Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚུལ་བློས་བཀའ་བརྒྱུད་པ་ལ་གདམས་པ།

Posted on 2016-01-232016-01-23 By ཁ་བརྡ 28 Comments on ཚུལ་བློས་བཀའ་བརྒྱུད་པ་ལ་གདམས་པ།

སྐྱོ་བྲག་དགའ་དབང་།

 
ཁམས་གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་འདིའི་མཛད་ཕྲིན་ནི། གཉན་འཕྲང་གི་དུས་འདིར། གངས་ལྗོངས་རྒྱལ་བསྟན་མཐའ་དག་གི་དོན་གྱི་སྲོག་ཤིང་ངོ་མར་གྱུར་འདུག ། ད་ཐེངས་ཀྱང་། འགྲོ་བའི་མགོན་པོ་བཀའ་བརྒྱུད་པའི་བསྟན་པ་དངོས་གང་ཡིན་ངོས་ཟིན་ཅིང་། སེམས་གཏིང་ནས་དུངས་པའི་བཀའ་སློབ་བདུད་རྩི་འདྲ་བ་ཞིག་གནང་གདའ། ཡིན་ནའང་། བཀའ་བརྒྱུད་པའི་ཁོངས་སུ་ཡོད་པའི་མཁས་བླུན་གང་གི་མིང་ཅན་ཡིན་ནའང་འདྲ། ལམ་སྟོན་ལམ་སྟོན་དུ་ཤེས་པའི་གང་ཟག་ཅིག་ཕལ་ཆེར་ཡོད་ཀྱི་མ་རེད། གལ་ཏེ་ཤེས་མཁན་ཞིག་ཡོད་ན། མཁན་པོའི་གསུང་། རྫ་ཚེ་བཀྲས་ཕབ་བཤུ་ཞུས་པ་འདི། མི་ཚེའི་རྒྱུན་ཁྱེར་དུ་བྱ་རིན་འོས་པ་ཞིག་གདའ།

ད་ལོ་བཀའ་བརྒྱུད་པས་ཀྱང་བཀའ་བརྒྱུད་དགུན་ཆོས་འཚོགས་པ་རེད། ཁར་ཉིན་ང་ཁྲིན་ཏུ་ན་ཡོད་དུས་ནས་གོ་སོང་། འཚོགས་པ་ལས་མ་འཚོགས་པ་དགའ་གི་ཟེར་མཁན་ཡང་འདུག ཁོང་ཚོས་བཤད་ན། དཔལ་སྤུངས་སོགས་ནས་ཡོང་མཁན་དག་གིས་བསྡུས་གྲྭ་རྐྱང་རྐྱང་འཕེན་གྱི་འདུག གཞུང་རང་ལ་ངེས་ཆ་ཡོད་མཁན་ཆེན་པོ་མི་འདུག མ་ཟད། དེང་སང་བཀའ་བརྒྱུད་པ་བཤད་གྲྭ་ཅུང་ཟད་ཡོད་ས་དེ་ཚོ་ཚང་མས། ད་ཕྱིས་དགུན་ཆོས་འཚོགས་རྒྱུ་ཡོད་པ་རེད། བསྡུས་གྲྭ་ལྟ་དགོས་ཟེར་ནས་འུར་འདྲེས་འདུག་ཟེར། བཀའ་བརྒྱུད་པའི་གཞུང་དང་བསྡུས་གྲྭ་གཉིས་རྩ་བ་ནས་ཁ་ཁ་རེད་དེ། དབུ་རུལ་བ་ཤངས་ཀྱིས་མ་ཚོར་བ་དེ་ཚོ་དེ་འདྲ་རེད། དཔེ་ཆ་མི་ཤེས་མཁན་གྱི་དགོན་དཔོན་ཚོས་ཀྱང་དེ་དགོས་རྒྱུ་ཞིག་ཡིན་ས་རེད་བསམ་ནས་བསྡད་ཡོད་པ་རེད།

དེང་སང་བཀའ་བརྒྱུད་པའི་དཔེ་ཆ་དེ་ཚོའི་ལུང་རྒྱུན་རེ་བླངས། འཆད་ཉན་རེ་བྱས་ཏེ། མགོ་ཅུང་ཟད་ཁྱོགས་ནས་གྲུབ་མཐའ་རེའི་འཇོག་ལུགས་ཡོད་ཡོང་གི་ཡོད་པའི་སྐབས་འདིར། བསྡུས་གྲྭ་ཁོ་ནའི་ནང་ལ་མགོ་འཁོར་ནས་ཅང་མེད་པ་ཞིག་ཆགས་འགྲོ་གི་འདུག ད་དུང་ཁོང་ཚོར་རྣམ་གྲངས་མ་ཡིན་པའི་དོན་དམ་ཁས་ལེན་ཀུན་བྲལ་ཟེར་དུས། ཧབ་བགད་བྱེད་ཀྱི་འདུག་ཟེར། རྣམ་གྲངས་མ་ཡིན་པའི་དོན་དམ་ཁས་ལེན་ཀུན་བྲལ་ཧབ་བགད་བྱེད་ས་ཞིག་ཆགས་ཚར་ན། དེ་ནས་བཀའ་བརྒྱུད་པའི་གྲུབ་མཐའ། ཕྱག་རྒྱ་ཆེན་པོ་དང་། དབུ་མ་ཆེན་པོ་དེ་ཚོ་ཅི་འདྲ་བྱས་ནས་འཇོག །

གསུང་འདི་བཀའ་བརྒྱུད་པར་རྒྱུས་མངའ་ཡོད་པ་ཞིག་གིས་མཐོང་ན། རང་བཞིན་བརྗོད་པར་འདུག་ལ། ཤ་ཞེན་ཡོད་པ་ཞིག་གིས་མཐོང་ན། སྐྱོ་བའི་མཆི་མ་གཡོ་བྱེད་དུ་གདའ་ནའང་། བསྟན་པའི་གཟུགས་བརྙན་ཙམ་ལ་བསླེབས་ཟིན་པས་ད་ཕན་ཐོགས་ཤིག་ཡོང་དཀའ་བ་རེད།

གསལ་བཤད།

Post navigation

Previous Post: ལམ་རིམ་ཁྲིད་ཆེན་༡༨ ཀྱི་མཇུག་འབྲས།
Next Post: ཁ་བ་བབ་བྱུང་།

Comments (28) on “ཚུལ་བློས་བཀའ་བརྒྱུད་པ་ལ་གདམས་པ།”

  1. དགའ་སྐུ་ says:
    2016-01-24 at 12:28 am

    བཀའ་བརྒྱུད་གྲལ་འཁོད་པ་ང་རང་གཙོས་ཚང་མ་ཐུགས་བསམ་ནན་པོ་བཞེས་རྒྱུའི་དུས་རེད། ཁོང་གིས་གསུངས་ལ་མངོན་པ་བསྟོད་དོ།

  2. ཁྱུང་སེ། says:
    2016-01-24 at 12:46 am

    བཀའ་བརྒྱུད་པ་དང་རྙིང་མ་པ་རྣམས་ཀྱིས་བསྡུས་གྲྭ་སྦྱོང་དགོས་ཀྱི་རེད་ཟེར་ནས་བཀའ་སུ་གཅིག་གིས་གཏོང་མི་ནུས་ཆོས་རྒྱུད་རང་རང་སོ་སོའི་བླ་མས་བཀའ་གང་གནང་རེད། འོན་ཀྱང་བསྡུས་གྲྭས་ཕན་པ་ཡོད་མེད་ཀྱི་གནས་སྟངས་སོ་སོ་རེད། སུ་ལ་ཕན་ཐོགས་ནའང་དེ་ཚོས་སྦྱོང་ན་འགྲིག་གི་རེད།། དེ་མིན་ཆོས་རྒྱུད་ཆོས་ལུགས་དཔུང་ཁག་བསྒྲིགས་ན་ཡག་པོ་མ་རེད། བོད་མི་ཚོས་རྟག་ཏུ་ཆོས་ལུགས་དག་སྣང་དང་བོད་རིགས་མཐུན་འབྲེལ་དགོས་རབས་བཤད་ཀྱང་དོན་དུ་གཅིག་གིས་གཅིག་ལ་སྐུར་འདེབས་ཁོ་ནས་དུས་འདའ་བཞིན་ཡོད་གཅིག་གིས་གཅིག་ལ་དབང་བསྒྱུར་བྱེད་རྒྱུའི་བསམ་བློ་ཁོ་ནར་བཅངས་ཡོད་འདུག འདས་པའི་ལོ་རྒྱུས་ལས་ཤེས་ཐུབ། ད་ལྟ་དེ་འདྲ་སུ་གཅིག་གིས་ཀྱང་བསྒྱུར་མི་ཐུབ་པས་རྨི་ལམ་རང་རེད། འཛམ་གླིང་རྒྱལ་སྤྱིའི་ཁྲིམས་དང་འགལ་འགྲོ་གི་རེད། བཙན་བྱོལ་སྒྲིགས་འཛུགས་ཡིན་ནའང་སྒྲིགས་འཛུགས་ཀྱིས་ཕྱག་ལས་གནང་སྟངས་ལ་འདོད་བློ་མ་ཁེངས་བ་མང་པོ་རེད། དཔེར་ན། དྷ་སའི་བོད་ཀྱི་དཔེ་མཛོད་དང་དྷི་ལིའི་བོད་ཁང། དྷ་སའི་རིས་མེད་བཙུན་དགོན་ལས་སོགས་སུ་རིས་མེད་ཀྱི་འགྲོ་སྟངས་མེད།

  3. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-01-24 at 3:10 am

    ཕྱག་རྒྱ་ཆེན་པོ་དང་དབུ་མ་ཆེན་པོ་དེར་གང་འདྲ་ཡིན་མིན་དཔྱད་པ་བྱ་མི་ཆོག་པ་ཡིན་འདྲ། གང་ལྟར་ཡང་དབང་རྟུལ་དད་པའི་རྗེས་འབྲངས་ཁོ་ན་ལས་དབང་རྣོ་འགྲོ་སར་མེད་འདྲ་་་་་ཡཡཡཡཡ་་་་་་་་ད་ཤེས་སོང་ཨ།

  4. ཀློང་ཆུང་ says:
    2016-01-24 at 4:27 am

    ང་རང་བཀའ་བརྒྱུད་པའི་རྗེས་བྲངས་ཤིག་ཡིན། ཐར་རྒྱན་དང་གངྒ་མ་དང་ཆོས་དྲུག་རྒྱུན་ཟས་ཡིན། ལྔ་ལྡན་དང་། ངེས་དོན་མཛུབ་ཁྲིད་ངའི་ཐར་ལམ་གྱི་ས་ཁྲ་ཡིན།

    ཡིན་ནའང་། བཀའ་བརྒྱུད་པར་བསྡུས་གྲྭ་མི་དགོས་ཟེར་བ་འདི་བཀའ་བརྒྱུད་པའི་བསྟན་པའི་བདག་པོ་རྣམ་པས་ཐག་བཅད་ན་ལེགས།

    ཁམས་ལ་དེང་སང་ཚུལ་ཁྲིམས་བློ་གྲོས་རིང་ལུགས་ཤིག་སྤེལ་བཞིན་པ་ཚང་མས་ཤེས་གསལ་རེད། བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་ཀ་འབྲུག་འབྲི་གསུམ་གྱི་གཙོས་ཆེ་བཞི་ཆུང་བརྒྱད་ཀྱི་སྐྱབས་མགོན་རྣམས་བཞུགས་བཞིན་དུ་ཁོང་རྣམ་པ་ས་སྟེང་འདི་ནས་འབོར་ཟིན་པ་ལྟ་བུའི་སྐད་ཆ་འདིས་བཀའ་བརྒྱུད་ལ་ཤ་ཚ་བ་ཞིག་མཐོང་མ་སོང་།

    ཟླ་རྙིང་ཨ་རིར་རྒྱལ་དབང་ཀརྨ་པར་མཇལ་ཁ་མི་ཞུ་བར་ཁོང་གང་ཕེབས་ཀྱི་གྲོང་ཁྱེར་དེ་དག་ལ་སྔོན་ལ་ཤ་སྟག་ཕེབས་ནས་ཆོས་ལུགས་ཁྱབ་སྤེལ་གྱི་འགྲན་བརྩོད་ལྟ་བུའི་ཚོར་སྣང་ཞིག་ཚང་མར་སྤྲད་སོང་། གནང་སྟངས་འདི་བཀའ་བརྒྱུད་པར་ཤ་ཚ་བ་ཞིག་མཐོང་མ་སོང་།

    བཀའ་བརྒྱུད་ཀྱི་རྗེས་བྲངས་བརྩོད་མེད་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་བཀའ་བརྒྱུད་པར་བསྡུས་གྲྭ་དགོས་གསུང་པ་དེར་རྒྱུ་མཚན་ཞིབ་པར་མཐོང་། བཀའ་བརྒྱུད་ཀྱི་བསྟན་པ་འདི་ལ་ལུང་རྟོགས་གཉིས་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ཆད་མེད་བཞུགས་ཡོད། ལུང་གི་བསྟན་པ་སྐྱོང་བ་ལ་རིགས་པ་གཙོ་བོར་འཛིན་པ་དང་། དེ་ལ་བསྡུས་གྲྭས་གྲོགས་བྱེད། ང་ཚོ་བཀའ་བརྒྱུད་པར་སྡུས་གྲྭ་དགོས་མིན་དེ་བཀའ་བརྒྱུད་བསྟན་པའི་བདག་པོ་རྣམ་པས་ཐག་བཅད་ན་ལེགས། དཔལ་སྤུངས་ལ་བསྡུས་གྲྭ་དགོས་མིན་དེ་བྱམས་མགོན་སི་ཏུ་རིན་པོ་ཆེས་ཐག་བཅད་ན་ལེགས།

    སྐྱོ་བྲག་གིས་གཏམ་ཆལ་འདི་འདྲ་མ་སྤེལ་གོང་ལ་སྔོན་ལ་རྒྱལ་དབང་ཀརྨ་པར་དགོངས་སྐོར་ཞུས་ན་ལེགས། གཞན་གྱི་མགོ་སྐོར་འོག་ལ་མ་ཚུད་པ་གྱིས། ་

  5. རྒྱ་ཞིང་མྱི་དཀར། says:
    2016-01-24 at 7:55 am

    གནས་སྟངས་ཆུང་ཆུང་ཞིག་འདི་ལྟར་ཆེན་པོ་བཟོ་དོན་མེད་ཁུ་པ་དྲ་ཐོག་ན་ཚང་མས་དཀྲོགས་སྟངས་མ་ཤེས་ནས་ཡོད་པ་འདྲ་ངོ་མ་ཅན་གྱི་སྙིང་ན་གི་དྲ་ཐོག་འདིར་ཆགས་འཇོག་བྱ་སའི་མྱི་གཅིག་ར་མེད།

  6. ལུང་རྟོགས། says:
    2016-01-24 at 9:14 am

    མཁན་པོ་ཚུལ་བློས་བསྡུས་གྲྭའི་སྐོར་ལ་ཁོང་སྒེར་གྱི་དགོངས་ཚུལ་ཞིག་གསུངས་པ་ཙམ་རེད་ལ། དེ་ཡང་རྙིང་མ་པ་ལ་དམིགས་ནས་གསུངས་པ་ཞིག་ལས་སྤྱི་ཡོངས་ཀྱིས་བསྡུས་གྲྭ་མི་དགོས་པ་གསུངས་མི་འདུག འོན་ཀྱང་དེང་སང་གི་ཕྱོགས་རིས་དང་ཕྲག་དོག་མཁན་པོ་ཚོས་ཆུང་ཆུང་ཆེན་པོར་བཟོས་ནས་ཆོས་རྒྱུད་བར་ལ་དཀྲུག་ཤིང་སློང་སོང་།

  7. ཏི་སི། says:
    2016-01-24 at 10:39 am

    སྐྱོ་བྲག་དགའ་དབང་གི་གསུངས་པ་ལ་མངོན་པར་བསྟོད་དོ།

  8. ཚངས་དབྱངས། says:
    2016-01-24 at 10:40 am

    རེད། རེད། ཚུལ་བློས་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེས་གཙོས་ཀམ་འབྲུག་འབྲི་གསུམ་གྱི་སྐྱབས་མགོན་རྣམས་ལ་ཚད་ལས་འདས་པའི་མཐོང་ཆུང་བྱས་འདུག
    དེ་བཞིན་ཇོ་ནང་དང་། བཀའ་བརྒྱུད་པ་སོགས་ནི་རིགས་པ་མི་གཙོ་བའི་དབང་རྣོན་དད་པའི་རྗེས་འབྲང་རེ་ཡིན་པར་བཤད་འདུག
    དེ་བཞིན་རྙིང་མ་དང་བསྡུས་གྲྭ་གཉིས་ལ་དམ་སེལ་ཡོད་ཟེར་འདུག
    འོན་ཀྱང་གྲྭ་ཆུང་བསྡུས་གྲྭ་ཅུང་རེ་ཙམ་སྦྱང་ན་འགྲིགས་ཀྱང་། བསྡུས་གྲྭ་དར་ཁྱབ་ཕྱིན་ན་མི་བཟང་རབས་བཤད་འདུག་ཀྱང་། བསྡུས་གྲྭ་དང་དམ་སེལ་ཡོད་ན་དམ་སེལ་ཡོད་ས་དེ་ལ་མ་འོངས་པའི་བསྟན་པའི་སོན་རྩ་གྲྭ་ཆུང་ཚོ་དམ་སེལ་ཡོད་ས་ལ་འབྲེལ་བ་བྱས་ན་འགྲིགས་པའི་རྒྱུ་མཚན་གང་ཡིན་ནམ། ཧཧཧཧཧཧཧཧཧ།

  9. རྟེན་འབྱུང says:
    2016-01-24 at 11:38 am

    ཚུལ་ཁྲིམས་བློ་གྲོས་ཀྱིས་བསྡུས་རྭ་མི་དགོས་ཟེར་བ་དེ་དོན་དག་ཆུང་ཆུང་ཞིག་རྩ་བ་ཉིད་ནས་མ་རེད། ༧གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་སྐྱ་སེར་དབྱེར་དང་རྒན་གཞོན་དབྱེར་མེད་བསྡུས་གྲྭའི་རིགས་ལམ་སྦྱོང་ཐུབ་ན་ཡག་པོ་ཡོད་རབས་དང་། ས་པཎ་གྱིས། རིགས་པ་ནང་བར་འཆི་ཡང་བསླབ་ཅེས་སོགས་དང་། ལྷག་ཏུ་སློབ་གྲྭ་ཁག་ནང་གི་སློབ་ཕྲུག་ཚོ་ཡང་བསྡུས་གྲྭའི་རིགས་ལམ་སྦྱང་ན་རང་གི་རྣམ་དཔྱོད་ཀྱི་རྣོ་ངར་མི་འདྲ་བ་ཞིག་ཆགས་ཐུབ་པ་མ་ཟད། དེས་ཚན་རིག་དང་། སྤྱི་ཚོགས་རིག་གནས་སོགས་སློབ་གྲྭའི་སློབ་ཚན་གཞན་དག་ཐོག་ཕན་ཐོག་ཆེན་པོ་ཡོད་པ་རེད་ཅེས་དང་། ཨ་ར་པ་ཙའི་མཚམས་ཟླ་གཅིག་བསྡད་ན་རིག་པ་འཕེལ་མི་འཕེལ་ཐེ་ཚོམ་རེད། ཆོས་རའི་ནང་བསྡུས་གྲྭ་ཟླ་གཅིག་སྦྱང་ན་རིག་པ་འཕེལ་མི་འཕེལ་ཐེ་ཚོམ་ཡོད་པ་མ་རེད་ཅེས་དང་། ཁྲིམས་རྩོད་པ་ཞིག་ཡིན་ན་ཡང་བསྡུས་གྲྭའི་རིགས་ལམ་སྦྱང་མྱོང་མཁན་ཞིག་ཡིན་ན་གཞན་དང་མ་འདྲ་བ་ཞིག་འདུག་ཅེས་དང་། ཕྱི་རྒྱལ་གྱི་ཚན་རིག་པ་མང་པོ་ཞིག་གིས་ཀྱང་ཁྱེད་ཚོའི་རིགས་ལམ་སྦྱོང་སྟངས་འདི་དཔེ་མི་ཟད་པའི་ཡག་པོ་ཞིག་འདུག། ནུབ་ཕྱོགས་ཁག་ནང་ལ་དེ་སློབ་ཁྲིད་གནང་ཐུབ་ན་ཡག་པོ་འདུག་ཅེས་གསུང་གི་ཡོད་ཚུལ་བཀའ་སློབ་རིམ་པར་ཕེབས་པའི་སྐབས་ཚུལ་ཁྲིམས་བློ་གྲོས་ཀྱིས་བསྡུས་གྲྭ་མི་དགོས་ཟེར་ན་ཧ་ཅང་ཐལ་དྲགས་པའི་སྐད་ཆ་ཞིག་རེད། རྙིང་མ་བ་ལ་བསྡུས་གྲྭ་མི་དགོས་ཟེར་ན། རྙིང་མའི་བསྟན་པའི་བདག་པོ་པད་ནོར་རིན་པོ་ཆེ་མཆོག་གིས་རྣམ་གྲོང་གླིང་དུ་དཀའ་ངལ་དུ་མ་ཁྱད་དུ་གསད་ནས་བཤད་གྲྭ་ཁག་གསར་འཛུགས་གནང་ནས་ད་ལྟ་ཡག་པོ་ཞེ་དྲགས་ཆགས་བཞིན་པ་དང་། མ་ཟད་བོན་པོ་དང་། ཇོ་ནང་། བཀའ་བརྒྱུད་བཅས་ཀྱི་དགོན་པ་ཆེ་ཁག་ནང་བཤད་གྲྭ་གསར་འཛུགས་གནང་ནས་བསྡུས་གྲྭ་ནས་འགོ་འཛུགས་ཀྱིས་གཞུང་ཆེན་ཁག་སྐས་རིམ་འཛེགས་ལྟར་སློབ་གཉེར་གྱི་སྲོལ་གསར་དུ་འཛུགས་ནས་འགྲོ་བཞིན་པའི་སྐབས། ཚུལ་ཁྲིམས་བློ་གྲོས་ཀྱིས་རྙིང་མ་དང་བཀའ་བརྒྱུད་པ་ལ་བསྡུས་གྲྭ་མི་དགོས་ཟེར་བ་ནི་བདུད་ཀྱི་ཚིག་ཁོ་ནའོ་ཞེས་སྨྲ་འདོད་བྱུང་། ལྷག་པར་དུ་ཆོས་བརྒྱུད་རང་རང་གི་གཞུང་ནས་བསྟན་པའི་ལྟ་གྲུབ་རིགས་པའི་དཔྱད་ན་འགྲིག་གི་མེད་ན་ངོ་ཚ་དགོས་པའི་གནས་རེད། དེ་མ་འགྲིག་པ་རེད། སྣང་བ་སེམས་སུ་ཤར། སེམས་ཉིད་སྟོང་བར་ཤར་ཚུལ་རིགས་པའི་དཔྱད་ནས་གཏན་ལ་ཕབ་རྗེས་དེ་ནས་རྩེ་གཅིག་ཏུ་སྒོམ་དགོས་པ་ལས། གཏན་ལ་མ་ཕབ་པར་ག་རེ་སྒོམ་དགོས་སམ། ཚིག་ཙམ་སྐྱོར་ནས་ཚིག་ཙམ་སྒོམ་རྒྱུ་ཡིན་ནམ། ཁྱེད་ཚོར་སྣང་བ་སེམས་སུ་ཤར་ཚུལ་ག་རེ་རེད། སེམས་ཉིད་སྟོང་བར་ཤར་ཚུལ་ག་རེ་རེད་ཅེས་གཞན་གྱིས་དྲི་བ་གནང་དུས། ལན་ཏག་ཏག་གསུང་ཐུབ་ན་འགྲིག་མོད། དྲི་བས་ཕར་དེད་ན་མཐའ་མ་འཇའ་ཡལ་བ་ནང་བཞིན་སོང་ན་ཁྱེད་ཀྱིས་དེ་ཧ་གོ་མེད་པ་གསལ་བོ་རེད། གལ་སྲིད་རིགས་པའི་གཏན་ལ་ཕབ་ཐུབ་ན་དེ་འདྲའི་དཀའ་ངལ་ཁྱོན་ནས་ཡོད་པ་མ་རེད། ཁ་ཆེ་ཆོས་ལུགས་དང་ཡེ་ཤུ་ཆོས་ལུགས་ཀྱི་ལྟ་གྲུབ་སྐོར་རིགས་པའི་དཔྱད་པ་བྱས་ཆོག་གི་མ་རེད། དྲི་བ་ཡང་གཏོང་མི་ཆོག། ཁྱེད་ཚོ་ཡང་དེ་ནང་བཞིན་ཡིན་ན་གང་ཤེས།

  10. ཀརྡོ་གཉེར་ཕྱག་པ་ says:
    2016-01-24 at 11:38 am

    བཀའ་རྒྱུད་པ་ལ། གདམས་ཐུབ་མཁན་དེ། དགེ་ལུགས་པ་ལ། གདམས་མི་ཐུབ་དེ། ཅིས་ལན་པ་ཡིན་ནམ། ལགས།

  11. ཀརྡོ་གཉེར་ཕྱག་པ་ says:
    2016-01-24 at 11:42 am

    སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་རྣམ་པ་གཉིས་པོ་དང་། གྲུབ་ཆེན་ན་རོ་པ་དང་ཏི་ལོ་པ་རྣམ་པ་གཉིས་པོ་གཉིས་བསྡུར་ན། སློབ་དཔོན་རྣམ་གཉིས་ཀྱི་། བསྟན་པ་བྱ་མང་བ་མཛད་ཡོད་དམ། གྲུབ་ཆེན་རྣམ་གཉིས་ཀྱིས། བསྟན་པ་བྱ་བ་མང་བ་མཛད་ཡོད་རེད། ལགས།

  12. རྟེན་འབྱུང says:
    2016-01-24 at 11:44 am

    གོང་གི་གྲོགས་པོ་ཁ་ཤས་ཀྱིས་མཁན་པོ་ཚུལ་བློ་ལ་ཞེན་ཁོག་གིས་ཕྱོགས་ཞེན་གྱི་སྐད་ཆ་མང་པོ་བཤད་འདུག་མོད། ཚུལ་ཁྲིམས་བློ་གྲོས་ཀྱི་ནོར་འཁྲུལ་དེ་གསལ་དུ་བཏང་བ་ཙམ་ལས་ཁོང་ལ་རྒྱབ་སྐྱོར་ཆགས་མེད་པ་ཤེས་ན་འགྲིག་གི།

  13. ཀརྡོ་གཉེར་ཕྱག་པ་ says:
    2016-01-24 at 11:44 am

    རྒྱན་དྲུག་དང་། མཆོག་གཉིས་ལས། གཞན་རྣམས་ཀྱི་མཚན་འདིར་དྲངས་མ་ཐུབ་པ་ཅིས་ལན་པ་རེད་དམ་། ལགས།

  14. ཚངས་དབྱངས། says:
    2016-01-24 at 1:15 pm

    སྔ་འགྱུར་རྙིང་མས་བསྡུས་གྲྭ་ཅི་ལ་ཤེས། །
    རྙིང་མ་བསྡུས་གྲྭར་དམ་སེལ་ཡོད་དོ་ཟེར། །
    རིགས་ལམ་འདི་ནི་ཡག་པོ་མེ
    ད་པའི་ཕྱིར། །
    རྙིང་མས་རིགས་ལམ་ཁས་ལེན་མི་བྱེད་ཟེར། །

    ཧེ་ཧེ་མཁན་ཆེན་མིང་འཛིན་ཚུལ་བློ་ལགས། །
    སྔ་འགྱུར་རྙིང་མའི་དབང་ཆ་ཁྱོད་ཡོད་དམ། །
    བཀའ་བརྒྱུད་ཇོ་ནང་ས་དར་རྡོ་དར་ལ། །
    ཚུལ་བློས་ཧམ་བཤད་དགོས་དོན་ཅིའི་ཕྱིར་ཡིན། །

  15. དགེ་འདུན་རྒྱ་མཚོ། says:
    2016-01-24 at 11:46 pm

    རིགས་པ་ནངས་པར་འཆི་ཡང་བསླབ

  16. ཀརྡོ་གཉེར་ཕྱག་པ་ says:
    2016-01-25 at 2:10 am

    ཐོས་པ་མེད་པའི་སྒོམ་པ་དེ། །
    ལག་རྡུམ་བྲག་ལ་འཛེགས་པ་འདྲ། །
    ཐོས་པ་མེད་པའི་བཀའ་རྙིང་མང་། །
    ལག་རྡུམ་བྲག་འཛེགས་བཀའ་རྙིང་མང་། །

  17. སྤོབས་པ་མཐའ་ཡས། says:
    2016-01-25 at 2:39 am

    བཀའ་བརྒྱུད་པ་ལ་བཀའ་སློབ་སུས་གནང་མ་གནང་དང་། འོས་བབ་ཡོད་མེད་ཟེར་བ་དེ་གལ་ཆེན་པོ་མ་རེད། བཀའ་བརྒྱུད་པས་བསྡུས་གྲྭ་སྦྱངས་དགོས་དང་མི་དགོས་གླེང་དགོས་པ་དེ་གལ་ཆེན་རེད། བཀའ་བརྒྱུད་པས་བསྡུས་གྲྭ་སྦྱངས་ཤུགས་ཆེར་སྦྱངས་ན་དགོས་པ་མི་འདུག་གསུངས་པའི་བསམ་ཚུལ་བཏོན་པས་བཀའ་བརྒྱུད་པའི་ཟ་སྐལ་འཐུང་སྐལ་ཁོས་འཕྲོག་སོང་བ་ནི་མ་རེད། དེ་འོས་བབ་ཡོད་མེད་ཀྱི་གཏམ་རྙོག་དེ་འདྲ་མ་གླེང་ན་ཡག་པ་འདྲ། ངས་ནི་རྩོམ་པ་པོ་སྐྱོ་བྲག་ལགས་ཀྱིས་གསུངས་པ་བཞིན་མཁན་པོ་ཚང་གིས་གསུངས་པ་དེ་ཧ་ཅང་བདེན་གི་བསམ་སོང་།་ཚུལ་ཁྲིམས་བློ་གྲོས་ཀྱི་སློབ་མ་དང་སློབ་བརྒྱུད་ཡིན་པའི་བཀའ་བརྒྱུད་པ་ནམ་མཁའི་སྐར་མ་དང་ས་གཞིའི་རྩི་ཐོག་ལྟ་བུའི་གྲངས་འབོར་རྒྱ་ཆེན་པོ་རེད། ཁོང་ལ་ཁོང་རང་གི་ལྟ་གྲུབ་དང་མཐུན་པའི་ལམ་སྟོན་བྱེད་པའི་འོས་འགན་ཞིག་ཡོད་པ་རེད་ལ་བཀའ་བརྒྱུད་པས་ཀྱང་དེ་ལ་ཐུགས་བསམ་བཞེས་དགོས་པ་ཞིག་ཆགས་བསྡད་ཡོད་བསམ་གྱིན་འདུག རྡ་རམ་ས་ལར་བཞུགས་པའི་རྒྱལ་བ་ཀརྨ་པའི་སྤྲུལ་སྐུ་འདིའི་ཡོངས་འཛིན་མཁན་པོ་ཡོད་ན་མེད་ན་དེ་ཡང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་སློབ་མ་ཞིག་རེད་ལ་དཔལ་སྤུངས་ཤེས་རབ་གླིང་གི་བཤད་གྲྭའི་མཁན ཆེན་ཐོག་མ་དེ་ཚོ་ཡང་ཚུལ་ཁྲིམས་བློ་གྲོས་ཀྱི་སློབ་མ་དེ་ཚོ་རེད། ཁོང་ཚོའི་བར་ན་གཉན་ཅིང་ཟབ་པའི་འབྲེལ་བ་ཞིག་ཡོད་པ་རེད། ཇུས་གཏོགས་མེད་ས་ལ་ཇུས་གཏོགས་ཡོད་མདོག་གིས་དཀྲུག་ཤིང་སློང་གིན་མ་འདུག་མ་གཏོགས་རང་རང་སོ་སོ་ལས་རྒྱུ་འབྲས་ཀྱིས་ལས་སླ་པོ་འཇོག་གི་མ་རེད་དོ།།

  18. ཀརྡོ་གཉེར་ཕྱག་པ་ says:
    2016-01-25 at 8:46 am

    བྱ་བྲལ་རིན་པོ་ཆེས། ༸གོང་ས་མཆོག་དང་མཇལ་ཕྲད་བྱུང་མ་རེད། དེ་བཞིན་མཁན་པོ་འདི་ཡང་ད་ལྟའི་བར་༇གོང་ས་མཆོག་དང་། མཇལ་ཕྲད་གལ་ཆེན་་མ་གནང་བ་འདི་ཉིད་ཀྱིས་ང་ནི། བློ་ཁ་འཚིམས་ནས་བསྡད་ཡོད་དོ།།

  19. ཀརྡོ་གཉེར་ཕྱག་པ་ says:
    2016-01-25 at 8:47 am

    ་་་་་་་་་་་་་ རྡ་རམ་ས་ལར་བཞུགས་པའི་རྒྱལ་བ་ཀརྨ་པའི་སྤྲུལ་སྐུ་འདིའི་ཡོངས་འཛིན་མཁན་པོ་ཡོད་ན་མེད་ན་དེ་ཡང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་སློབ་མ་ཞིག་རེད་་་་་་་་་་་་་ ཟེར།

  20. ཀརྡོ་གཉེར་ཕྱག་པ་ says:
    2016-01-25 at 8:49 am

    བཀའ་རྙིང་གཉིས་པོ་འདི་གཉིས་ཀྱིས་བསྡུས་གྲུ་སྦྱངས་ན། རང་ལུགས་རང་ཚུགས་ཤོར་ཉེན་མཐོང་བགྱིད་ཡོད་དམ། ལགས།

  21. ལུང་རྟོགས། says:
    2016-01-25 at 8:55 am

    ཆོས་དྲེག་ཆོས་ཀྱིས་མི་ཐུལ། ཀོ་གོག་སྣུམ་གྱིས་མི་ཐུལ། ཞེས་པའི་དཔེ་བཞིན་དེང་སང་ཆོས་གྲྭ་ཁག་ལ་སངས་རྒྱས་མཁའ་ལ་འཕུར་ཡང་དད་པ་མེད། སེམས་ཅན་རྒྱུ་མ་ལུག་ཀྱང་སྙིང་རྗེ་མེད་པའི་རྟོག་གེ་མགོ་མཁྲེགས། རིག་ལམ་ཅུང་ཟད་ཤེས་དུས་ཐ་ན་རང་ཉིད་ཀྱི་མི་ཚེ་ཕྱེད་ཙམ་སྦྱངས་བའི་ནང་ཆོས་ཀྱི་ལྟ་གྲུབ་དང་། རྒྱུ་འབྲས་སོགས་ལ་ཡང་ཡིད་ཆེས་མེད་པའི་གྲྭ་གཞོན་གང་མང་བྱུང་དང་འབྱུང་བཞིན་པ་འདི་བསྡུས་གྲྭ་སྦྱངས་བའི་ངན་འབྲས་རེད་ཟེར་ཆོག དེས་ན་མཁན་ཆེན་མཆོག་གིས་རྙིང་མ་པ་ལ་བསྡུས་གྲྭ་མ་སྦྱོངས་གསུང་པ་དེ་གནད་འགག་ཡོད་པའི་གསུངས་རེད། བཀའ་རྒྱུད་པ་ལ་མཚོན་ན་ཡང་གསེར་རྟ་སྒར་དང་མཁན་ཆེན་མཆོག་བཀའ་དྲིན་ཆེན་པོ་རེད། དེས་ན་ཁོང་གིས་དགོངས་ཚུལ་ཙམ་གསུངས་པར་ཧང་སང་དགོས་རྒྱུ་ཅང་ཨེ་ཡོད། ལར་ནས་བཀའ་རྒྱུད་པ་ལ་ཞེན་ཁོག་ཆེ་མདོག་གིས་མཁན་པོ་ཁོང་ལ་སྐུར་འདེབས་ཞུ་མཁན་ཚོས་བཀའ་རྒྱུད་པའི་བསྟན་པ་ལ་ཞབས་འདེགས་ཅི་ཙམ་སྒྲུབ་ཡོད། རང་བློ་རང་ལ་ལྐོགས་དུ་མ་གྱུར་བ་ཡིན་དུས་ཁ་ཆེན་པོ་གདང་ནས་ཕར་མ་བཤད་པའི་སྔོན་ལ་ཚུར་རང་ལ་ལྟ་ཙམ་གྱིས་དང་།

  22. གངས་ཕྲུག། says:
    2016-01-25 at 5:00 pm

    ནང་ཆོས་ཉམ་ལེན་པ་ཞིག་འདོད་ན་བསྡུས་གྲྭར་རྩོལ་བ་མ་ཆེ།
    རྟོག་གེ་མགོ་ཧྲིལ་པ་ཞིག་འདོད་ན་བསྡུས་གྲྭར་འབོད་རྩོལ་དགོས།
    མདོ་སྔགས་དམར་འཁྲིད་གནང་མཁན་སྔོན་བྱོན་ཚོས་བསྡུས་གྲྭར་མི་གཙོ།
    མདོ་སྔགས་སྐམས་འཁྲིད་གནང་མཁན་དེང་བྱོན་ཚོས་བསྡུས་གྲྭར་གཙོ་དགོས།

  23. ཀརྡོ་གཉེར་ཕྱག་པ་ says:
    2016-01-25 at 11:10 pm

    བསྡུས་གྲྭའི་ནང་ལ། གཞན་སེལ་ཟེར་མཁན་ཤེས་དུས་ནས། སྟོང་ཉིད་མེ་དགག་ཡིན་དང་། མ་ཡིན་དགག་གང་ཡིན་རྣམ་དབྱེ་དེ་དུས་ཕྱེ་ཐུབ་ཡང་ཡོད་པས། བསྡུས་གྲྭ་ནི། ཙིག་ཉུང་ལ་དོན་གསལ་བའི་རིགས་ལམ་གྱི་ལྡེ་མིག་དེའོ།།

  24. ཀརྡོ་གཉེར་ཕྱག་པ་ says:
    2016-01-25 at 11:14 pm

    ཆོས་པ་ཆོས་ཀྱིས་མི་ཐུལ། །
    མར་ཀོག་མར་གྱིས་མི་ཐུལ། །
    ཟེར་སྲོལ་ཅིག་དང་།
    དགེ་བཤེས་ཚིག་གི་མེ་ཏོག་ལ། །
    འབྲས་བུ་མི་འདུག་ས་མ་ཡ། །
    གསུང་སྲོལ་འདི་གཉིས་ཆོས་པ་དང་། མཚན་ཉིད་པ་ཚོས། གདམས་ངག་ཏུ་འཁྱེར་ཤེས་པ་ཞིག་བྱེད་དགོས་སོ།།

  25. དྲི་མེད་ལྷག་བསམ། says:
    2016-01-26 at 12:28 am

    མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་སྤྱིར་བསྡུས་གྲྭ་མི་དགོས་ཟེར་གནང་གི་མེད་པ་བཀའ་སློབ་རིམ་པར་བྱུང་བ་རྣམས་ལས་ཤེས་པས་སྙད་འཚོལ་ན་མ་གཏོགས་གཞན་བཤད་པའི་ལྕེ་ཞིག་གང་ནས་རྙེད། འོན་ཀྱང་རྙིང་མ་བཀའ་བརྒྱུད་ཀྱིས་ཚད་མ་ལས་བསྡུས་གྲྭའི་ཚིག་འཁྲི་སྦྱང་མི་དགོས་པ་གསུངས་པ་དངོས་གནས་རེད། དེ་བཀའ་རྙིང་གི་བླ་མ་གོང་མ་རྣམས་ཀྱི་དགོངས་པ་དང་མཐུན། གསུངས་པ་དང་བསྟུན་ཏེ་དཔྱད་པ་རྣམ་པར་དག་པས་སྒོ་ནས་སྐད་གསེང་མཐོན་པོས་གསུངས་པ་ཞིག་རེད། རྙིང་མའི་སྐོར་གོང་དུ་ཞུས་ཟིན། བཀའ་བརྒྱུད་སྐོར་ཅུང་ཟད་ཞུ་ན། རྩོད་པ་མི་དགོས་པའི་སྐོར་རས་ཆུང་རྣམ་ཐར་དུ། རྗེ་མི་ལས། རྩོད་པ་དང་རྒོལ་བ་གང་ནས་འོངས་ངེས་པ་མེད་ཅིང་ཚིག་རིགས་ཀུན་ཤེས་པའི་དུས་མི་འོང་། རྩོད་ལན་དང་དྲིས་ལན་ཀུན་ཤེས་པ་སངས་རྒྱས་དགོས། སངས་རྒྱ་བ་ལ་སྒོམ་དགོས་པས། ཚེ་འདི་བློས་ཐོངས་ལ་སྒོམ་ངང་ངོ་ཤེས་པ་སྒོམ་བཞིན་སྡོད། ཅེས་གསུངས་པ་གཟིགས་མཛོད། དྭགས་པོ་ལྷ་རྗེའི་རིགས་པ་གཙོ་བོར་མི་གནང་པའི་སྐོར། ལམ་མཆོག་རིན་པོ་ཆེའི་ཕྲེང་བར། འཁྲུལ་བའི་ཆོས་བཅུ་གསུངས་པའི་སྐབས༎གྲུབ་ཐོབ་སྙན་བརྒྱུད་ཀྱི་གདམས་ངག་མི་འཚོལ་བར་དོན་མེད་ཀྱི་རིགས་པའི་ཆོས་ལ་ནན་ཏན་བྱེད་པ་ཤིན་ཏུ་ཁྲུལ། །ཅེས་ཐག་བཅད་དེ་གསུངས་པ་དང་། དེའི་མཇུག་ཏུ། ང་དང་མངོན་སུམ་དུ་འཕྲད་པ་དང་ཁྱད་པར་མེད་ཅེས་ཞལ་ཆེམས་སུ་བཀོད་པ་བཀའ་བརྒྱུད་པའི་རྗེས་འཇུག་ཅིག་ཡིན་ན་བརྩི་ལོས་དགོས། བཀའ་བརྒྱུད་པའི་འབྲུག་པ། འབྲི་གུང་། ཞང་ཚལ་བ་སོགས་ཀྱི་གསུངས་དུ་ཐ་སྙད་ཚིག་གི་རྗེས་སུ་འབྲངས་ན་ངེས་དོན་སྙིང་པོ་སྟོར་བར་འགྱུར་བའི་ཞལ་གདམས་མང་དུ་བཞུགས་པ་རྣམས་སོ་སོའི་བསྟན་པ་འཛིན་པར་ཁས་འཆེ་བ་རྣམས་ཀྱི་སྙིང་གི་དབུས་སུ་འཛིན་དགོས་པར་སེམས། དཔྱད་གཞི་ཙམ་དུ་ཕུལ། །

  26. བཀྲ་ཤིས། says:
    2016-01-26 at 1:14 am

    ཆོས་དྲེད་ཆོས་ཀྱིས་མི་ཐུལ་དང།དགེ་བཤེས་ཚིགས་གི་ལོ་མ་ལ། འབྲས་བུ་མིན་འདུག་ས་མ་ཡ། ཟེར་བ་སོགས་ནི་བསྡུས་གྲྭ་ཐ་སྙད་གྱི་ཚིགས་འཁྲི་ཙམ་ལ་མགོ་བོ་འཁོར་ནས་ཟབ་མོའི་གནས་ལུགས་དང་རྒྱང་རིང་དུ་ཕྱོགས་པའི་རྟོག་གེ་བ་ལ་གདམས་པའི་ངག་ཡིན་པ་སྨོས་ཅི་དགོས།

  27. ཀརྡོ་གཉེར་ཕྱག་པ་ says:
    2016-01-26 at 5:34 am

    བསྡུས་གྲྭ་གཅིག་གི་མཆོད་བརྗོད་དུ།

    ཕྱོགས་བཅུའི་རྒྱལ་ཀུན་བསྡུས་པའི་ངོ་བོ་ཉིད། །
    རྩ་བའི་བླ་མ་ངག་དབང་བློ་ཡི་གཏེར། །
    ་
    ་
    ཞེས་གསུངས་འདུག་ཀྱང་། ཚིག་རྐང་གཞན་པ་གཉིས་ཀ་མི་དྲན། དམ་ཆོས་བརྗེད་པ་ལ་སྐྱེ་བ་བརྗེ་དགོས་མི་འདུག ཧ་ཧོ།།

  28. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-01-28 at 5:07 am

    ཡུལ་ཡུལ་ཅན་རྣམ་གཞག། ཅེས་པ་མགོ་ཤོག་བཅས་ཤོག་བུ་བདུན་ཡོད་པ་ཞིག་འདུག
    མཛད་བྱང་མེད་པས་སུས་མཛད་པ་རྗེས་དཔག་བྱེད་དགོས་ཀྱང་། བཀྲ་ཤིས་ལྷུན་པོའི་དཀྱིཀ་ཁང་གི་རྣམ་འགྲེལ་མཐའ་དཔྱོད་མཛད་པོ། ཤཱནྟི་པ་བློ་གྲོས་རྒྱལ་མཚན་ལ་མཆོད་བརྗོད་ཡོད་པས དེའི་སློབ་མ་བསྟན་པ་དར་བཟང་ཡིན་ནམ་སྙམ། མཆོད་བརྗོད་ནི།
    ་
    ཕུལ་བྱུང་བློ་གྲོས་ཡངས་པའི་གཞལ་མེད་ཁང་།
    ལུང་རྟོགས་ཆོས་ཀྱི་དཔལ་འབོར་རབ་་རྒྱས་ཤིང་།
    བཤད་སྒྲུབ་བསྟན་པའི་རྒྱལ་མཚན་སྒྲེང་མཁས་པ།
    བཤེས་གཉེན་བཟང་པོའི་ཞབས་ལ་སྙིང་ནས་འདུད།།
    ་
    དཔེ་གཞུང་འདིར་བསྡུ་གྲྭ། མིང་དང་མཐུན་པར་མཛོད་གཞུང་དང་། རྣལ་འབྱོར་སྤྱོད་པའི་གཞུང་ནས་བཤད་པ་ལྟར་ཀུན་བརྟགས། གཞན་དབང་། ཡོངས་གྲུབ་གསུམ་གི་ངོ་སྤྲོད་ལེགས་པར་མཛད། མཇུག་ཏུ།
    ་
    གསུང་རབ་ཀུན་ལ་ལྟ་བའི་བློ་གྲོས་ཀྱི།
    མིག་འབྱེད་བསྡུས་གཞུང་རིགས་པའི་རྒྱ་མཚོ་ཆེར།
    བློ་གསལ་ངང་མོའི་ཁྱུ་ཚོགས་ཀུན་འདུས་ནས།
    རྩོད་ངག་མགྲིན་པའི་རྫ་རྔ་འཁྲོལ་གྱུར་ཅིག །
    ་
    ཅེས་གསུངས་སོ།
    ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme