི་ལ་འདུག

  53. གནམ says:
    2013-03-17 at 9:00 am

    འདི་སུ་རེད་ཟེར་ན། ང་རེད་ཟེར།
    འདི་སུའི་རེད་ཟེར་ན། ངའི་རེད་ཟེར།

    འདི་སུ་ཡིན་ཟེར་ན། ང་ཡིན་ཟེར།
    འདི་སུའི་ཡིན་ཟེར་ན། ངའི་ཡིན་ཟེར།

    གོ་ན་སྣ་བའི་བདུད་རྩི་ཡིན། མ་གོ་ན་ཡང་ཅི་ཟིག་སྐྱོན།
    སྐྱེ་བུའི་གྲངས་ལ་སྦྱར་བ་ནི། གཞན་སྐད་ཞད་དེ་ཞུགས་པའི་སྐྱོན།

  54. གཏེར་རོང་ཕོ་ཉ says:
    2013-03-17 at 1:25 pm

    ཀརྡོ་གཉེར་ཕྱག་ལགས།
    ཚེ་སྐྱིད་ང་ཡི་རེད་བརྗོད་དགོས་སམ་ཚེ་སྐྱིད་ང་བགྱིད་རེད་ཅེས་གང་བརྗོད་དགོས་ལན་ཞིག་གནང་རོགས་གྱིས།། གནམ་ལགས། སྐྱེས་བུའི་གྲངས་ལ་སྦྱར་བ་ནི་གཞན་སྐད་ཀྱི་ཤན་ཞུགས་པའི་ཡོན་ཏན་རེད་དོ།། བཞི་བརྒྱ་པ་ལས། རིགས་པའི་དོན་ནི་གཞན་ལས་ཀྱང་།།བློ་ལྡན་ལེགས་པར་འདོད་པས་བླང་།། ཞེས་གསུངས་སོ།།

  55. ཀརྡོ་གཉེར་ཕྱག་པ་ says:
    2013-03-17 at 3:53 pm

    ཚེ་སྐྱིད་ ང་ཡི་ རེད།
    ང་ ཚེ་སྐྱིད་ལ དགའ་བགྱིད་ ཡོད། ད་ལྟ་བ།
    ང་ ཚེ་སྐྱིད་ལ ད་དུང་ དགའ་པོ་ བྱེད་བགྱི་ ཡིན། མ་འོངས་པ།

  56. ཀརྡོ་གཉེར་ཕྱག་པ་ says:
    2013-03-17 at 3:58 pm

    ཚེ་སྐྱིད་ ང་ཡི་ རེད། ཚེ་སྐྱིད་ ངའི་ རེད།
    དེ་མིན།
    ཚེ་སྐྱིད་ ངའི་ ཡིན། ཟེར་ན་ནོར་བར་འདོད།
    དཔེར་ན།
    ཁོ་ མི་ ཡག་པོ་ ཡིན།
    ཚབ་ལ།
    ཁོ་ མི་ ཡག་པོ་ རེད། ཅེས་དགོས་འདུག་སྙམ་ལགས།

  57. དབང་མགོན། says:
    2013-03-17 at 4:28 pm

    དྲྭ་གྲོགས་རྣམ་པ་ཚོས་རེད་དང་ཡིན་གྱི་སྐོར་ལ་རྩོད་པ་མང་པ་གནང་བྱུང་བས་དགའ་བསུ་ཡོད།།
    རེད་དང་ཡིན་གཉིས་ཀྱི་ཚིག་བཀོལ་ཏང་ངམ་བེད་སྤྱོད་བྱེད་ཏང་ནི་གང་ཟག་ཕ་རོལ་པོས་དྲི་བ་གཏོང་ཏང་ལ་བརྟེན་ནས་ལན་འདེབས་དགོས་ཤིང་དཔེར་ན་དྲི་ཚིག་ཏུ་དེབ་འདི་ཁྱེད་ཀྱི་རེད་པས་ཞེས་བརྗོད་ཚེ་ལན་དུ་དེབ་འདི་ངའི་རེད་ཅེས་བརྗོད་དགོས་པ་ལས་དེབ་འདི་ངའི་ཡིན་ཞེས་མི་བརྗོད།། སླར་ཡང་གང་ཟག་ཕ་རོལ་པ་དེས་ཁྱེད་མི་ཡིན་ནམ་ཞེས་དྲི་ཚིག་བཏང་ན་ལན་དུ་ང་མི་ཡིན་ཞེས་བརྗོད་པ་ལས་ང་མི་རེད་ཞེས་མི་བརྗོད་པ་ལྟ་བུའོ།། གང་ལྟར་སྐབས་བབས་ཀྱི་བརྗོད་བྱ་དེ་དང་དེ་ལ་བརྟེན་ནས་རེད་ཡིན་ཞེས་བེད་སྤྱོད་གཏོང་དགོས་པར་སེམས་སོ།། །།

  58. དབང་མགོན། says:
    2013-03-17 at 4:32 pm

    དྲྭ་གྲོགས་རྣམ་པ་ཚོས་རེད་དང་ཡིན་གྱི་སྐོར་རྩོད་པ་མང་པོ་་་་ནོར་བཅོས་བྱས་ཡིན་དགོངས་དག།

  59. བན་དེ་བ། says:
    2013-03-17 at 9:36 pm

    ཨ་ཁ་ཚེ་སྐྱིད་འདི་ཡིས་མི་མང་པོ་ཞིག་ལ་ཁ་མཆུ་ཆེན་པོ་བཟོས་སོང། ཁྱེད་ཀྱིས་འདུམ་རོགས་གནང་ན་ཡག་པོ་འདུག

  60. ལོང་བ། says:
    2013-03-17 at 11:44 pm

    དྲྭ་གནས་འདིར་ཕེབས་པའི་གྲོགས་པོ་ཚོ། གོང་དུ་འཁོད་པའི་ཨ་ནེ་ཚེ་སྐྱིད་ནི་འབྲི་གུང་མ་རེད་ལ། དེ་ལ་དགའ་མཁན་གྱི་དགའ་དབང་ནི་མཁན་པོ་དགའ་དབང་དེ་བས་ཀྱང་མ་རེད། ངོ་མ་བཤད་ན་རྩོམ་ཡིག་འདི་འབྲི་བ་པོའི་དགའ་དབང་གི་མིང་ཅན་དེ་དང་། དེ་ལ་མཆན་འདེབས་པ་པོ་ཨ་ཕྱི་ཆོས་སྒྲོན་གྱི་མིང་ཅན་དེ་ནི་མཁན་པོ་དཔལ་གཅེས་རེད་དོ།།

  61. གཏེར་རོང་ཕོ་ཉ says:
    2013-03-18 at 12:02 am

    ཀརྡོ་གཉེར་ཕྱག་ལགས།
    འདི་ཁོའི་ཡིན་གྱི་རེད་ཅེས་མ་བྲིས་པར་འདི་ཁོའི་ཡིན་བགྱིད་རེད་ཅེས་བྲིས་པ་འདི་ཁྱེད་ཀྱིས་རྟོག་བཟོ་ལས་རྒྱུ་མཚན་ཡང་དག་ཡོད་དམ།
    ༦༠༽ལོང་བས་གསུངས་པ་ལྟར་མིན་ནམ་བསམ་གྱི་འདུག

  62. ཀརྡོ་གཉེར་ཕྱག་པ་ says:
    2013-03-18 at 11:00 am

    ཕོ་ཉ་ལགས།
    ངའི་དུས་རྒྱུན་ནས།
    ང་ འགྲོ་གི་ ཡིན། ཚབ་ལ། ང་ འགྲོ་བགྱི་ ཡིན།
    ང་ འགྲོ་གི་ ཡོད། ཚབ་ལ། ངའི་ འགྲོ་བགྱིད་ ཡོད། འབྲི་དགོས་པ་བསམ་འཆར་ཕུལ་ཡོད།
    དེ་བཞིན།
    ཡིན་གྱི་རེད། འདི་ཡང་། ཡིན་ བགྱིད་ རེད། འདི་དག་པར་མཐོང་སོང་།
    ཁུངས་མེད་པ་ཡང་མ་རེད། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་སྔར་གྱི་ལོ་ཙ་པས་གསུངས་ཟིན་འདུག

  63. གཏེར་རོང་ཕོ་ཉ says:
    2013-03-18 at 11:53 am

    ཀརྡོ་ལགས།
    ཡིན་བགྱིད་རེད་འབྲི་འོས་ན་ང་བགྱིད་རེད་འབྲི་མི་འོས་པའི་རྒྱུ་མཚན་ཅི་ཡོད། ཅི་སྟེ་ང་བགྱིད་རེད་ཅེས་པ་བརྗོད་མི་བདེ་ཞིང་མ་གྲགས་པའི་ཕྱིར་ཟེར་ན། ཡིན་བགྱིད་རེད་ཅེས་པའང་དེ་དང་མཚུངས་པའི་ཕྱིར་ཏེ། ཡིན་གྱི་རེད་ཅེས་པ་ངག་ནས་གྲགས་པའི་ཕྱིར་ཏེ།མི་རེ་རེ་ཡིས་ངག་ནས་ཇི་ལྟར་བརྗོད་ཀྱི་ཡོད་མེད་བརྟག་པར་གྱིས། ཡིན་བགྱིད་རེད་ཅེས་པའི་ཁུངས་སུ་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱིས་ཞེས་པའི་ཚིག་འདི་ཁུངས་སུ་དྲངས་པ་ནི་ཆེས་མི་རིགས་པར་སེམས་ཏེ། ཡིན་བགྱིད་རེད་ཅེས་པའི་བགྱིད་འདི་ཉིད་བྱ་ཚིག་ཅིག་ཡིན་པས་གོ་རྒྱུ་དམིགས་བསལ་མེད་ལ། བསྐྱེད་པར་བགྱིས་ཞེས་པ་ལ་བསྐྱེད་པར་གྱི་བྲིས་ན་གོ་རྒྱུ་མེད་ལ་དེ་ལ་བགྱིས་བྲིས་ན་ལ་དོན་དང་འབྲེལ་བས་གོ་རྒྱུ་ཞིག་ཏུ་སྣང་བའི་ཕྱིར་རོ།།

  64. ཀརྡོ་གཉེར་ཕྱག་པ་ says:
    2013-03-18 at 12:04 pm

    མདང་ ང་ ཕྱིན་པ་ ཡིན།
    དེ་རིང་ ང་ འགྲོ་བགྱིད་ ཡོད།
    སང་ཉིན་ ང་ འགྲོ་བགྱི་ ཡིན།

  65. བན་དེ་བ། says:
    2013-03-18 at 12:10 pm

    འ་མཐའ་མེད་འི་དང་ཡི། ན་མ་ར་ལ་གྱི་འ་མཐའ།

  66. གཏེར་རོང་ཕོ་ཉ says:
    2013-03-18 at 1:11 pm

    བན་དེ་ལགས།
    འ་དང་མཐའ་མེད་འི་དང་ཡི།།ཞེས་པ་ཁུངས་སུ་དྲངས་ནས་ཨུ་ཚུགས་ཀྱིས་ང་འགྲོ་ཡི་ཡིན་བྲིས་ན་ཅང་ཕན་ཐོགས་སམ། དེས་ན་ཐོན་མིས་རྗེས་འཇུག་དང་ར་མགོ་སོགས་ཀྱི་རྣམ་གཞག་དེ་དུས་ཀྱི་འབངས་རྣམས་ཀྱི་སྐད་གཞི་རུ་བཟུང་ནས་མཛད་པ་ལྟར་འདིར་ཡང་དེ་ལྟར་བྱས་ན་མི་ལེགས་སམ།

  67. བན་དེ་བ། says:
    2013-03-18 at 1:21 pm

    བོད་སྟོད་ཕྱོགས་པ་རྣམས་ཀྱིས་་་་་ན་མ་ར་ལ་གྱི་འ་མཐའ། མཐའ་མེད་རྣམས་ལ་འི་དང་ཡི། ད་བ་ས་ཀྱི་ག་ང་གི།
    ང་ན་ཡི་འདུག ང་འགྲོ་ཡི་ཡིན། ལས་སོགས་ཅི་ལྟ་བར་ད་ལྟ་སྐད་གསོན་པོར་བེད་སྤྱད་ཀྱི་འདུག
    མ་གཞི་ནས་ཐོན་མིས་བཅས་ཟེར་བར་ཡིད་བཏོན་མེད། རྡོ་རིང་དང་དྲིལ་བུ་ལས་སོགས་ཏུན་ཧོང་གི་ཡིག་རྙིང་དག་ཏུ་དེ་དག་གི་ཁྲིམས་བཅས་པ་གཞིར་བཟུང་བྲིས་མེད། དེ་བྱེད་དུས་བརྡ་དག་སུམ་རྟགས་ཟེར་བ་ཕྱིས་བྱུང་ག་གེ་མོས་བཙན་གྱིས་བསྒྲིགས
    པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme