Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚན་རིག་གི་སྐྱོན་མཚང་བསྔོགས་པ།

Posted on 2012-12-18 By ཁ་བརྡ་ 5 Comments on ཚན་རིག་གི་སྐྱོན་མཚང་བསྔོགས་པ།

ཨོ་རྒྱན་ཉི་མ།

ང་འདི་ནས་ཚོད་དཔག་བྱས་པ་ཡིན་ན། བརྡ་ཕྲིན་དང་། འཕྲུལ་ལས། གློག་ཕྲིན་སོགས་ཀྱི་མ་ལག་གོང་འཕེལ་དང་། བཟོ་བཀོད་ཤིན་ཏུ་མྱུར་བས། ལོ་བཅུ་ཕྲག་འགའི་རྗེས་ནས་ཕལ་ཆེར་བེད་ཆོད་གཏོང་མཁན་མེད་པའམ། གལ་སྲིད་བཟོ་གྲྭ་ཁག་གིས་མཚམས་མ་བཞག་ན། མང་ཚོགས་ནས་བཟོ་ལས་པ་དང་། ཚན་རིག་པ་སོགས་ལ་ངོ་རྒོལ་ཤུགས་ཆེན་བསླེབ་ངེས་རེད། དཔེར་ན་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་ཡི་དེ་ཉིད་གེ་དང་པོ་ངག་ནས་ཐོན། དེ་ནས་དེའི་དོན་ལྟར་ལག་བརྡ་བྱས། དེའི་དག་གི་རིག་བྱེད་ལ་བརྟེན་ནས་འདྲ་གཟུགས་སུ་བཀོད། རིས་སུ་བཀོད་པའི་དོན་ལྟར་ཕྲིན་སྐྱེལ་བའི་ཆེད་དུ་མི་དང་། བྱ། ཁྱི་སོགས་བང་ཆེན་བརྫངས། འདི་ཙམ་གྱིས་ཆོག་ཤེས་པར་བྱས་ཏེ་བསྡད་པ་ཡིན་ན་འགྲིགས་པ་རེད་དེ། དེའི་རྗེས་ནས་གློག་ལ་བརྟེན་ནས་བརྡ་ཕྲིན་གཏོང་བའི་སྲོལ་དེ་དར་བ་དང་། སྒྲ་མེད་པ་ནས་སྒྲ་དང་བཅས་པ་དང་། གཟུགས་མེད་ནས་གཟུགས་ཅན་ཏེ། མདོར་ན་ཡི་གེ་འབྲི་བ་དེ་ལག་བྲིས་ནས་གློ་ཀླད་ཀྱི་མཐེབ་གཞོང་བེད་ཆོད་ཀྱིས་དང་། ད་ལྟ་ཡི་གེ་ལག་པས་འབྲི་མི་དགོས་པར། ཐད་གར་ངག་འཕྲིན་བསྐུར་ཆོག་པ་དང་། རྒྱ་སྐད་དང་། དབྱིན་སྐད་སོགས་ཀྱི་སྒྲ་གདང་གཙང་མ་ཡོད་ན། ངག་ནས་གང་བཤད་གློག་ཀླད་ཀྱིས་ཡི་གེ་འབྲི་ཡོང་བ་དང་། བྱ་བ་ཆེ་ཆུང་གང་ཡིན་ཡང་། དམིགས་བསལ་འདྲི་རྩད་དགོས་ན། གློག་ཀླད་ཀྱིས་ལན་ཐོགས་མེད་བཏབ་ནུས་པ་དང་། དེ་དང་འདྲ་བའི་དངུལ་བྱང་ཆུང་ངུ་ཞིག་གིས་ཤར་ནུབ་གཉིས་ཀྱི་དངུལ་ཁང་ནས་དངུལ་འདོན་འཇུག་བྱ་ཐུབ་པ་དང་། རྒྱལ་ཁབ་གཅིག་གི་རྩ་དོན་ཡོངས་རྫོགས་བྱང་ཕྲན་ཆུང་ངུ་ཞིག་གི་ནང་དུ་ཆུད་པ་ལྟར། འགྲོ་བ་མིའི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་ཁྲག་དང་། རྔུལ་ཆུས་བསགས་པའི་རིག་གཞུང་ཡོངས་རྫོགས་ཚན་རིག་གིས་འཁྱུར་མིད་བཏང་ལ་ཉེ་བ་རེད། ད་ལྟ་འཕྲུལ་ལས་དང་། བཟོ་ལས་ཆེས་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་དག་གིས་རང་གི་སྐད་ཡིག་ལག་པས་འབྲི་དགོས་ན་མི་ནུས་པར། ཡོད་ཚད་གློག་ཀླད་ལ་ལྟོས་དགོས་པ་དང་། མི་རིང་བར་བརྡ་འཕྲིན་གྱི་འཕྲུལ་ལས་ལ་ཚོད་འཛིན་མ་བྱས་ན། སྐྱེ་འགྲོ་ཡོངས་རྫོགས་ལྐུགས་པ་དང་། ཞ་བོ། ལོང་བ་འབའ་ཞིག་ཏུ་བསྒྱུར་ངེས་སོ། །

མདོར་ན་ཡོད་ཚད་ལས་སླ་རུ་དང་། སྟབས་བདེ་རུ་གཏོང་བཞིན་པ་འདིས་ལེ་ལོ་དང་། སྒྱིད་ལུག་ལ་དགའ་བའི་འགྲོ་བ་མིའི་རིགས་ལ་སེམས་ཚོར་དམིགས་བསལ་ཞིག་དང་། ལུས་ངག་གཉིས་ལ་རེ་ཞིག་ངལ་གསོ་ཐོབ་པ་ལྟར་སྣང་ན་ཡང་།  ནང་སེམས་ཀྱི་འདོད་རྔམ་དང་། ཆོག་ཤེས་མེད་པའི་ཉེར་ལེན་ལ་བརྟེན་ནས་སེམས་ངལ་གྱི་ན་ཚ་ཡོད་མཁན་ལོ་རེ་དང་། ཟླ་རེར་ཅེ་མང་རེད། ལུས་ངག་གཉིས་ཀྱི་རྒྱལ་པོ་སེམས་མ་བདེ་ན། བཀོལ་སྤྱོད་དུ་གྱུར་བའི་ལུས་ངག་གཉིས་ནི་མི་རིང་བར་བྲན་ནག་ཏུ་གྱུར་བ་དང་། དཀའ་སྡུག་གི་ཁུར་ཆེན་དེ་མི་འདོད་བཞིན་འཁུར་དགོས་པ་དེ་ཡང་། རྟེན་འབྲེལ་རེད། ཆོས་ཉིད་རེད། སེམས་མ་བདེ་ན། སེམས་ངལ་འདུ་ཤེས་ཀྱི་གཏིང་རུམ་དུ་སུམ་པ་དང་། དོན་ལྔ་སྣོད་དྲུག་ལ་བཅོས་དཀའ་བའི་ན་ཚ་སྐྲན་ཞེས་པ་སླེབ་ངེས་པ་དང་། སྐྲན་ནད་དེ་ལ་འཛམ་གླིང་འདིའི་གོང་ཧ་ཅང་སྐྱི་གཡའ་བ་དང་། འཇིགས་སུ་རུང་བ་ཞིག་ཏུ་ངོས་འཛིན་བཞིན་པ་དེ་ཡང་ཁྱེད་ཅག་གིས་རྟོགས་ཡོད་རྒྱུ་རེད། སྐྲན་ནད་དེ་ནང་གི་སེམས་ཁམས་རྙོག་པ་ལ་བརྟེན་ནས་བྱུང་བ་དང་། ཟས་གོས་གནས་མལ་ལ་བརྟེན་ནས་བྱུང་བ་དང་། ཕ་མེས་བརྒྱུད་ནས་བྱུང་བ་དང་། གློག་དང་། ངན་དུག་ལས་བྱུང་བ་སོགས་འདྲ་མིན་སྣ་ཚོགས་ཤིག་ཡོད་ཚོད་རེད།

དཔེར་ན་དེང་སང་ཚན་རིག་གིས་གཡོས་སྦྱོར་བྱས་པའི་ཟས་འདྲ་མིན། ཤ་དང་། ཚོད་མ་སོགས་བཟས་བཏུང་གི་རིགས་སྣ་ཚོགས་ལ། མངར་བསྐྱུར་གྱི་བྲོ་བ་སྔར་མེད་གསར་དུ་བཏགས་པ་དང་། སྔར་ཡོད་གཞན་དུ་བསྒྱུར་བ་ཡིས་བཟའ་བཏུང་གི་རྒྱུ་དང་། ངོ་བོ་བྱེད་ལས། ཁ་དོགས། རོ། བྲོ་བ་ཡོངས་རྫོགས་རང་བྱུང་ཁམས་ལ་མེད་པ་ཤ་སྟག་གསར་བསྐྲུན་དང་། དེ་དག་གནས་སྐབས་ཁ་ལ་ཞིམ་པ་དང་། འགྲོ་སྒོ་མང་བ། དངུལ་མང་འཐོབ་པ་གཙོར་འདོན་གྱིས་སྐྱེ་འགྲོའི་ཚེ་སྲོག་དང་། ལུས་ཁམས་ལ་གནོད་མིན་ལྟ་མཁན་ཉུང་ཉུང་རེད།  གློག་གི་འོད་རླབས་དང་། ཁ་པར་གྱི་སྒྲ་རླབས། ཉིང་རྡུལ་གྱི་དུག་རླབས་ལ་བརྟེན་ནས་མིའི་ལུས་ཁམས་ལ་གནོད་པ་ནི། ངས་སྐྱོག་བཤད་མ་ཡིན་པ་ཚན་རིག་ཚོས་ངོ་སྤྲོད་བྱེད་བཞིན་པ་རེད། དེ་ག་ནང་བཞིན་གློག་བརྙན་དང་། ཁ་པར་སོགས་འཕྲུལ་ལས་སོགས་བྱེ་བྲག་པ་དག་དང་། ད་དུང་རྒྱང་ཤེལ་དང་། ཕྲ་མཐོང་ལ་བརྟེན་ནས་འཛམ་གླིང་གཞན་པ་དང་། མིག་དམར་ལ་སོགས་གཟའ་བདུན་དང་། བརྒྱད་གང་རུང་རྙེད་ཚུལ་ཇི་ལྟར་བཤད་ཀྱང་། ང་ཚོ་འདུག་སའི་སྣོད་འབག་བཙོག་དང་། གས་ཆག་ཏུ་བསྒྱུར་ཚར་བ་རེད། རང་ལ་ཡོད་པའི་སྣོད་ཀྱི་འཇིག་རྟེན་བདག་པོ་མི་རྒྱག་པར་གཞན་ཞིག་ལ་རེ་བ་དང་། ཡིད་སྨོན་བྱེད་བསྡད་ན་ཕམ་ཁ་རང་གི་ཉོ་བ་ལས་གཞན་གང་ཡོད།

དེང་སང་བོད་ཀྱི་ཀླད་མེད་བཤད་ལ་དགའ་བ་དང་། ཤར་ནུབ་ཀྱི་བཅོལ་ཆུང་དངུལ་ལས་བསམ་དུ་མེད་པ་ཚོའི་ངོར་ན། ཚན་རིག་ཅེས་པ་དེ་རིན་ཐང་གཞལ་མེད་ཅིག་དང་། འདི་ཕྱིའི་སྐྱབས་གནས་བླ་མེད་དུ་འཛིན་བཞིན་པ་ནི། བོད་ནས་འབྱོར་བའི་དེབ་གསར་བྱ་རོག་སོ་རྟོག་གི་བསྟན་བཅོས་འདྲ་བོ་དེ་དག་ལས་རྟོགས་སོང་། དེ་ཕྱིར་ཚན་རིག་གི་ལ་ཉེ་སྒྲོག་སྦྱོང་དང་། སྐྱོན་ལ་སྐྱོན་དུ་མཐོང་བའི་རེ་བ་བཅས། འདི་ནས་ཚན་རིག་གི་འབྱུང་འགྱུར་ལ་བསམ་གཞིག་ཅུང་ཟད་ཐལ་སོང་བས། ཁྱེད་ཅག་ཚན་རིག་ལ་དགའ་བ་དང་། མོས་པ་ཆེ་ཚོས་བཟོད་པར་མཛོད་ཅིག

ཚན་རིག་ཟེར་འོངས་དུས་ཕྱིའི་བེམ་པོ་དང་མ་དང་། ནམ་ཟླ་དུས་བཞིའི་འགྱུར་ལྡོག་ལ་གཞིགས་ཏེ་གནམ་རིག་དང་། གྲངས་རྩིས་ལ་བརྟེན་ནས། ཕྱིའི་རྟེན་འབྲེལ་གྱི་ཆོས་ཉིད་སྨྲ་བའི་རིག་པ་ཞིག་ལ་ཟེར་བ་ལས། ནང་གི་རྣམ་ཤེས་ཀྱི་རྣམ་དབྱེ་དང་། ངོ་བོ། བྱེད་ལས་དག་ཚུལ་བཞིན་བསྟན་པའི་རིག་པ་ལ་ཚན་རིག་ཅེས་བཤད་པའི་ལུགས་སྲོལ་སྔར་ཡོད་ཚོད་མ་རེད། ཡིན་ན་ཡང་དེང་སང་ཚན་རིག་ལ་དགའ་བ་ཚོས་ཆོས་ཚན་གཉིས་ཟུང་དུ་སྦྲེལ་ཞིང་། བེམ་ཤེས་གཉིས་ཀྱི་རྣམ་དབྱེ་མ་ལུས་ཁོང་དུ་ཆུད་པ་ལ་ཆོས་ཚན་གཉིས་ཀ་མ་ཤེས་ན། མི་འགྲིགས་པའི་སྐད་གསེང་མཐོན་པོ་སྒྲོག་མཁན་ཡང་། མང་པོ་ཞིག་ཐོས་སོང་། འགའ་ཞིག་མཇལ་ཡང་མྱངས། གང་ལྟར་ཡང་ཤེས་བྱ་ཡུལ་དང་། ཤེས་བྱེད་ཡུལ་ཅན་གཉིས་ཀྱི་གནས་ལུགས་མ་ལུས་ཁོང་དུ་ཆུད་པ་ལ། ཆོས་ཚན་གཉིས་ལ་ལྷག་པ་ཞིག་དེང་སང་འཇིག་རྟེན་འདིར་མེད་པ་ནི། ཤར་ནུབ་ཀྱི་ཤེས་ལྡན་མི་སྣ་ཚོས་བཤད་སྟངས་ལ་གཞིགས་ན་མེད་ཐག་ཆོད་རེད། དཔེར་ན་གཙོ་བོ་ཤེས་པའི་རྣམ་དབྱེ་འབྱེད་པའི་རིག་པ་ལ་ཤེས་རིག་ཅེས་བཏགས་པ་ལྟར། གཙོ་བོ་བེམ་པོའི་རྣམ་གཞག་བྱེད་པའི་ཆ་ནས་ཚན་རིག་ལ། བེམ་རིག་ཅེས་བཏགས་ན་གོ་རྒྱུ་ཡོད་པར་སེམས། དེ་མིན་ལ་ཚན་རིག་ཅེས་པའི་མིང་དེ་རྒྱུན་འབྱམས་སུ་སོང་བ་ཙམ་ལས། སུས་བཏགས་པ་དང་། གང་ལ་ལྟོས་ནས་བཏགས་པ་ཡིན་པའི་རྒྱུ་མཚན་ཤོད་རྒྱུ་མེད་པ་འདྲ། ང་རང་ཉིད་ལ་མཚོན་ན་ཚན་རིག་མཁས་དབང་འགའ་ཞིག་གིས་བྲིས་པའི་དེབ། བོད་དབྱིན་གཉིས་ཀའི་ཐོག་ཏུ་ཡོད་མོད། དེ་དག་གི་འདོད་པ་འདིར་དྲངས་འདོད་མེད་ལ། འཚོལ་དགོས་ན་ཡང་ཉོབ་སྣང་ཞིག་གིས། ཡོད་ཚད་ལ་དོ་སྣང་མེད་པ་ཞིག་ཏུ་འགྱུར་གྱིས་དོགས་ཏེ། རང་སྣང་གང་ཤར་གྱིས་རྟོག་འཆར་ལྷུག་པོར་བརྗོད་པའི་གོམ་གཤིས་འདིར་སླར་ཡང་དྲངས་པ་ཡིན།

ཚན་རིག་མེད་ན་བེམ་པོའི་གནད་གསང་མི་ཤེས་པ་དང་། ནང་ཆོས་མེད་ན་ཤེས་པའི་གནས་ཚུལ་མི་རྟོགས་པ་དེ་དངོས་གནས་རེད། ངས་དེ་ལ་བསྙོན་འདིང་འདོད་མེད་ལ། དེ་ཙམ་གྱིས་ཚན་རིག་ལ་ཧ་ལས་དགོས་པ་དང་། ཧོན་འཐོར་དགོས་པའི་གནད་འགག་ཅིག་དང་། གལ་ཆེན་པོ་ཞིག་ཡོད་པར་གང་ཡང་མཐོང་མ་སོང་། ང་ཚོས་བསམ་བློ་གཏོང་དགོས་ས་ངོ་མ་དེ། སྐྱེ་འགྲོའི་བདེ་སྐྱིད་དང་། འཁོར་ཡུག་སྲུང་སྐྱོབ་སྐོར་དེ་རེད། སྣོད་བཅུད་གཉིས་ཀྱི་ཕན་བདེ་སྒྲུབ་ཐུབ་སོང་ན། སྡུག་བསྔལ་རྩ་མེད་དང་། འབྱུང་བཞིའི་གནོད་པ་རྒྱུན་ཆད་འགྲོ་དགོས་པའི་བསམ་འཆར་འདོན་མཁན་ཡོད་ན་སྨྱོན་པ་རེད། གང་ལྟར་ཡང་སྡུག་བསྔལ་ནི་འཁོར་བའི་ཁྱད་ཆོས་དང་། འབྱུང་བཞིའི་གནོད་པ་ནི་འཁོར་བའི་མཚང་རེད། འདི་གཉིས་མེད་ན་བདེ་སྐྱིད་ཅེས་པ་ཟུར་དུ་ཡོད་མི་སྲིད་པ་དང་། སྡུག་བསྔལ་དང་། བདེ་བ་ཞེས་པ་གཉིས་ཕན་ཚུན་ལྟོས་གྲུབ་རེད།

འཇིག་རྟེན་ཞེས་པའི་མིང་སྙན་པོ་དེ་དོན་ལ་ལྟོས་ཏེ་བཏགས་པ་དང་། རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་ཆོས་ཤིག་ཡིན་ན། མཐར་འཇིག་པ་ཆོས་ཉིད་ཀྱིས་གྲུབ་པ་དང་། དེ་ལ་བསྒྱུར་བཅོས་དང་། བཀག་འགོག་གིས་རྩ་མེད་དུ་གཏོང་ཐུབ་མཁན་ཞིག་སྔར་ཡང་བྱུང་མེད་ལ། ད་ལྟ་ཡང་མེད་པར་མ་ཟད། ཕྱིས་ནས་ཁག་པོ་རེད། འདི་དག་ལ་རང་བྱུང་ཁམས་ཀྱི་གནོད་འཚེ་དང་། འཇིག་པ་ཞེས་འབོད་བཞིན་པ་རེད། ང་ཚོས་བསམ་བློ་གཏོང་དགོས་ས་དེ། འཇིག་པའི་ཆོས་ཅན་རེད་ཟེར་ནས་འཕྲོ་བརླག་ཏུ་མི་གཏོང་བར། དེ་ལ་ནུས་པ་གང་ཡོད་ཀྱིས་སྲུང་སྐྱོབ་ཀྱིས་འཁུར་བླངས་ཐུབ་སོང་ན། མི་ཞེས་སྨྲ་ཤེས་ཤིང་དོན་གོ་བའི་རིགས་སུ་སྐྱེས་པའི་གོ་ཆོད་སོང་བ་རེད།

སྣ་ཚོགས།

Post navigation

Previous Post: འབོ་ར་དགོན་པའི་གྲྭ་བ་ལྔ་འཛིན་བཟུང་བྱས་འདུག
Next Post: དགེ་རྒན་བྱང་ཆུབ་སེམས་མ་བུག་ཏོར་ཡ་སོ་ཐོ

Comments (5) on “ཚན་རིག་གི་སྐྱོན་མཚང་བསྔོགས་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-12-18 at 3:43 am

    ་་་་་་ འགྲོ་བ་མིའི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་ཁྲག་དང་། རྔུལ་ཆུས་བསགས་པའི་རིག་གཞུང་ཡོངས་རྫོགས་ཚན་རིག་གིས་འཁྱུར་མིད་བཏང་ལ་ཉེ་བ་རེད། ད་ལྟ་འཕྲུལ་ལས་དང་། བཟོ་ལས་ཆེས་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་དག་གིས་རང་གི་སྐད་ཡིག་ལག་པས་འབྲི་དགོས་ན་མི་ནུས་པར། ཡོད་ཚད་གློག་ཀླད་ལ་ལྟོས་དགོས་པ་དང་། མི་རིང་བར་བརྡ་འཕྲིན་གྱི་འཕྲུལ་ལས་ལ་ཚོད་འཛིན་མ་བྱས་ན། སྐྱེ་འགྲོ་ཡོངས་རྫོགས་ལྐུགས་པ་དང་། ཞ་བོ། ལོང་བ་འབའ་ཞིག་ཏུ་བསྒྱུར་ངེས་སོ། །་་་་ཟེར།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-12-18 at 3:48 am

    ་་་་་ དེ་ཕྱིར་ཚན་རིག་གི་ལ་ཉེ་སྒྲོག་སྦྱོང་དང་། སྐྱོན་ལ་སྐྱོན་དུ་མཐོང་བའི་རེ་བ་བཅས། འདི་ནས་ཚན་རིག་གི་འབྱུང་འགྱུར་ལ་བསམ་གཞིག་ཅུང་ཟད་ཐལ་སོང་བས། ཁྱེད་ཅག་ཚན་རིག་ལ་དགའ་བ་དང་། མོས་པ་ཆེ་ཚོས་བཟོད་པར་མཛོད་ཅིག ་་་་ཟེར།

  3. ཀརྡོ་གཉེར་ཕྱག་པ་ says:
    2012-12-18 at 3:50 am

    ་་་་འདི་དག་ལ་རང་བྱུང་ཁམས་ཀྱི་གནོད་འཚེ་དང་། འཇིག་པ་ཞེས་འབོད་བཞིན་པ་རེད། ང་ཚོས་བསམ་བློ་གཏོང་དགོས་ས་དེ། འཇིག་པའི་ཆོས་ཅན་རེད་ཟེར་ནས་འཕྲོ་བརླག་ཏུ་མི་གཏོང་བར། དེ་ལ་ནུས་པ་གང་ཡོད་ཀྱིས་སྲུང་སྐྱོབ་ཀྱིས་འཁུར་བླངས་ཐུབ་སོང་ན། མི་ཞེས་སྨྲ་ཤེས་ཤིང་དོན་གོ་བའི་རིགས་སུ་སྐྱེས་པའི་གོ་ཆོད་སོང་བ་རེད། ་་་ཟེར།

  4. པདྨ་འཕྲིན་ལས་། says:
    2012-12-20 at 12:21 pm

    ཚན་རིག་གི་སྐྱོན་མཚང་བསྔོགས་མི་འདུག་ར། ཨྱོན་ཉི་མའི་རང་གི་སྐྱོན་མཚང་ཕྱི་ལ་བསྔོགས་འདུག། ཨོ་ཉི་འདིའི་སྒེས་སྟེགས་སྟོན་གོ་གི། ང་ཚོའི་སློབ་གྲྭའི་ནང་དུ་དགེ་རྒན་ལོ་ཆེན་པོ་ཁ་ཤས་ཀྱི་ཚན་རིག་ལ་དེ་ཅམ་དགའ་པོ་བྱེད་གྱིན་མི་འདུག། རྒྱུ་མཚན་ནི་ཁོང་ཚོ་ལོ་ཆེ་བ་དང་དེང་དུས་ཀྱི་འཕྲུལ་ཆས་བེད་སྤྱོད་གཏོང་མ་ཤེས་བའི་རྐྱེན་གྱི་རེད། གལ་ཏེ་ཁོང་ཚོས་དེང་དུས་ཀྱི་འཕྲུལ་ཆས་བེད་སྤྱོད་གཏོང་ཤེས་ན་ཁོང་ཚོ་ཚན་རིག་དགའ་ངེས་རེད།

  5. ཨོ་རྒྱན་ཉི་མ། says:
    2012-12-22 at 1:53 am

    ངོ་མ་རེད། རང གི་མི་ཚེ ཡི ་ཆེད དུ ་གཞན་གྱི་ཡོད་ཚད་བློས་གཏོང་ཐུབ་མཁན་མང་པོ་རེད། དེ་ཕྱིར་ཁྱེད་ཀྱང་དེ་དང་འདྲ་བ་ཞིག་ཡིན་ཚོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (23)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (12)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme