Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚ་བ་མདའ་སྨྱུག་གླེང་བའི་ལེའུ།

Posted on 2011-07-26 By དབང་ཕྱུག་ 8 Comments on ཚ་བ་མདའ་སྨྱུག་གླེང་བའི་ལེའུ།

ཕོ་རོག་དཀར་པོས་བྲིས།

༡༽རྣམ་དཔྱོད་གློག་གི་གར་དུ་རབ་འཁྱུགས་པ།།
ལོག་རྟོགས་སྙིང་སྟོབས་མངའ་བའི་རིགས་ཀྱི་བུ།།
གཞིས་བྱེས་གཉིས་ན་གྲགས་པའི་གྲགས་པ་ཅན།།
ཚ་བ་མདའ་སྨྱུག་དོན་གྱི་སྨྱུ་གུ་ཞིག།

༢༽དཔྱོད་ཤེས་རྒྱང་འབོད་འཇགས་པའི་མཐའ་མཇུག་ཏུ།།
ལོག་རྟོགས་སྙིང་སྟོབས་སྙིང་ཁམས་འཕར་ནས་སླེབས།།
ཧི་མ་ལ་ཡི་ཕ་རོལ་ཚུར་རོལ་ན།།
ལྷིང་འཇགས་མེད་པར་ཅ་ཅོ་སྣ་ཚོགས་སྒྲོག།

༣༽ལ་ལས་བསྟོད་ཅིང་ལ་ལས་སྨད་པ་དང་།།
རེ་འགས་བཏང་སྙོམས་འགའ་རེས་ཧང་སང་བྱེད།།
ཕལ་ཆེར་ངོ་མཚར་མང་པོས་སྨོད་པ་སོགས།།
ཁམས་མོས་དབང་གིས་སྣ་ཚོགས་ཀུ་ཅོ་འདོན།།

༤༽ཡུན་རིང་གོམས་པའི་སེམས་ཀྱི་བགས་ཆགས་ཀྱི།།
དད་ཞེན་འདྲེས་མའི་སྐྲངས་པ་བཙིར་བ་ན།།
ངུ་དང་འཁུན་པའི་ཕེ་སྒྲ་སྣ་ཚོགས་ཤིག།
ཁ་དང་རྐུབ་ནས་འཆོར་པ་སུས་མི་རྟོགས།།

༥༽ཚ་བ་མདའ་སྨྱུག་མདའ་ལྟར་དྲང་བའམ།།
རྣམ་དཔྱོད་གློག་དམར་མཁའ་ལ་འཁྱུགས་ཆེས་པས།།
བསམ་མི་ཕོད་ཅིང་བཤད་མི་ཆོག་པ་ཡི།།
ཡང་དག་མིན་པའི་ལུགས་སྲོལ་མང་པོར་འགལ།།

༦༽ཆོ་ག་ཆ་ལུགས་ཙམ་ལ་དགག་པ་དང་།།
ཆོས་བྱེད་རྫུན་མའི་འཁྲབ་སྟོན་བཀག་པའི་དུས།།
སྣ་ཚོགས་སྨོད་པའི་དྲག་ཆར་ཕབས་སོ་སྐད།།
ཚ་བ་མདའ་སྨྱུག་ཡིབས་ནས་སྡོད་ལོས་དགོས།།

༧༽མཁས་དང་བླུན་པོ་དབྱེ་བ་མེད་པའི་ངང་།།
ཚ་བ་མདའ་སྨྱུག་འདྲི་ཞིང་འཚོལ་མཁན་མང་།།
ངས་ཀྱང་གྲོགས་འགར་དྲིས་པའི་དྲིས་ལན་དག།
གཅིག་ཏུ་མི་མཐུན་མོག་མོག་རྟ་སྤུ་འདྲ།།

༨༽འོན་ཀྱང་གྲོགས་པོ་བཀྲ་ཤིས་ཆོས་འཕེལ་གྱིས།།
བདེན་པར་ངེས་པའི་ལན་ཞིག་འདི་སྐད་བཤད།།
ཁོ་བོ་ཁམས་ཀྱི་རྫོང་སར་བཤད་གྲྭ་རུ།།
ལོ་གསུམ་མཉམ་དུ་བསྡད་པས་ངོ་ཤེས་ཟེར།།

༩༽ཚ་བ་མདའ་སྨྱུག་དུས་སྐབས་དེ་ཤེད་ནས།།
རིག་པ་རྣོ་ཞིང་རིག་གནས་མཁས་པ་དང་།།
རྩོད་ཟླ་དཀའ་ལ་མཁན་མིང་ཐོབ་རྗེས་སུ།།
གང་སར་བཞུད་པས་དེ་ནས་མི་ཤེས་ཟེར།།

༡༠༽འོན་ཀྱང་ཁོ་བོ་རྒྱ་གར་སླེབས་པའི་རྗེས།།
ཚ་བ་མདའ་སྨྱུག་དམ་བཅའ་བསྡད་ཡོད་པའི།།
རྩོད་གྲྭའི་བརྙན་འཁོར་བསྐུར་བ་ད་དུང་ཡོད།།
ཁྱོད་ལ་མཁོ་ན་ཁོ་བོས་སྤྲོད་ཆོག་ཟེར།།

༡༡༽ཚ་བ་མདའ་སྨྱུག་སྐུ་གཟུགས་ཐུང་བ་དང་།།
རིད་ཅིང་ནག་ལ་མདོག་མི་སྡུག་པའི་ཚུལ།།
འཕགས་པའི་ཡུལ་དུ་གོམ་གང་མ་སྤོས་པ།།
ཚིག་ཐག་ཆོད་པོས་ནན་གྱིས་བཤད་སོང་ཐལ།།

༡༢༽ཚ་བ་མདའ་སྨྱུག་འཚོལ་ཞིབ་བྱ་མཁན་དང་།།
རྟོག་གེ་ལ་སྦྱངས་དགེ་བཤེས་མགོ་རེགས་ཚོར།།
ལོ་རྒྱུས་ས་བོན་འདི་ཙམ་བཤད་པ་ཡིས།།
རྣག་སྐྲན་ཐོག་ལ་ཁུ་ཚུར་གཞུས་པ་མིན།།

༡༣༽འུ་ཅག་བོད་འདི་ཤིན་ཏུ་ཡ་མཚན་ཞིག།
སྒྲ་གཅིག་མ་གཏོགས་རྣ་བར་བསྒྲགས་མི་ཆོག།
དོན་གཅིག་མ་གཏོགས་ཡིད་ལ་བསམ་མི་ཆོག།
ཚིག་གཅིག་མ་གཏོགས་ངག་ནས་སྨྲ་མི་ཆོག།

༡༤༽དེ་ཡི་དབང་གིས་འདས་པའི་ལོ་རྒྱུས་ནང་།།
བློན་ཆེན་མགར་དང་ལོ་ཆེན་བེེ་རོ་ཙ།།
བྲན་ཁ་དཔལ་ཡོན་སྡེ་སྲིད་སངས་རྒྱམ་དང་།།
རྩིས་དཔོན་ལུང་ཤར་དགེ་འདུན་ཆོས་འཕེལ་བཞིན།།

༡༥༽གང་གང་ཁ་བའི་ལྗོངས་ལ་བློ་དཀར་ཞིང་།།
སུ་སུ་ཤེས་རབ་ཆེན་པོའི་འོད་འབར་ན།།
དེ་དེར་ཞྭ་མོ་ནག་པོ་གཡོགས་མཁས་ཤིང་།།
འབུར་འཇོམས་ལས་ལ་འཇོན་པ་ཀྱེ་མ་ཧུད།།

༡༦༽དུས་རབས་མི་རབས་གསར་པའི་འཛམ་གླིང་འདིར།།
གུ་ཡངས་དཀྱེལ་ཆེའི་ལྟ་ཚུལ་འཕྱུར་ཟིན་ཞིང་།།
སྨྲ་བ་ཟླ་མེད་ཟས་གཙང་སྲས་པོ་ཡིས།།
ལེགས་པར་བརྟགས་ལ་ང་ཡི་བཀའ་ཞེས་གསུངས།།

༡༧༽འདི་ལྟར་ལྟ་ཚུལ་བསམ་ཚུལ་གསར་པ་རེས།།
ཐུབ་བསྟན་ཚན་རིག་མཉམ་དུ་འབར་བ་ལ།།
མེ་ལ་བུད་ཤིང་བསྣན་པ་ཇི་བཞིན་དུ།།
བརྒྱ་ཕྲག་རིགས་པས་འཛིན་ལ་རམ་འདེགས་བྱེད།།

༡༨༽མཁས་བླུན་གང་གིས་མཉམ་པར་མ་བཞག་པའི།།
དོགས་མེད་གནས་ལ་དོགས་སློང་བྱས་པ་དང་།།
ཡང་དག་ལྟ་སྤྱོད་ལོག་པར་སྒྲུབ་ཚུལ་སོགས།།
རིགས་པས་རིགས་པར་དཔྱད་པ་ཨེ་མ་མཛེས།།

༡༩༽ད་དུང་འདི་ལྟར་དོགས་སློང་སུན་འབྱིན་དང་།།
རྩོད་སྒྲུབ་དགག་སྒྲུབ་ལ་སོགས་རིགས་འཕྲུལ་གྱིས།།
བསྲེགས་བཅད་བརྡར་ནས་རྒྱལ་བསྟན་གསེར་གྱི་འོད།།
ཆེས་ཆེར་གསལ་བར་བྱེད་ལ་བརྩོན་པར་རིགས།།

༢༠༽ཡིན་ཡིན་ཡོད་ཡོད་གཅིག་པུར་ཡིད་ཆེས་པའི།།
འུ་ཅག་གཉིད་ལས་དཀྲོགས་པའི་ཀུ་ཅོ་ཞིག།
ཚ་བ་མདའ་སྨྱུག་ཁ་ནས་གྲགས་པ་ན།།
མིན་མིན་མེད་མེད་ཕྱོགས་ཀྱང་དཔྱོད་དགོས་སོ།། །།
༢༠༡༡ ༧ ༢༦

སྙན་ངག

Post navigation

Previous Post: ༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་སོ་གཅིག་པ་ཝ་ཤིན་ཀྲོན་དུ་གནང་སྐབས་ཀྱི་གསུངས་ཁ་ཤས་ཟིན་བྲིས་སུ་བཏབ་པ།
Next Post: དད་པ་དངོས་གླེང་བ།

Comments (8) on “ཚ་བ་མདའ་སྨྱུག་གླེང་བའི་ལེའུ།”

  1. མིག་བརྒྱད་པ། says:
    2011-07-26 at 7:38 pm

    ལོ་རྒྱུས་དེབ་ཐེར་གང་ཡང་མ་ཡིན་པའི།།
    ཚ་བ་མདའ་སྨྱུག་ཟེར་བའི་གྲགས་སྐམ་ཞིག།།
    ལས་འབྲས་མེད་པར་བཤད་པའི་སྟོང་བཤད་ཅིག།
    ཆོས་ལ་རྒོལ་བའི་དཔའ་གཏམ་སྒྲོག་པ་ཞིག།

    ཡོད་མིན་མེད་མིན་མཐའ་ལ་ལྷུང་བ་ན།།
    གང་ཡང་མ་ཡིན་ཅི་ཡང་མེད་པར་བཟོས།།
    ནང་པའི་ལུགས་མིན་ཚན་རིག་ག་ལ་ཡིན།།
    བོད་ཀྱི་ལུགས་མིན་ཕྱི་རོལ་པ་ཡང་མིན།།

    ཚ་བ་མདའ་སྨྱུག་མདའ་ལྟར་དྲང་ཟེར་ན།།
    རང་གི་འདི་ནི་ཡོད་ཚད་བདེན་སྙམ་པའི།།
    ལུགས་དང་མི་མཐུན་རྣམ་ཉ་ཉོག་ག་ལ་ཡོད།།
    བསམ་གྱིས་བསམ་གྱིས་རྒུད་པའི་མཐའ་ལ་ལྷུང་།།

    ཆོ་ག་ཆོས་ལུགས་གང་ཡང་མ་ཡིན་པས།།
    རྩོམ་འཆལ་སྤེལ་བ་ཀློག་གིན་ཀློག་གིན་ནི།།
    ཡ་རབས་གོམས་གཤིས་རྨང་ནས་འཇིག་པ་དང་།།
    བདེན་པ་སྨྲ་བའི་ཟོལ་གྱིས་ཡོད་ཚད་བསླུས།།

  2. ར་མདའ་ནས། says:
    2011-07-27 at 12:09 am

    ཕོ་རོག་དཀར་བོ་དང་མིག་བརྒྱད་པ་རྣམ་གཉིས་ལགས། ཚ་བ་མདའ་སྨྱུག་པ་གླེང་ཆོག་ཆོག་རེད། འུ་ཚང་ལ་གྲ྄་ས་ཆེན་པོ་དང་དགེ་བཤེས་མཁྱེན་དཔྱོད་གཉིས་འཛོམས་ཉུང་ཉུང་མ་རེད། འོན་ཀྱང་དོགས་གཞི་འམ་བརྗོད་བྱ་གང་ཡིན་རུང་ཁ་གསལ་ཙམ་དང་ཀློག་བདེ་རུ་བཏང་ན། ལེའུ་འདི་གསོ་སྐྱོངས་ལ་ཅུང་ཕན་མདོག་ཁ་བོ་རེད། ལྷག་པར་དུ་གཞན་གྱི་མི་གཤིས་ནས་སྐྱེ་གཟུགས་ལ་དེ་ཙམ་དོ་སྣང་བྱེད་དགོས་བ་མི་འདུག གཞན་ཡང་ལས་འབྲས་མེད་པར་དཔྱད་པ་སྟོང་བཤད་ཡིན་ན་མི་སྐྱོན་མོད། ཆོས་ལ་རྒོལ་བ་རེད་བསམ་པའི་བློ་འདི་ཅུང་གཡོན་ཕྱོགས་ལ་ལྷུང་ཉེན་འདུག ཡིན་ཡིན་གང་ཞིག མིན་མིན་སུ་ཡིས་མཐའ་སྐྱེལ་བར་དུ་དྲང་ཚུགས་འཛིན་འོས་བ་ནི་རང་ཉིད་ཀྱི་ཁོག་རྒྱ་མི་བསམ་རུང་། རིག་གཞུང་འདིའི་རྒྱ་ཁྱོན་ལ་བསམ་གཞིགས་བྱེད་རོགས།

  3. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-07-28 at 6:24 pm

    ངས་སྔོན་ཆད་ར་མདའ་ཞེས་པའི་སྙུག་མིང་གི་འོག་ནས་རྩོམ་ཡིག་རེ་ཟུང་སྤེལ་མྱོང་། ཡིན་ཡང་དེ་རིང་འདིར་ར་མདའ་གཞན་ཞིག་ཀྱང་བསླེབས་འདུག ར་མདའ་ཞེས་པའི་སྙུག་མིང་ངེད་གཉིས་སུས་སྔོན་ལ་བཏག་མིན་ངས་ཀྱང་གསལ་པོ་ཞིག་ཤེས་མ་སོང་། དེར་བརྟེན་སྙུག་མིང་འདི་ངས་འདོར་རྒྱུ་ཡིན། གཞུག་ཕྱོགས་ནས་ར་མདའ་ཞེས་པའི་སྙུག་མིང་འདིའི་འོག་ནས་རྩོམ་ཡིག་ག་རེ་བྲིས་ཀྱང་བདག་དང་འབྲེལ་བ་གང་ཡང་མེད།

  4. གངས་སྨྱུག says:
    2011-07-29 at 1:03 pm

    ན་ཆུང་རྟོག་སད་པ་ཚ་བ་མདའ་སྨྱུག་མཆོག དེང་སྐབས་ཞིང་གང་དུ་བཞུགས་ཡོད་ནམ།
    འགའ་ཞིག་གིས་རྒྱ་མིས་གསད་ཚར་རེད་ཅེས་ལབ་སྲོལ་འདུག དེ་ནི་གསོད་དགོས་ཡག་གི་རྒྱུ་མཚན་གང་ཡང་མི་འདུག
    ཡང་ཁ་ཤས་ཀྱིས་རྙིང་ཞེན་ཅན་ནམ་ཀླད་པ་ལྗང་ཁུ་ཅན་དེ་ཚོས་གསད་པ་རེད་ཡང་ཟེར་སྲོལ་འདུག དེ་ནི་རྒྱུ་མཚན་ཆེན་པོ་འདུག
    ཡང་ཁག་ཅིག་གིས་ཆོས་ལུགས་ཀྱི་ལྟ་བ་ཤ་ཐིམ་རུས་ཐིམ་དུ་གྱུར་པ་ཆོས་མིན་གྱིས་ལས་ངན་གསོག་མཁན་དེ་སོས་ལྐོག་གསད་བཏང་པ་རེད་ཡང་བཤད་སྲོལ་འདུག དེ་ནི་རྒྱུ་མཚན་ནང་གི་རྒྱུ་མཚན་ཞིག་འདུག
    གང་ལྟར་ཚ་བ་མདའ་སྨྱུག་ཤི་གསོན་གང་དུ་ཡོད་ནམ།

  5. ར་མདའ་ནས། says:
    2011-07-29 at 2:15 pm

    གངས་སྨྱུག་ལགས། ཚ་བ་མདའ་སྨྱུག་ཤི་སོང་རུང་ཁྱེད་ཀྱིས་འཇུ་ཐབས་དཀའ་བའི་རིན་དོན་ཅན་ཞིག་ལྷག་ཡོད་བ་མིན་འགྲོ། སྐུ་ཉིད་ཀྱི་སེམས་ཁྲེལ་བྱེད་སྟངས་ལ་བལྟས་ན། གལ་སྲིད་མདའ་སྨྱུག་པ་དངོས་ནས་ཁྱོད་ཀྱི་མཐོང་ས་ནས་ཡལ་སོང་རུང་། ཁྱོད་དང་ཁྱོད་ལྟ་བའི་རིགས་ཀྱི་ཆེད་དུ་བཞག་བའི་དངོས་བོ་དེ་ཟ་རྒྱུ་ཞིག་མ་རེད་ལོ། ཁྱོད་གསོན་པའི་རིང་ལ་མདའ་སྨྱུག་པ་ཤི་ས་མི་འགྲོ་ནའང་ཐང་།

  6. བསྟན་འཛིན། says:
    2012-06-23 at 1:04 pm

    ཚ་བ་མདའ་སྨྱུག་ད་ལྟ་ཡོད་དམ།

  7. བསྟན་འཛིན། says:
    2012-06-23 at 1:07 pm

    ཚ་བ་མདའ་སྨཱུག་ད་ལྟ་གང་དུ་ཡོད་དམ།

  8. འབྲུག་པ་སྤ་ཚེ། says:
    2023-11-19 at 8:21 pm

    མདའ་སྨྱུག་ཞེས་པ་མིང་གྲགས་ཆེ་བར་གོ་ནས་ངེས་ཁོ་རང་གི་མཛད་པའི་ལོག་རྟོགས་སྙིང་སྟོབས་ཚོལ་ནས་ལྷག་ཡོད། ངེས་བལྟས་ན་ཁོ་རང་བསྟན་པའི་སྙིང་པོ་ལ་སླེབ་མེད་ན་འདྲ། ལོག་རྟོགས་ཀྱི་ཐོག་མར་ཉིན་ནས་ཁོ་རང་གི་མིག་མཐོང་དང་ཡིད་ཆེད་ལ་མཚན་མར་བཟུང་འདུག་སྟེ། དོན་ལ་འཛམ་གླིང་རིལ་པོ་ཡིན་པ་སོགས་ནི་ནུབ་ཕྱོགས་པའི་རྫུན་ཆེན་པོ་ཡུལ་གྲུ་ཀུན་ལ་གྲགས་པ་ཞིག་རེ། རྫུན་ཡིན་མིན་ཙམ་ལའང་མ་དཔྱད་པ་ཡུན་པར་ཐག་བཅོད་འདུག། དེང་རབས་ཡུལ་གྲུ་མི་ཀིན་ལ་རླུང་ལྟར་གྲགས་པས་རྫུན་མིན་པ་མི་འགྱུར། ཡུལ་གྲུ་རྒྱལ་ཁམས་པའི་སྲིད་བྱུས་ཤེས་དགོས་པའང་མེད་ཐབས་མེད། འཛམ་གླིང་རིལ་རིལ་ཡིན་པ་ནི་ནུབ་ཕྱོགས་པའི་སྲིད་བྱུས་ལས་རྫུན་ལགས་ཤིང་། ནང་པར་ལྟར་འདོད་མཁན་ཡང་མང་། བྱང་ཕྱོགས་ཁ་བའི་ལྕ་རིགས་རྒྱབ་དུ་གླིང་གཞན་ཡོད་པ་དང་། གླིང་འདིར་ཉི་ཟླ་བདུན་ཡོད་པ་སོགས་ཐད་བསམ་བློ་ཙམ་ཡང་བཏོང་མིན་འདུག  རྒྱས་པར་དགོས་ན་ངེས་ལོག་རྟོགས་ཀུན་གྱི་ལན་འདེབས་པས་ཆོག་  ཡིན་ནའང་རང་ལ་བོད་སྐད་སོགས་ཧ་གོ་ཡང་ཐེ་ཙམ་བརྗོད་མི་ཐུབ་པས་ལེན། 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme