Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚུར་ཤོག་ཚུར་ཤོག་དབྱངས་ཅན་མ།

Posted on 2014-06-062014-06-06 By ཁ་བརྡ་ 3 Comments on ཚུར་ཤོག་ཚུར་ཤོག་དབྱངས་ཅན་མ།

འབའ་སྲས།

བདག་གི་རྣམ་དཔྱོད་ཡངས་པའི་རུམ་ཁ་ནི།།
ད་ནི་མ་རིག་དགུན་གྱི་ཁ་བ་སྟུག །
ཀྱེ་ཀྱེ་བརྩེ་བའི་དབྱངས་ཅན་མཛའ་ན་མོ།།
ཚུར་ཤོག་ཚུར་ཤོག་བདག་གི་སྙིང་དབུས་སུ།།

ཁྱེད་རང་ཕར་སོང་བདག་གིས་མ་ཤེས་ཤིང་།།
ཁྱེད་ཀྱིས་བུད་འགྲོ་ཁོ་བོར་མ་གསུངས་པས།།
ཡོད་ཡོད་འདྲ་བའི་བདག་གི་བྲང་ངོགས་སུ།།
ཁྱེད་ནི་མེད་མེད་འདྲ་བའི་སྣང་བ་ཤར།།

བདག་གི་ཁྱིམ་ན་འོད་གསལ་སྒྲོན་མེ་གསལ།།
ང་ཡི་ཉལ་སར་བདེ་ཞིང་འཇམ་པས་སྐྱིད།།
འོན་ཀྱང་སྙིང་རྩ་འཕར་བའི་སྒྲར་ཉན་ན།།
ཁྱེད་ཉིད་དྲན་པའི་སྐྱོ་བའི་མུན་པ་འཐིབས།།

ད་ཀོ་ཁྱེད་ནི་རྒྱང་དུ་བྲོས་པ་ཤེས།།
ཁོ་བོ་མི་རྐྱང་འདི་ནས་ལྷག་པ་ཚོར།།
ཀྱེ་ཀྱེ་སྙིང་གྲོགས་དབྱངས་ཀྱི་དགའ་མ་ལགས།།
ཚུར་ཤོག་ཚུར་ཤོག་བདག་གི་ཉལ་ས་རུ།།

ཁོ་བོ་འདོད་ལྡན་ཡིན་པས་འདོད་ཆགས་ཆེ།།
དགའ་མར་བྲལ་ན་གདུང་བ་ཤིན་ཏུ་ལྕི།།
ཁྱེད་ནི་འདོད་པ་མེད་ཀྱང་འདོད་པ་སྐོང་།།
དེ་བས་ཚུར་ཤོག་ཚུར་ཤོག་བདག་ལ་འཁྱུད།།

ཁྱེད་ཀྱི་ཞལ་རས་མཛེས་པའི་འཆར་ཡན་ཡིན།།
ཁྱེད་ཀྱི་ནུ་འབུར་ཚིག་གི་སྒྱུ་རྩལ་ཡིན།།
ཁྱེད་ཀྱི་འཇོ་སྒེག་ངོ་མཚར་རྟོག་པ་ཡིན།།
ཚུར་ཤོག་ཚུར་ཤོག་སྙན་ངག་མཛེས་མ་ལགས།།

ནམ་ཞིག་གང་དུ་ཁྱེད་དང་མ་མཇལ་ཚེ།།
བདག་གི་སྙིང་ན་ལྷོག་ལྷོག་ལྡིང་བ་ཡི།།
སྙན་ངག་ནད་པའི་ཁྲག་རྒྱུན་བུ་ག་ནས།།
ས་གསུམ་ཁྱིམ་ལ་ངུ་འབོད་ཁྲག་དམར་བསྐྱིལ།།

ཀྱེ་ཀྱེ་རིང་ནས་བརྩེ་བའི་དགའ་མ་ལགས།།
སུ་དང་གང་གི་རུམ་ན་ཡོད་ན་ཡང་།།
ཁོ་བོས་བྲང་ཁ་བརྡུངས་པའི་སྒྲ་ཐོས་ནས།།
མ་འགྱངས་ཚུར་ཤོག་ཚུར་ཤོག་དབྱངས་ཅན་མ།།

༠༥/༠༦/༠༤ ཕྱི་དྲོར་གསོལ་འདེབས་དྲག་པོས་སྦྱར།

སྙན་ངག

Post navigation

Previous Post: མཁན་སྤྲུལ་ཟླ་དགའ་རིན་པོ་ཆེའི་ཞབས་བརྟན་ཅང་ཤེས་བ་ལ་ཧ།
Next Post: ངའི་ཕ་ཡུལ་གྱི་གྲོགས་པོ་ཚོའི་རི་མོ།

Comments (3) on “ཚུར་ཤོག་ཚུར་ཤོག་དབྱངས་ཅན་མ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-06-06 at 1:59 am

    སྙན་དངགས་ལྷ་མོ་དབྱངས་མ། །
    བདག་གི་སྤྱི་བོར་རྟག་ཏུ་བཞུགས། །
    སྙན་པའི་མགྲིན་དབྱངས་མཛེས་འཁྱུག་དེ། །
    བདག་གི་མགྲིན་པར་རྟག་ཏུ་འཁྱུད། །

  2. གནམ says:
    2014-06-06 at 8:06 pm

    དབྱངས་ཅན་མ་ནི་ང་ཡི་རུམ་ན་ཡོད།
    ཀ་ཁ་ག་ངའི་ཨ་མ་དྲིན་ཆེན་ཡིན།
    ཆེ་དུས་ལས་སྨོན་ཐོབ་པའི་དགའ་མ་འདི།
    སུ་ཡིས་བོས་ན་མི་མངག་ཁོ་ཐག་ཡིན། ཧ་ཧ་ཧ།

  3. གནམ says:
    2014-06-06 at 8:14 pm

    དབྱངས་ཅན་སྒྲ་དབྱངས་ང་ཡི་ངག་ན་ཡོད།
    ཨི་ཨུ་ཨེ་ཨོའི་ཨ་མ་དྲིན་ཆེན་ཡིན།
    ཆེ་དུས་དངོས་གྲུབ་ཐོབ་པའི་སྒྱུ་རྩལ་འདི།
    སུ་ཡིས་སྨོན་ན་མི་འབྱོར་ཁོ་ཐག་ཡིན། ཧ་ཧ་ཧ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme