Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚིག་གསུམ་གནད་བརྡེགས། —འགྲོ་ཞོར་(ལྷིང་འཇགས་ཀྱི་དབྱངས་རྟར)ཉན་པ།

Posted on 2019-01-032019-01-04 By ཡེ་ཤེས་ 5 Comments on ཚིག་གསུམ་གནད་བརྡེགས། —འགྲོ་ཞོར་(ལྷིང་འཇགས་ཀྱི་དབྱངས་རྟར)ཉན་པ།


འདས་པའི་ལོ་ཤས་རིང་ཉེ་རིང་ཀུན་ནས་ངོ་ཤེས་དང་མི་ཤེས་པའི་རྩོམ་པ་པོ་མང་པོ་ཞིག་གིས་ཁོང་ཅག་གི་རྩོམ་དེབ་ལ་གླེང་བརྗོད་འབྲི་རོགས་ཞེས་གསུང་སྐུལ་ལན་མང་བྱུང་མོད། རྒྱང་བཞུགས་གྲོགས་པོ་རྫ་མཁན་པོ་ཚེ་རིང་བཀྲ་ཤིས་མཆོག་གི་སྙན་དེབ་ལ་གླེང་བརྗོད་འབྲི་བ་ལས་ལྷག་པའི་དཀའ་ངལ་ཞིག་ལ་མ་འཕྲད། རྒྱུ་མཚན་ནི་ངས་ཁོང་གི་རྒྱ་ཆེ་བའི་འཆར་ཡན་གྱི་ཤོངས་ཚད་དང་གཏིང་ཟབ་པའི་དོན་གནད་ཀྱི་ལྗིད་ཁོག ལྷུན་ཆགས་པའི་ཚིག་རྒྱན་གྱི་མཛེས་པ་གསུམ་ལ་ངོ་མ་ཅི་ཞིག་བྲིས་ན་གང་ཞིག་སྟོན་ཐུབ་པ་མི་ཤེས་པས་སོ།།


བོད་ཕྱི་ནང་གཉིས་སུ་སྙན་ངག་པའི་གྲངས་འབོར་ལ་འཕར་ཆགས་ཅུང་རྐྱེན་པའི་དེ་རིང་། དྲ་ཚགས་དུས་གསུམ་སྟེང་རྩོམ་ཡིག་མང་པོ་མི་སྤེལ་ཡང་སྤེལ་བ་དག་གི་བརྗོད་བྱ་རྗོད་བྱེད་གཉིས་ཀའི་ཆ་ནས་གཞན་འགྲན་མ་མཆིས་པའི་རྩོམ་པ་པོ་ཚད་ལྡན་ཞིག་སྟེ། སྐུ་ཞབས་རྫ་ཚེ་རིང་བཀྲ་ཤིས་ལས་ཀྱི་སྙན་དེབ་འདི་ཀློག་དུས། ང་ལ་ངོ་མ་བསྐལ་པ་འཇིག་པའི་ཐོག་མདའ་ཕོག་པ་འམ། ཡང་ན་བདུད་རྩི་ཆང་གི་རོ་བཅུད་སིམ་པ། གཞན་དུག་ཆེན་ཧ་ལ་ནག་པོ་ཟོས་པའི་ཚོར་བ། བཅུད་ལེན་དང་ཉལ་ཐ་གཞིབས་པའི་ཚོར་བ། འཁྲིག་བདེའི་ཚོར་བ་དང་སྨྱོས་པའི་ཚོར་བ། ལྷ་ཡུལ་ནས་དམྱལ་བར་ཟགས་པའི་ཚོར་བ། གྲིས་བསྣུན་པའི་ཚོར་བ། རྡོས་བརྡུངས་པའི་ན་ཟུག མེས་བསྲེགས་པ་དང་གཡང་ལ་མཆོངས་པ། བླ་མ་དང་ཕ་མ་གྲོངས་པའི་མྱ་ངན་གྱི་ཚོར་བ། བུ་ཕྲུག་དང་མིང་སྲིང་སྟོར་བའི་སྡུག་བསྔལ་གྱི་ཚོར་བ། གློག་འོད་དང་ཐོག་སེར་བསྣོལ་བའི་རི་མོར་བལྟས་པའི་ཚོར་བ། དག་པའི་ཞིང་ནས་མི་ཡུལ་ལ་བབས་པའི་འགྱོད་གདུང་། རང་གི་ལག་པའི་འཕར་རྩ་རང་གི་ཆང་དམ་ཆག་པོས་བཅད་པའི་འགྱོད་ཚོར། ཞག་མ་གཅིག་ལ་ཨ་སྒོར་བྱེ་བ་དུང་ཕྱུར་གྱི་བདག་པོར་གྱུར་པའི་ཚོར་བ། མདོར་ན་འཇིག་རྟེན་ཁམས་ཀྱི་ཚོར་བ་ཡོད་ཚད་དང་ཚིག་འབྲུ་ཡོད་ཚད། སྙན་ངག་རྩོམ་སྟངས་ཡོད་ཚད་དང་སྨྱོ་བྱེད་སྒྱུ་འཕྲུལ་ཡོད་ཚད། མདོར་ན་ཁོང་གིས་བླ་མར་བྲིས་པ་དག གྲོགས་པོར་བྲིས་པ་དག གཉེན་ཉེར་བྲིས་པ་དག རང་བྱུང་ཁམས་ལ་བྲིས་པ་དག སྒྱུ་མ་དང་འཕྲུལ་སྣང་ལ་བྲིས་པ་དག གཡའ་དག་པའི་ནམ་མཁར་བྲིས་པ་དག ངམ་ནག་པའི་མཚན་མོར་བྲིས་པ་དག འོད་འཚེར་བའི་སྐར་མར་བྲིས་པ་དག ཁོང་ལ་ཁོང་རང་ཉིད་ཀྱི་སྙན་ངག་འབྲི་སྟངས་ཐུན་མོང་མ་ཡིན་པ་ཞིག་འདུག་སྟེ། པི་ཝང་གི་རྒྱུད་སྐུད་བཞིན་ཇི་ལྟར་བཀྲོལ་ཡང་དེ་ལྟར་སྙན་པ་དེ་རེད།
ང་ཚོར་བོད་ཕྱི་ནང་གཉིས་ན་སྙན་ངག་པ་མིག་དཔེར་འཛིན་ཆོག་པ་གང་འཚམ་ཞིག་ཡོད་ཀྱང་། ཁྱོད་ཀྱིས་དེ་དག་གིས་བླ་མར་བྲིས་པའི་སྙན་ངག་དང་སྐུ་ཞབས་ཚེ་བཀྲས་བླ་མར་བྲིས་པའི་སྙན་ངག་གཉིས་གཅིག་སྡུར་དང་། དེ་དག་གིས་ཚོར་བ་དང་མྱོང་བ། གྲོགས་པོ་དང་རང་བྱུང་ཁམས། མི་ཚེ་དང་དུས་བཞིར་བྲིས་པའི་སྙན་ངག་དང་སྐུ་ཞབས་ཚེ་བཀྲས་བྲིས་པའི་སྙན་ངག་གཉིས་བསྡུར་ནས་གཅིག་ལྟོས་དང་། ཁྱོད་ཀྱིས་གཞི་ནས་སྙན་ངག་པ་དང་སྙན་ངག་པ་མི་འདྲ་ཞིང་། སྙན་ངག་དང་སྙན་ངག་མི་འདྲ་བ། འཆར་ཡན་ཡང་འཆར་ཡན་མི་འདྲ་བ། གདངས་འགྲོས་དང་གདངས་འགྲོས་མི་འདྲ་བ། སྒྱུ་རྩལ་དང་སྒྱུ་རྩལ་མི་འདྲ་བའི་ཁྱད་པར་ཧ་ཅང་མང་པོ་ཞིག་རྟོགས་ཐུབ། རྙེད་ཐུབ། ཚོར་ཐུབ།
ལྷིང་འཇགས་ཀྱི་དབྱངས་རྟ་ཞེས་པའི་སྙན་དེབ་འདི་ལས་ཁྱོད་ཀྱིས་རྫོགས་མཐའ་བྲལ་པའི་དབྱངས་གསལ་གྱི་མཛེས་པ་ཞིག་རྙེད་ཐུབ་ལ། གཏིང་མཁའ་བྲལ་པའི་ཚིག་རྒྱན་གྱི་ནམ་མཁའ་ཞིག་དང་། ཕ་མཐའ་བྲལ་པའི་སྒྱུ་རྩལ་གྱི་དག་ཞིང་ཞིག་མཇལ་ཐུབ། ཁྱོད་ཀྱིས་སྙན་དེབ་འདི་ཀློག་དུས་ཚོར་དང་མ་ཚོར་ཅི་རིགས་པའི་ཟ་དང་ཟུར་ནས། དོན་གྱི་ཟབ་གནད་སྟོན་ཞོར་ཚིག་གི་མཛེས་ཆ་འདྲེན་ཡོང་ལ། ཚིག་གི་མཛེས་པ་སྟོན་ཞོར་དབྱངས་ཀྱི་འདེགས་འཇོག་ངོམ་ཡོང་། དབྱངས་ཀྱི་འདེགས་འཇོག་ངོམ་ཞོར་གཏིང་གི་ལྷོད་ཤ་ཞིག་གླན་ཡོང་། གཏིང་གི་ལྷོད་ཆ་དེས་སེམས་ཀྱི་དྭངས་གཙང་ཞིག་ཁུར་ཡོང་ལ། སེམས་ཀྱི་དྭངས་གཙང་དེས་གཉུག་མའི་འོད་གསལ་ཞིག་སྦར་ཡོང་། འདི་ནི་ངས་ལྷིང་འཇགས་ཀྱི་དབྱངས་རྟ་བཀླགས་པའི་མྱོང་ཚོར་དམར་རྗེན་རྗེན་དེ་ལགས། མདོར་ན་ཚིག་ཉག་ཉོག་མང་པོ་ཞིག་འབྲི་མི་དགོས་ཏེ། ཁྱོད་ཀྱིས་སྙན་ངག་བྲིས་མྱོང་བའམ་ཡང་ན་འབྲི་བཞིན་པ། མ་འོངས་པར་འབྲི་འགྱུར་གསུམ་གའི་ཕྱོགས་ནས་ཁྱོད་ཀྱིས་སྙན་དེབ་འདི་འདྲ་ཡོད་པ་གོ་བཞིན་མཐོང་བཞིན་སྙན་དེབ་འདི་མ་བཀླགས་ན། ཁྱོད་ཀྱིས་སྙན་ངག་གི་འཇིག་རྟེན་ལ་བཅངས་པའི་བརྩེ་བ་དེ་རྫུན་དང་ཁྲམ་པ་ཁོ་ནའོ།།
མདོར་ན། སྨན་མཛེས་མའི་ལུས་ལ་ཅི་ཚང་། རྫ་ཚེ་བཀྲའི་སྙན་ངག་དེ་ཚང་། ཆང་བདུད་རྩིར་བྲོ་བ་ཅི་ཚང་། རྫ་ཚེ་བཀྲའི་སྙན་ངག་དེ་ཚང་།
ཞེས་ལྡོམ་པོ་ཀླུ་སྨྱོན་ཧེ་རུ་ཀས་ནུབ་གླིང་ཨ་མེ་རི་ཀའི་ནུབ་ཕྱོགས་གསེར་ཡུལ་རོལ་ནས་སྤྱི་ལོ་༢༠༡༨ ལོའི་སྟོན་ལོ་སེར་པོའི་ཁྲོད་དུ་བྲིས།

ངོ་སྤྲོད།

Post navigation

Previous Post: བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལ་བཀའ་ཤག་ནས་ཉེན་བརྡའི་ཡི་གེ་བཏང་ཡོད་དམ།
Next Post: དུས་རབས་དང་བསྟུན་ནས་ཕྲུ་གུའི་རྒྱུད་ལ་ཤེས་ཡོན་སློབ་འཁྲིད་གནང་རྒྱུ་དེ་གལ་ཆེན་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

Comments (5) on “ཚིག་གསུམ་གནད་བརྡེགས། —འགྲོ་ཞོར་(ལྷིང་འཇགས་ཀྱི་དབྱངས་རྟར)ཉན་པ།”

  1. རྫ་ཚེ་རིང་བཀྲ་ཤིས། says:
    2019-01-03 at 11:16 am

    བཀའ་དྲིན་ཆེ་ལགས། གུས་པའི་རྩོམ་ལ་གདེངས་འཇོག་དང་སྐུལ་འདེབས་གནང་བའི་སྙན་ངག་པ་གང་ཉིད་ལ་ཐུགས་རྗེ་ཆེ་ཞུ།

  2. པདྨ་དགོས་འབྱོར། says:
    2019-01-03 at 12:48 pm

    སྐུ་ཞབས་རྫ་ཚེ་རིང་བཀྲ་ཤིས་སྙན་དེབ་གསར་བར་རྟེན་འབྲེལ་ཞུ།

    བལ་ཡུལ་ན་བསླེབས་ཡོད་དམ་མེད།

  3. བདེན་པ། says:
    2019-01-03 at 4:04 pm

    སྙན་དེབ་འདི་གང་ནས་རག། འཕྲུལ་དེབ་མཛོད་སྒམ་ནང་དུ་ཡོད་དམ་མེད།

  4. ཀླུ་སྨྱོན། says:
    2019-01-03 at 7:32 pm

    རྒྱ་གར་ན་བཙོང་གིན་འདུག འཕྲུལ་དེབ་ད་རུང་མི་འདུག

  5. བསམ་ཤེས། says:
    2019-01-04 at 3:50 pm

    བོད་ཀྱི་སེར་མོ་བ་ཚོའི་ནང་ལ་རྩོམ་འབྲི་ཤེས་ལ། རྩ་དང་རླུང་ལ་སྐྱོན་མ་བཞུགས་པ་ནི་སྐུ་ཞབས་རྫ་ཚེ་རིང་བཀྲ་ཤིས་ལགས་གཅིག་པུ་ལྟ་བུར་སྣང་རུང་། ཁོང་ཡང་ཉེ་ཆར་སྐྱ་ཕབ་པས་ཡིད་ལ་སྐྱོ་གདུང་ཞིག་མྱོང་བཞིན་པའི་སྐབས་ལ། ཁོང་གི་སྙན་རྩོམ་དེ་དག་མཇལ་བས་སྐྱོ་སང་བའི་སྐྱོ་རོགས་རྣལ་མ་ཞིག་འཕྲད་པའི་བདེ་བ་བྱུང་། རྩོམ་པ་པོར་བཀའ་དྲིན་ཆེ་ཞུ།

    རྩོམ་པ་པོ་རྒན་རབས་སྤྲུལ་སྐུ་ཀླུ་སྨྱོན་མཆོག་ལ་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱི་སྔོན་གླེང་འདི་ཀློག་འདོད་ཆེན་པོ་བསླེབས་ནས། ཞིབ་པར་བཀླགས་དུས། ཡ་མཚན་ཞིག་ལ་རྒྱུན་དུ་མཐོང་བར་མང་བའི་སྔོན་གླེང་གི་ཁྱད་ཆོས་ཏེ། ཀློག་པ་པོར་སྤྲོ་བ་སྦྱིན་པའི་བཀྲ་ཤིས་ཚེ་རིང་ལ་ཞིབ་འཇུག་དང་དཔྱད་པའི་གཏམ་མེད་ལ། ཡང་ན་ཀློག་པ་པོ་འདོད་པ་ཁེངས་པའི་རྩོམ་པ་པོའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་ངོ་སྤྲོད་ཀྱི་སྒྲུང་གཏམ་ཚིག་གཅིག་ཙམ་ཡང་མཇལ་རྒྱུ་མེད་པར། ཚེ་བཀྲ་མཆོག་གི་སྙན་ངག་ལ་བསྟོད་པ་འུར་འུར་ཁོ་ནས་ཀློག་པ་པོའི་འདོད་པ་ཚིམ་པར་བྱེད་པ་ནི། ཀློག་པ་པོ་རྣམས། “ད་ཆ་ཡིད་ཀྱི་རྣམ་དཔྱོད་ཡོངས་སུ་གྲིབས་ནས། ཚིག་སྐམ་པོའི་ཅལ་སྒྲོག་ལ་དགའ་བའི་བླུན་པོ་ཤ་སྟག་མ་ཡིན་ནམ།”ལྟ་བུའི་ཤུགས་བསྟན་གྱི་ཟུར་ཟ་བྱེད་པའི་ཚོར་སྣང་བྱིན། ཚོར་བ་དེས་སྤྲུལ་སྐུ་མཆོག་གིས་རྫ་ཚེ་བཀྲ་མཆོག་གི་སྙན་རྩོམ་ལ་བསྟོད་པ་གཏོང་བཞིན་ཡོད་དམ་ཡང་ན་སྐྱོན་བརྗོད་བྱེད་པ་གཉིས་རྟོག་དཀའ་བའི་གནས་སུ་ལྷུངས། འོན་ཀྱང་། ང་ནི་སྤྲུལ་སྐུ་མཆོག་གི་རྩོམ་ཀློག་པར་ཤིན་དུ་དགའ་བས། གང་ལྟར་ནམ་རྒྱུན་དུ་ཁོང་གིས་ཀློག་པ་པོར་གྱོང་མི་བསྟེར་བ་བཞིན། ད་རེས་ཀྱང་བསམ་ཞིབ་ཟབ་མོ་བྱེད་པའི་བསམ་གཏན་པའི་ཟས་ཞིམ་པོ་ཞིག་ཐོབ་པས་འདོད་པ་བསྐངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme