Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚན་རིག་པ་ཞིག་གི་ཤི་བའི་ཉམས་མྱོང་།

Posted on 2010-10-122010-10-12 By ཡེ་ཤེས་ 6 Comments on ཚན་རིག་པ་ཞིག་གི་ཤི་བའི་ཉམས་མྱོང་།

death-bed
ཀླུ་སྨྱོན།
ཁེ་ཉིན་དགོང་མོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་དུ་ངས་ད་དུང་བརྙན་འཕྲིན་ལ་ལྟ་བཞིན་ཡོད། ནམ་རྒྱུན་ཡེ་ཤུའི་ཆོས་ལུགས་ཀྱི་བརྙན་འཕྲིན་ལས་རིམ་ཞིག་ཡོད་པར་མཚམས་རེར་ལྟ་རྒྱུ་དེ་ངའི་གོམས་གཤིས་ཤིག་ཏུ་གྱུར་ཡོད་ཅིང་། དགོང་མོ་དེར་ཡང་ལས་རིམ་དེར་ལྟ་ཙམ་བྱས་པ་ཡིན་ལ་དེས་སྐབས་ཤིག་གི་རིང་ངའི་ཡིད་དབང་རྦད་དེ་འཕྲོགས་སོང་།
ལས་རིམ་དེའི་ནང་དུ་ཡེ་ཤུ་བ་མི་རྒན་ལོ་ན་བདུན་ཅུའི་ཡར་སྟོད་དུ་སོན་པ་ཞིག་གིས་མི་སྐོར་ཞིག་གི་ཤི་བའི་ཉམས་མྱོང་དང་དེའི་གནས་སྐབས་སུ་ཇི་ལྟར་དཀོན་མཆོག་གི་བྱིན་རླབས་ཐོབ་ཚུལ་ངོ་སྤྲོད་རགས་བསྡུས་རེ་བྱས་རྗེས་མི་དེ་དག་གིས་རང་རང་གི་ཉམས་མྱོང་དག་ཕྲ་ཞིང་ཞིབ་པའི་སྒོ་ནས་ངོ་སྤྲོད་བྱེད་བཞིན་འདུག

དེའི་ནང་དུ་ར་ཤི་ཡའི་ཚན་རིག་པ་ཞིག་འདུག་ཅིང་ཁོས་ཐོག་མར་དཀོན་མཆོག་ལ་ཡིད་ཆེས་གཏན་ནས་བྱེད་མ་མྱོང་ཞིང་རྣམ་ཤེས་འདི་ནས་ཕྱི་མར་འགྲོ་བའི་སྐོར་ལ་ཡང་ཡིད་ཆེས་མི་འདུག ཁོ་རང་ཨ་རིར་གནས་སྤོས་བྱས་རྗེས་མི་སྐོར་ཞིག་དང་ཁ་གཏད་དུ་གྱུར་རྗེས་མི་དེ་དག་གིས་ཁོ་རང་གསོད་རྒྱུའི་འཆར་གཞི་བཏིང་འདུག

དགོང་མོ་ཞིག་ལ་ལས་ཀ་གྲོལ་རྗེས་ཁོས་ལག་ཁུག་མཆན་དུ་བཙུར་ནས་ནང་ལ་ལོག་སྐབས། གློ་བུར་དུ་རྒྱབ་ཕྱོགས་ནས་རླངས་འཁོར་ཞིག་བརྒྱུགས་ཡོང་ནས་ཁོ་ལ་རྡུང་ཁ་གཞུས་ནས་ས་རུ་བསྒྱེལ་རྗེས་བྲོས་སོང་བ་དང་། ཉེ་འཁོར་གྱི་མིས་དེ་མ་ཐག་ཁོ་རང་སྨན་ཁང་ཞིག་ཏུ་བསྐྱལ་ན་ཡང་། རྨས་སྐྱོན་ཕོག་པ་ཚབས་ཆེ་བས་ཆུ་ཚོད་རེ་ཟུང་གི་རྗེས་སུ་ཁོ་རང་ཚེ་ལས་འདས།

སྨན་པས་ཁོའི་བེམ་པོ་དེ་གཤིན་པོ་སྤྱི་མཚུངས་བཞིན་འཁྱག་སྒམ་གྱི་ནང་དུ་ཉིན་གསུམ་གྱི་རིང་བཅུག་པ་དང་། ཁོ་རང་ཤི་མ་ཐག་ཁོའི་སྣང་ངོར་ཡོད་ཚད་མུན་ནག་ཏུ་གྱུར་འདུག དེ་ལས་ཅུང་སངས་པ་ན་ཁོས་ཉེ་འཁོར་གྱི་མི་རྣམས་ཀྱི་འགུལ་སྐྱོད་ཐམས་ཅད་གསལ་བོར་མཐོང་བ་དང་། ཁོ་ཚོས་བཤད་པའི་སྐད་ཆ་ཐམས་ཅད་ཐོས་པ་མ་ཟད་ཡ་མཚན་པ་ཞིག་ལ་ཁོའི་ཕུ་ནུ་མིང་སྲིང་དག་གི་སེམས་ཀྱི་འགྱུ་བ་ཕྲ་རགས་ཐམས་ཅད་མངོན་སུམ་དུ་ཤེས་ཐུབ་ཀྱི་འདུག

དེ་ནས་འོད་དཀར་པོ་ཉི་མ་སྟོང་ཕྲག་དུས་གཅིག་ཏུ་ཤར་བ་ལྟ་བུ་ཞིག་འཕྲོས་ཤིང་ཁོ་རང་དེའི་ནང་དུ་ཕར་སོང་བར་ན་དེའི་ནང་དུ་ནག་ཐིག་ཆུང་ཆུང་ཞིག་མཐོང་བ་དང་། འོད་ཟེར་དྲག་པོ་དེ་མ་བཟོད་པར་ནག་ཐིག་དེའི་ནང་དུ་སོང་བ་ན་ཚོར་བ་ཞིག་ལ་ནུས་ཤུགས་ག་གེ་མོ་ཞིག་གིས་ཁོའི་ལུས་པོ་དེ་ཕར་འཐེན་ནས་འགྲོ་བའི་སྣང་བ་ཞིག་ཤར་བ་དང་འབྲེལ། གཉིད་ལས་སངས་པ་ལྟ་བུ་ཞིག་བྱུང་དུས་སྨན་པ་དག་གིས་ཁོའི་ལུས་པོ་འཁྱག་སྒམ་ནས་ཕྱིར་བཏོན་ཏེ་གནས་གང་ཞིག་ལ་འཁྱེར་རྩིས་བྱེད་བཞིན་ཡོད་ཅིང་། ཁོས་མིག་ཕྱེས་པ་དེ་མཐོང་ནས་ཧངས་སངས་ཏེ་ལམ་སེང་སྨན་ཁབ་བརྒྱབ་ནས་ལུས་ཟུངས་རྒྱས་སུ་བཅུག་འདུག

གང་ལྟར་དེ་ནས་བཟུང་ར་ཤི་ཡའི་ཚན་རིག་པ་དེར་དཀོན་མཆོག་ལ་ཡིད་ཆེས་རྩེ་གཅིག་ཏུ་བསླེབས་འདུག་ཅིང་། ངའི་བསམ་པར་སྐབས་དེར་ནང་པ་ཞིག་གིས་ཁོ་ལ་བར་དོ་ཐོས་གྲོལ་ལས། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱི་ལུས་དང་སེམས་བྲལ་བའི་དུས་སུ༔ ཆོས་ཉིད་དག་པའི་སྣང་བ་ཕྲ་ལ་དྭངས་པ༔ གསལ་ཞིང་འཚེར་བ་རང་བཞིན་བཀྲག་གསལ་ལ་ཉམ་ང་བ༔ ཞེས་སོགས་དང་། ལས་ཀྱི་མངོན་ཤེས་ཕྲ་མོས་མཐོང་བ་དང་ཐོས་དང་འོང་སྟེ༔ ཞེས་སོགས་བསྟན་ཡོད་ཚེ། ཁོ་རང་ནང་པའི་ཆོས་ལ་མི་ལྡོག་པའི་དད་པ་ཞིག་སྐྱེ་རྒྱུ་གདོན་མི་ཟ་ཡང་། དེ་ལྟ་བུའི་བར་དོའི་ངོ་སྤྲོད་ཕྲ་ཞིང་གསལ་བ་མེད་པའི་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲང་བ་ཞིག་ཏུ་གྱུར་འདུག

གསར་འགྱུར། Tags:ཨཨཨ

Post navigation

Previous Post: རྣམ་ཤེས་བརླག་པའི་ཕུང་པོ།༼བོད་འབྱོར་རྩོམ་ཡིག༽
Next Post: རྩོམ་པ་པོ་བུད་ངྷ་ལགས་འཛིན་བཟུང་བྱས་འདུག

Comments (6) on “ཚན་རིག་པ་ཞིག་གི་ཤི་བའི་ཉམས་མྱོང་།”

  1. བོད་ལ་དགའ། says:
    2010-10-12 at 2:05 pm

    ཀློག་མཁན་དང་པོ་ང་ཡིན་པ་འདྲ། ཁྱོད་ཀྱི་རྩོམ་ཡིག་དག་ལ་ངོ་མ་བྲོ་བ་ཞིག་འདུག ནམ་ཡང་སྒུག་ནས་བསྡད་ཡོད།

  2. ཨ་ནུ་ཐང་བསོད་ནམས། says:
    2010-10-12 at 3:40 pm

    གནས་ཚུལ་དེ་འདྲ་མང་པོ་གོ་མྱོང་། གནས་ཚུལ་དེ་རྣམས་དོན་དངོས་དང་མཐུན་པ་སུ་ཞིག་གིས་བདེན་དཔང་བྱེད་རྒྱུ་ཁག་པོ་རེད། ང་ཚོས་ཕ་ཡུལ་ནས་མི་ཞིག་ཤི་ས་ནས་ཕྱིར་འོང་སྟེ་ཕྱི་ཡུལ་གྱི་གནས་ཚུལ་བཤད་པ་ལུང་པ་དེ་ཡོངས་གྲགས་རེད། འོན་ཀྱང་མི་དེའི་རིགས་རྣམས་འཚོར་བ་ནད་གྱིས་ཟིན་པའི་རྨི་ལམ་ལྟར་འཁྲུལ་སྣང་ཡིན་ཤས་ཆེ་བས་ཡིད་ཆེས་བྱེད་ཁག་པོ་རེད། འོན་ཀྱང་ཡིད་ཆེས་བྱེད་དང་མི་བྱེད་རང་མོས་རེད། གནས་ཚུལ་བཀོད་པ་ལེགས།

  3. ཨ་ནུ་ཐང་བསོད་ནམས། says:
    2010-10-12 at 3:42 pm

    ནོར་བཅོས།
    གནས་ཚུལ་དེ་འདྲ་མང་པོ་གོ་མྱོང་། གནས་ཚུལ་དེ་རྣམས་དོན་དངོས་དང་མཐུན་པ་སུ་ཞིག་གིས་བདེན་དཔང་བྱེད་རྒྱུ་ཁག་པོ་རེད། ང་ཚོའི་ཕ་ཡུལ་ནས་མི་ཞིག་ཤི་ས་ནས་ཕྱིར་འོང་སྟེ་ཤི་ཡུལ་གྱི་གནས་ཚུལ་བཤད་པ་ལུང་པ་དེར་ཡོངས་གྲགས་རེད། འོན་ཀྱང་མི་དེའི་རིགས་རྣམས་འཚོར་བ་ནད་གྱིས་ཟིན་པས་རྨི་ལམ་ལྟར་འཁྲུལ་སྣང་ཡིན་ཤས་ཆེ་བས་ཡིད་ཆེས་བྱེད་རྒྱུ་ཁག་པོ་རེད། འོན་ཀྱང་ཡིད་ཆེས་བྱེད་དང་མི་བྱེད་རང་མོས་རེད། གནས་ཚུལ་བཀོད་པ་ལེགས།

  4. ཇ་མ་ says:
    2010-10-13 at 10:51 am

    གནས་ཚུལ་དེ་འདྲ་བྱུང་བ་མང་པོ་ཐོས་མྱོང་ལ་ཐེངས་གཅིག་དངོས་སུ་མཐོང་ཡང་མྱོང་། ང་ཚོའི་ཕ་ཡུལ་ན་འབྲོག་པ་ཐོག་མེད་དམ་མིང་གཞན་ཐོག་ཞར་ཟེར་མཁན་ཞིག་ཡོད། ཁོང་ཆོས་པ་ཞིག་རེད། ཁོང་༡༩༧༥ལོར་ཤི་ནས་ཉིན་ལྔའི་རྗེས་སུ་ཁོང་ཡར་ལངས་ནས་ཡོང་བར་མི་ཚོ་སྐྲག་ནས་ཐོག་ཞར་རོ་ལངས་སོང་ཅེས་གྲགས་པ་རེད། ཐོག་ཞར་སྔོན་མ་ནས་སེམས་ཁ་བདེ་ཐང་མིན་པ་ལྟ་བུ་ཞིག་ཡིན། ཤི་ལོག་བྱས་པ་ནས་ཁོའི་རྣམ་འགྱུར་དང་ཁ་སྐད་བཅས་ལ་མི་གཞན་དང་མི་འདྲ་བའི་སྨྱོན་པའི་སྲོལ་འདྲ་བོ་འདུག ཁོས་ཁོ་ཕྱི་མར་སོང་ནས་ང་ཚོའི་སྡེ་བའི་ནང་གི་ཤི་བོའི་མང་པོ་ཞིག་གིས་སྐད་ཁུར་ཡོང་ནས་ནང་མི་ཚོ་ལ་བཤད་པ་རེད། མི་རེ་ངོ་རེར་སྐད་རྣམས་བཤད་པ་རེད། དེའི་ནང་ནས་ཆེས་དམིགས་བསལ་ཞིག་ནི་ཤི་བོ་མིང་ལ་མ་ཇོ་ཟེར་མཁན་ཞིག་གིས་ཤི་མེད་པའི་རང་གི་ཆུང་མ་མིང་ལ་ཆོས་སྒྲོན་ལ་ངའི་ཨ་ཁུ་བློ་བཟང་ལ་སྒོ་བཅོ་ལྔ་གཡར་ནས་སྐྱིན་ཚབ་སྤྲད་མེད། ཅེས་སྐད་བཤད། ཆོས་སྒྲོན་གྱིས་ཨ་ཁུ་བློ་བཟང་ལ་དྲིས། ཨ་ཁུ་བློ་བཟང་གིས་ང་ལ་མ་ཇོས་གནའ་གནའ་ཞིག་ལ་སྒོར་བཅོ་ལྔ་གཡར་སོང་། དེའི་སྐྱིན་ཚབ་སྤྲད་ཡོད་མེད་དེང་སང་དྲན་མི་འདུག་ཅེས་བཤད་པ་རེད། དེ་ནི་ཐོག་ཞར་གྱི་ཁོང་ལུང་ཡོད་པའི་སྐད་སྐུར་ཅིག་ཡིན། གཞན་སྐད་སྐུར་མང་པོ་འདུག ཐོག་ཞར་༡༩༨༠ཡས་མས་ལ་ཡང་བསྐྱར་ཤི་བ་རེད། ཐོག་ཞར་ལ་སྒྲུང་མང་ཞིག་བཤད་རྒྱུ་ཡོད།

  5. རྩིས་ཆེ། says:
    2010-10-14 at 1:48 pm

    འདི་ལ་དབྱིན་སྐད་ཐོག་NEAR DEATH EXPERIENCE ཞེས་བརྗོད་ཅིང་། དུས་རབས་ཉེར་གཅིག་པའི་ནང་དུ་ཚན་རིག་པ་རྣམས་ཀྱིས་དོ་སྣང་ཤུགས་ཆེན་བྱས་ཡོད། བསྡོམས་རྩིས་བྱས་པ་ལྟར་ན་ཉིས་སྟོང་དྲུག་བདུན་ཡས་མས་སུ་ཨ་རི་གཅིག་པུ་ལ་ཡང་མི་ཁྲི་ལྷག་ཞིག་ལ་གནད་དོན་དེ་འདྲ་བྱུང་ཡོད་པ་དང་། ཚན་རིག་པ་མང་པོས་འགྲེལ་བཤད་ཡང་དག་པ་ཞིག་བྱེད་ཐུབ་མེད།

    དེའི་ཐོག་རིགས་གཅིག་རྐང་འཛིན་པ་ཚན་རིག་པ་དང་ཤོས་དང་རྙིང་ཤོས་ཤིག་གིས་བྲིས་པའི་དེབ་WAHT HAPPENS WHEN WE DIE ཞེས་པ་ཁོ་བོས་ཐེངས་གཅིག་ཀློག་མྱོང་ཡོད། ཚན་རིག་པ་དེས་གནད་དོན་དེ་ནི་སྨན་དང་། བསམ་བློའི་ཁྱེར་སོ། རྨོངས་དད། དཀྲོག་གཏམ། རྩའི་ནུས་ལས་སོགས་གང་ཡང་མ་ཡིན་པའི་ཁུངས་སྐྱེལ་ནས་དེའི་འབྱུང་རྐྱེན་གཙང་མ་ཞིག་ཚན་རིག་གི་ངོས་ནས་མི་ཤེས་པའི་གསལ་བཤད་བྱས་འདུག

    ཚན་རིག་པ་དེས་ནད་པ་སྟོང་ཕྲག་ལྷག་ཡོད་པའི་སྨན་ཁང་ཁག་ཏུ་སྦས་གསང་ཐོག་ལོ་མང་པོར་ཉམས་ཞིབ་བྱས་པའི་འབྲས་བུར་དེ་ནི་དངོས་ཡོད་གནས་ཚུལ་ཡིན་པའི་ཁུངས་སྐྱེལ་མང་དག་ཅིག་བྱས་པའི་མཐར་ཁོས་བཤད་པར་ཚང་མ་ལ་ཐུན་མོང་བྱུང་བ་ནི་འོད་མཐོང་བ། ཚོར་བ་བདེ་བ། བྱམས་སྙིང་རྗེ་རང་བཞིན་གྱིས་བསླེབས་པ། ཕུང་པོ་ལས་རྣམ་ཤེས་དོར་ནས་ཁང་པའི་ཕྱི་ནང་དང་སྨན་པའི་བསམ་བློ་རྟོགས་ནུས་པ། དེ་སྔོན་གྲོངས་ཟིན་པའི་ངོ་ཤེས་དང་ཉེ་འབྲེལ་རྣམས་ཐུག་པ། མཐར་འཇིག་རྟེན་འདི་དང་ཕྱི་མ་གང་རུང་གི་སེམས་ཅན་ཞིག་གིས་ཤི་བའི་དུས་མ་ཡིན་པ་བཤད་པ་སོགས་བྱུང་ཡོད་པར་བཤད་འདུག

    ཁོས་ད་དུང་ཧང་སང་བ་ཞིག་ལ་དེ་འདྲའི་མི་མང་པོས་ལྷ་ལྟ་བུ་ཞིག་མཇལ་གྱི་ཡོད་ཀྱང་རང་རང་སོ་སོའི་ཆོས་ལུགས་ལྷའམ་ལྷ་དེ་དང་འདྲ་བ་ཞིག་མཇལ་བ་ལས་ཁ་ཆེའི་མི་ཞིག་གིས་ཡེ་ཤུའི་ལྷ་དང་། ཡེ་ཤུའི་མི་ཞིག་གིས་ཧིན་དྷུའི་ལྷ་ཞིག་མཇལ་བྱུང་བར་ཤོད་མཁན་མི་སྟོང་ཕྲག་མང་པོའི་ནང་ནས་སུ་ཡང་བྱུང་མ་བྱུང་ཞེས་བཤད་འདུག

    ཁོས་མཐའ་སྡོམ་དུ་དེ་ཉིད་ཡང་སྙིང་གང་ལྟར་ཡིན་ན་ཡང་དེ་འདྲ་ལན་ཅིག་ཆགས་པའི་རྗེས་སུ་མི་དེ་ཉིད་སྔར་གྱི་གཤིས་ཀ་ལས་རྦད་དེ་འགྱུར་ཏེ་ཕན་སེམས་ཆེ་བ། གཤིས་ཀ་འཇམ་པ། ཆོས་དད་ཆེ་བ། འཆི་བ་ལ་ཞེད་སྣང་མེད་པ་སོགས་ཀྱི་དགེ་མཚན་བྱུང་བ་མི་ཕལ་མོ་ཆེ་གཅིག་མཚུངས་རེད་འདུག་ཅེས་བཤད་འདུག

    འདི་ནི་ཆོས་ཙམ་དང་མ་ཚད་སྐྱེ་བ་ཕྱི་མའི་གནད་དོན་དང་འབྲེལ་བ་ཡིན་པས་ང་ཚོ་སྤྱི་དང་ལྷག་པར་དུ་ནང་པ་ཚོས་ཀྱང་དེའི་སྐོར་ཉམས་ཞིབ་དང་སློབ་སྦྱོང་བྱས་ན་བཟང་བར་སྙམ། གང་ཡིན་ཟེར་ན་ཚན་རིག་པ་མང་པོས་ཞིབ་འཇུག་བྱེད་པའི་གཞིར་གྱུར་ཡོད་པས་ང་ཚོ་དེ་དག་རྫུན་མ་རེད་ཅེས་ཤོད་མི་ཐུབ་ལ། དེ་ཚོ་ལ་ནང་པ་དང་མཐུན་པ་དང་མི་མཐུན་པའི་ཉམས་མྱོང་སྣ་ཚོགས་བྱུང་ཡོད་པས་ང་ཚོའི་ངོས་ནས་རྟག་པར་དཔེ་ཆ་གཅིག་གི་རྩ་འགྲེལ་བློ་ལ་ཟིན་བསྡད་པ་ལྟར་མ་ཡིན་པར་ནང་ཆོས་དང་འགྲེལ་བཤད་ཅིག་ཅི་ནས་ཀྱང་དགོས་པར་སེམས་སོ།

  6. གཡག་རྒོད། says:
    2010-10-16 at 5:09 am

    ངོ་མ་རེད། དེ་འདྲའི་གནས་ཚུལ་གང་མང་ཡོང་གི་ཡོད་ཀྱང༌། ད་དུང་ང་ཚོས་ཚེ་ཕྱི་མ་ལས་ཚེ་འདི་གལ་ཆེ་བ་འཛིན་གྱི་ཡོད། ང་ཚོ་མང་ཆེ་བར་ཚེ་འདི་སྣང་གི་ཞེན་ཆགས་ཆེན་པོ་ཡོད། ཤར་ཕྱོགས་ནས་ནུབ་ཕྱོགས་སུ་འགྲིམས་པ་འདི་ཡང་ཚེ་འདི་སྣང་གི་ཞེན་ཆགས་ཆེ་དྲགས་པའི་མངོན་རྟགས་ཡིན། ད་དུང་ནུབ་ཕྱོགས་སུ་ཕུར་ནས་སྐྱེ་བ་ཕྱི་མ་ཡོད་པའི་སྒྲུབ་བྱེད་བཀོད་བཀོད་བྲིས་བྲིས་བྱས་པ་དེ་ཡང་ཚེ་འདིའི་ཞེན་ཆགས་ཆེ་དྲགས་པའི་རང་རེད། རྐུ་མས་ལག་པ་གཙང་མ་བྱེད་དགོས་རབས་བརྗོད་པ་དེ་ཡང་རང་ཉིད་རྐུ་རྒྱུ་ཚ་དྲག་པའི་རྟགས་མཚན་མ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme