Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཙོང་ཁ་ཚིག་གཉིས་མ།

Posted on 2011-12-21 By ཡེ་ཤེས་ 35 Comments on ཙོང་ཁ་ཚིག་གཉིས་མ།


ཀླུ་སྨྱོན།
—མང་མང་དང་ལྷན་དུ་ཙོང་ཁ་པ་གླེང་བ།
ཙོང་ཁ་ནས་ལམ་ལ་ཆས་པའི་གྲྭ་རྐྱང་འཁྱམ་པོ།
དབུས་གཙང་ནས་སྐད་གྲགས་བཞག་པའི་མཁས་པའི་དབང་པོ།

སྙན་ངག

Post navigation

Previous Post: ནུ་མོ་པད་མ་ཆོས་སྒྲོན་གྱི་བསྒྱུར་རྩོམ་ལེགས་གྲུབ་བྱུང་འདུག
Next Post: ལེགས་ལམ་དུ་བཀྲི་བའི་ལམ་རིམ།

Comments (35) on “ཙོང་ཁ་ཚིག་གཉིས་མ།”

  1. གཅན་བཟོད་རྒྱམ། says:
    2011-12-21 at 2:18 am

    དྷ་སའི་ལྔ་མཆོད་གཙུག་ལག་ཁང་དུ་བྱེད་ཀི།
    བོད་མིད་པར་ཆས་ཁ་ནས་ཡང་ལ་སྦར་གི།
    ཕྱི་གླིང་དད་པ་ཡོད་མདོག་ལད་མོ་བྱེད་ཀི།
    དད་པ་ཡང་དག་ལོ་རེ་བསྡད་ཀིན་ཇེ་ཉུང་།།

  2. དགྲ་ལྷ་ནས། says:
    2011-12-21 at 2:51 am

    ༸བླ་མ་ཙོང་ཁ་པ་ལ་ཕྱག་འཚལ་ལོ། རྒྱ་གར་ཤར་ཕྱོགས་ཀ་བློན་སྦུག་དང་རྡོར་གླིང་སོགས་སུ་ཆོས་ལུགས་ཀྱི་ཞེན་ཁོག་ཅན་བླ་རྫུན་དང་གྲྭ་རྫུན་འགའ་ཤས་ནས་མི་མང་ལ་རྗེ་རིན་པོ་ཆེའི་ཁང་པའི་ནང་དུ་སྐུ་ནང་དུ་བཞག་ན་ནད་གདན་སྣ་ཚོགས་ཀྱི་གནོད་པ་ཡོང་གི་ཡོད་པས་ཕྱི་རུ་སྐྱེལ་དགོས་ཤེ་ལབ་ཏེ་མི་མང་མི་ཉུང་བ་ཞིག་གིས་སྔར་རྒན་རབས་ཚོས་བཞེངས་པའི་ནང་གི་མཆོད་པའི་རྟེན་རྗེ་སྐུ་ཤིང་ནགས་ནང་བསྐྱེལ་བ་དང་ས་ལུགྷ་དྷགྷགྷ་ར་དགོན་པར་བསྐྱེལ་བ་མི་གཞན་ལ་སྤྲོད་པ་སོགས་ཀྱི་གནས་ཚུལ་བྱུང་འདུག

  3. དགྲ་ལྷ་ནས། says:
    2011-12-21 at 2:55 am

    དགོངས་དག་་་་་་་་་་རྗེ་རིན་པོ་ཆེའི་སྐུ་ཁང་པའི་ནང་དུ་བཞག་ན་ཞེས་བཅོས་རོགས

  4. ཀ་དག་ཆོས་དབྱིངས། says:
    2011-12-21 at 3:05 am

    དགེ་ལུགས་བསྟན་པ་རྒྱལ་གྱུར་ཅིག

  5. གཅན་བཟོད་རྒྱམ། says:
    2011-12-21 at 3:22 am

    ཨ་རོགས་ དགྲ་ལྷ། སྐུ་འགའ་རེ་ཉར་ནས་སྡོད་དང་། ང་དུས་དབང་དང་སྟབས་བསྟུན་ནས་རྗེ་སྐུ་འགའ་ལེན་དུ་ཡོང་ཡ། ངོ་མ་ཕངས་པ་ལ། མི་དེ་ཚོས་ཉེས་པའང་གསོག་ཤེས་ཀྱི་མེད་པ་འདྲ།

  6. མིག་བརྒྱད་པ། says:
    2011-12-21 at 3:51 am

    ཉེ་བའི་ལོ་འགའི་སྔོན་རྡོར་གདན་དུས་དབང་སྐབས་སུ་འབྲུག་ཡུལ་ནས་དགའ་རབ་སྤྲུལ་སྐུ་ཟེར་བ་ཞིག་གིས་མིང་མེད་ཐོག་ཡིག་འཁྱར་ཞིག་གང་སར་བཀྲམ་ནས་ཙོང་ཁ་བ་ལ་ཚོད་མེད་ཀྱིས་དགག་པ་ལ་བརྒྱབ་འདུག་ཅེས་འབྲུག་པའི་དགེ་འདུན་པ་ཞིག་གིས་བརྗོད་བྱུང་ལ། ཡིག་འཁྱར་དེ་ངའི་ལག་ཏུ་འབྱོར་བྱུང་། གཅིག་བྱས་ན་འཆར་ལ་ཉེ་བའི་བའི་དུས་དབང་སྐབས་སུའང་བསླེབ་སྲིད་པས་གནས་ཚུལ་དེ་རིགས་ལ་ཚང་མས་དོ་སྣང་བྱ་འོས་བར་མཐོང་།

  7. སྤོབས་པ་མཐའ་ཡས། says:
    2011-12-21 at 4:02 am

    ཙོང་ཁ་པས་བོད་མི་རིགས་ལ་ལེགས་སྐྱེས་གང་ཞིག་ཕུལ་ཡོད། བོད་མི་མང་ལ་ཞབས་འདེགས་ག་རེ་ཞུས་ཡོད། ཙོང་ཁ་པ་མ་བྱོན་ན་བོད་མི་རིགས་ལ་གྱོང་རྒུད་ག་རེ་ཐེབས་ཡོད། དེ་ཚོ་གླེང་རོགས།

  8. དྲི་མེད་ཟླ་བ། says:
    2011-12-21 at 5:18 am

    གཙོང་ག་པས་དགེ་ལུག་གི་བསྟེན་པ་དར་སྤེལ་གཏོང་ཡོད།

  9. ཚངས་དབྱངས། says:
    2011-12-21 at 5:46 am

    ཙོང་ཁ་བློ་བཟང་གྲགས་པ།
    ཁ་བའི་ལྗོངས་ཀྱི་མཛེས་རྒྱན།
    ཟབ་མོ་ལམ་རིམ་སྤེལ་ནས།
    བོད་འབངས་ཆོས་ལ་འདྲེན་སོང་།

    ཆོས་རྒྱུད་རིས་མེད་བླ་མ།
    ཚུལ་བཞིན་བསྟེན་པ་མཛད་དེ།
    བུ་སློབ་གངས་ལྗོངས་ཡོངས་ལ།
    ནམ་མཁའི་སྐར་བཞིན་ཁྱབས་སོང་།

    ཁོང་གི་སློབ་མ་གྲགས་ཅན།
    རྒྱལ་བ་པན་ཆེན་ཕེབས་ནས།
    བསྟན་པའི་རྒྱན་མཚན་ཆེན་མོ།
    ཕྱོགས་བཞིར་ཁྱབ་པ་མཛད་སོང་།

    སློབ་མས་བླ་མར་གུས་པ།
    བླ་མས་སློབ་མ་བྱམས་པ།
    དགེ་ལྡན་བཤད་གྲུབ་ཆོས་ར།
    ཨེ་མ་ངོ་མཚར་ཆེ་བྱུང་།

    བསྟན་པ་འགལ་མེད་རྟོགས་ཤིང་།
    གསུང་རབ་གདམས་པར་འཆར་བ།
    ཉེས་སྤྱོད་ཀུན་ལས་སྐྱོབ་པ།
    དགེ་ལྡན་བསྟན་པའི་ཁྱད་ཆོས།

    གསང་སྔགས་ནོར་དང་མི་བརྗེ།
    སྡོམ་པ་གཟན་འོག་མི་རུལ།
    ཆོས་ཀུན་རང་རྒྱུད་འདུལ་བ།
    དགེ་ལྡན་བསྟན་པའི་གཅེས་ནོར།

    གཞན་སྡུག་རང་གིས་ལེན་པ།
    རང་བདེ་གཞན་ལ་སྦྱིན་ནས།
    རྟོགས་པ་ཀུན་དུ་སྦས་པ།
    དགེ་ལྡན་བསྟན་པའི་སྙིང་ཆོས།

    གངས་ཅན་ཀུན་གྱི་གཅེས་ནོར།
    འཛམ་གླིང་སྐྱེ་བོའི་མིག་དཔེ།
    རྒྱལ་བ་ཡིད་བཞིན་ནོར་བུ།
    དགེ་ལྡན་བསྟན་པའི་ལག་རྗེས།

    བོད་པ་ཀུན་གྱི་སྡུག་བསྔལ།
    རང་ལུས་གཅིག་པུས་འཁུར་ནས།
    རང་སྲོག་སྒྲོན་མེར་འབུལ་བ།
    དགེ་ལྡན་བསྟན་པའི་བུ་ཕྲུག

    མཆོག་གསུམ་འབྱིན་རླབས་གཅིག་བྱས།
    བླ་སློབ་དམ་ཚིག་གཉིས་བྱས།
    ཀུན་གྱི་སྨོན་ལམ་གསུམ་བྱས།
    དགེ་ལྡན་བསྟན་པ་འབར་ཤོག

    ཆོས་རྒྱུད་ཀུན་ལ་གུས་པ།
    གྲུབ་མཐའི་ཕྱོགས་རེས་མེད་པ།
    རྟག་ཏུ་ལས་འབྲས་སྲུང་བ།
    དགེ་ལྡན་བསྟན་པ་འབར་ཤོག

    མེས་པོ་ས་སྐྱའི་དྲིན་ལས།
    ལྟ་བ་ཡང་དག་བརྒྱུད་པ།
    མཐའ་བྲལ་དབུ་མ་སྐྱོང་བའི།
    དགེ་ལྡན་བསྟན་པ་འབར་ཤོག

    ཡོངས་འཛིན་བཀའ་བརྒྱུད་བསྟེན་ནས།
    ཕྱག་ཆེན་མན་ངག་ཟབ་མོ།
    གསལ་སྟོང་གཉིས་མེད་གྲུབ་པའི།
    དགེ་ལྡན་བསྟན་པ་འབར་ཤོག

    རྡོ་རྗེ་སློབ་དཔོན་སྙིང་མའི།
    དམ་ཚིག་སྡོམ་པ་སྲུང་ནས།
    དངོས་གྲུབ་ཀུན་ལ་འཇུག་པ།
    དགེ་ལྡན་བསྟན་པ་འབར་ཤོག

    ཅེས་པ་དགེ་ལྡན་པའི་ཆོས་འདི་ལ་སྦྱང་པ་མེད་པ། ཐོས་རྒྱ་ཆུང་བ། གྲུབ་པ་ཞན་པའི་ར་ཟི་བ་ཞིག་གིས་ལམ་རིམ་མཇལ་རྗེས། ཆོས་རྒྱུད་ཀུན་ལ་ལྷག་པར་དད་པ་ཆེར་བསླེབས་པའི་སྐབས་སྨྱོ་གཏམ་འདི་སྐྱུག་གོ
    ཕ་བླ་མ་ཙོང་ཁ་པས་མཁྱེན།

  10. སྤོབས་པ་མཐའ་ཡས། says:
    2011-12-21 at 6:01 am

    ཙོང་ཁ་པས་དགེ་ལུགས་པའི་ཆོས་རྒྱུད་བཙུགས་པ་བདེན་པ་རེད།
    དགེ་ལུགས་པ་དར་ནས་བོད་ལ་ཕན་ཐོགས་ག་རེ་བྱུང་ཡོད།
    མ་བྱུང་ན་གྱོང་ག་རེ་རག་ཡོད།
    ངའི་དྲི་བ་ངོ་མ་དེ་ཡིན།

  11. ཀརྡོ་གཉེར་ཕྱག་པ་ says:
    2011-12-21 at 6:27 am

    ༩༽ ཚངས་དབྱངས་ཀྱིས་གསུངས་དེ་དེ་བཞིན་ནོ། ལེགས་སོ། རིགས་ཀྱི་བུ། དགའ་ལྡན་སྡ་མཆོད་དུས་དྲན་འདི། འདི་འདྲས་བཡས་ནས་བསུ་དགོས་འདུག འདི་ལས་ལྷག་པ་ཅིག་མེད་ཆེས་སྨྲ་སྤོབས་སོ། སྤོབས་མཟའ་ལགས།

  12. ཀརྡོ་གཉེར་ཕྱག་པ་ says:
    2011-12-21 at 6:28 am

    སྤོབས་མཟའ་འདི་མཐའ་ལ་བཅོས་ནས་ཀློག་རོགས།

  13. མངའ་རིས་ཕྲིན་ལས། says:
    2011-12-21 at 6:30 am

    སྤྱིར་ཆོས་རྒྱུད་སོ་སོའི་ཤིང་ལྟའི་སྲོལ་འབྱེད་རྣམས་ཀྱི་དུས་དྲན་ཁྱད་པར་ཅན་དག་ལ་རྗེས་འཇུག་སོ་སོའི་བློ་གྲོས་ལ་དཔག་པའི་བསྟོད་ཚིག་དང་། གསོལ་འདེབས་གང་འདྲ་ཞིག་བྲིས་ཀྱང་རང་མོས་ཡིན་ལ་དགའ་ལྡན་ལྔ་མཆོད་ཀྱི་དུས་བཟང་འདི་ལའང་མཁས་བླུན་མང་པོས་གསུང་རྩོམ་དམ་དུམ་རེ་དྲ་རྒྱ་ཁག་གི་ནང་སྤེལ་བ་ལ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ལས་མ་འདས། འོན་ཀྱང་བདག་ལྟ་བུ་ལ་མཚོན་ན་ཆོས་ལུགས་རིས་མེད་ལ་དད་པ་དང་མོས་པ་བྱེད་གང་ཐུབ་བྱེད་མཁན་ཞིག་ཡིན་པར་སོང་། དགའ་ལྡན་ལྔ་མཆོད་ཀྱི་དོན་ཇི་བཞིན་མི་ཤེས་སྟབས་དྲ་རྒྱ་ཁག་ལ་མཁྱེན་ལྡན་དྲ་གྲོགས་རྣམས་ནས་གསལ་བཤད་འདྲ་ཡོད་ན་བསམ་ནས་ག་ཚོད་ལྟས་ཀྱང་། ལྔ་མཆོད་ཀྱི་འགྲེལ་བཤད་གཅིག་ཀྱང་མེད་པར་མི་དགོས་ཕྱོགས་རིས་དང་ཕྱོགས་ལྷུང་ཅན་འགས། དགེ་ལུགས་བསྟན་པ་རྒྱལ་གྱུར་ཅིག་ཟེར་བ་སོགས་དུས་རྒྱུན་རྒྱ་དམར་ལ་འབོད་ཚིག་སྒྲོག་པ་ཇི་བཞིན་བྲིས་པ་ནི་ཐབ་སྐྱོ་བོ་ཞིག་མ་རེད་དམ། ཕམ་རྒྱལ་ཟེར་དུས་དེང་སང་དགེ་ལུགས་སུས་མཉམ་དུ་འདྲན་བཞིན་ཡོད་དམ། ཞེན་ཁོག་མི་ཤེས་ཞེན་ཁོག དེ་བས་ཀ་དག་ཆོས་དབྱིངས་ཁྱེད་ཅག་དང་པོ་རྗེ་བདག་ཉིད་ཆེན་པོས་ལམ་རིམ་སོགས་ལ་མཇལ་དགོས་པ་ལས་ཞན་ཁོག་ཁོ་ནས་གང་ཡང་མི་ཕན་ནོ། །

  14. ཀརྡོ་གཉེར་ཕྱག་པ་ says:
    2011-12-21 at 6:30 am

    སྤོབས་མཐའ་ལགས་ཁྱེད་ད་དུང་ག་རེས་མི་འཚིམ་ལགས། རྒྱལ་དབང་པཎ་ཆེན་ལྷག་ཁྱོད་ལ་ག་རེ་དགོས་འདུག
    བློ་བཟང་རྒྱལ་བའི་བསྟན་པ་རྒྱལ་གྱུར་ཅིག །

  15. ཀརྡོ་གཉེར་ཕྱག་པ་ says:
    2011-12-21 at 6:42 am

    དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
    དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
    གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
    བློ་བཟང་གྲགས་པའི་༸ཞབས་ལ་གསོལ་བ་འདེབས། །

  16. ཚེ་བསམ་ says:
    2011-12-21 at 7:22 am

    ཚངས་དབྱངས་ལགས་ཀྱིས་གསུངས་དེ་དེ་བཞིན་ནོ།

  17. མིག་བརྒྱད་པ། says:
    2011-12-21 at 7:29 am

    སྤོབས་པ་མཐའ་ཡས་ལགས།
    སྟོན་པ་གཤེན་རབ་དང་སྟོན་པ་ཤཱཀྱ་ཐུབ་པ་སོགས་འཛམ་བུའི་གླིང་དུ་བྱུང་ནས་ཕན་ཐོགས་ག་རེ་བྱུང་ཡོད་པ་རེད། མ་བྱུང་ན་གྱོང་ག་རེ་རག་ཡོད།
    ངའི་དྲི་བ་ངོ་མ་དེ་ཡིན།

  18. མིག་བརྒྱད་པ། says:
    2011-12-21 at 7:40 am

    སྤོབས་མཐས་དྲི་བ་སྟོན་པ་ལ་དྲིས་ན་མ་གཏོགས་ལན་རྒྱག་རྒྱུ་རྙེད་ཁག་པོ་རེད།
    འཇིག་རྟེན་མཐའ་དང་ལྡན་ནམ་ཞེས།།ཞུས་ན་རྒྱལ་བ་མི་གསུང་བཞུགས།།ཞེས་པ་ལྟར་རྣམ་རྟོག་ལ་མཐའ་མེད་པས། སྐྱེ་བོ་འགའ་ཞིག་གི་ངོར་ཕན་ཐོགས་ཡོད་ཀྱང་སྐྱེ་བོ་འགའ་ཞིག་གི་ཕན་ཐོགས་མེད་པར་མཐོང་གི་རེད། འདིའི་རིགས་རང་གི་ལྟ་བས་ཐག་ཆོད་བྱེད་ཀྱི་རེད། ཡུལ་དང་དུས་དང་གང་ཟག་གི་བསམ་ཚོད་ལ་ལྟོས་ནས་ཕན་ཐོགས་ཡོད་མེད་ལབ་ན་འགྲིག་གི་རེད། བོད་ལ་ཕན་ཐོགས་ཡོད་མེད་དྲིས་བ་ཡང་དེ་དང་འདྲ་བར་དད་པ་ཡོད་མཁན་ཞིག་གིས་ཕན་ཐོགས་ཡོད་ཟེར་ལ་དད་པ་མེད་མཁན་ཕན་ཐོགས་མེད་ཟེར་གི་རེད།

  19. མིག་བརྒྱད་པ། says:
    2011-12-21 at 7:49 am

    བོད་པ་འགའ་ཞིག་གིས་གུང་ཁྲན་བོད་ལ་ཕན་ཐོགས་འདུག་ཟེར་གི་རེད། ལ་ལས་ཕན་ཐོགས་པ་ལྟ་ཅི་བོད་ཀྱི་སྣོད་བཅུད་ཁོར་ཡུག་རང་དབང་དང་བཅས་པ་གཏོར་བརླག་བཏང་སོང་ཟེར་གི་རེད། ཕན་ཐོགས་ཡོད་མེད་དྲིས་ན་མི་རེ་རེར་བསམ་ཚུལ་མ་འདྲ་བ་རེ་ཡོང་གི་རེད། མི་ཚང་མ་བསམ་པའི་ཁྱེར་ཕྱོགས་དང་དད་ཕྱོགས་རྦད་དེ་ཐ་དད་རེད། ང་དགའ་ན་ཁྱོད་དགའ་བའི་ངེས་བ་མེད་ལ། ཁྱོད་དགའ་ན་ང་དགའ་བའི་ངེས་བ་མེད་པས་ཁམས་དང་མོས་བ་ཐ་དད་ཟེར་གི་རེད།

  20. མིག་བརྒྱད་པ། says:
    2011-12-21 at 7:56 am

    ལོ་ངོ་དྲུག་བརྒྱ་ལྷག་གི་རིང་རྗེ་ཙོང་ཁ་བའི་གཞུང་ལུགས་ལ་ཐོས་བསམ་སྒོམ་སྒྲུབ་བྱེད་མཁན་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་འདི་ལ་བསམ་ན། ཏན་ཏན་ཕན་ཐོགས་ཡོད་པ་ལབ་ཐུབ་གི །ཕན་ཐོགས་མེད་ན་དེ་ལྟར་བྱེད་དགོས་དོན་མེད་ག

  21. བྲག་ཞོལ་སྤེན་པ། says:
    2011-12-21 at 8:21 am

    སྤོབས་མཐའ་ལགས།ཁྱེད་ལ་དགོས་པའི་ལན་དེ་ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་དེབ་དང་པོར་རྗེ་ཙོང་ཁ་པའི་རིག་གཞུང་གསར་བརྗེ་དང་བོད་ཅེས་པར་གཟིགས་དང་དེ་ན་ཏག་ཏག་འདུག་ལགས།

  22. མིག་བརྒྱད་པ། says:
    2011-12-21 at 8:30 am

    སྟོན་པ་ཤཱཀྱ་ཐུབ་པའི་གསུང་རབ་ལ།།
    རྒྱལ་བ་བློ་བཟང་གྲགས་པ་བཀའ་དྲིན་ཆེ།།
    གངས་ཅན་བོད་ཀྱི་བསྟན་པ་དག་ཐེར་ལ།།
    རྒྱལ་བ་བློ་བཟང་གྲགས་པ་བཀའ་དྲིན་ཆེ།།
    མདོ་དང་སྔགས་ཀྱི་ཁྱད་པར་འཇོག་ཚུལ་ལ།།
    རྒྱལ་བ་བློ་བཟང་གྲགས་པ་བཀའ་དྲིན་ཆེ།།
    ཀླུ་སྒྲུབ་ལུགས་ཀྱི་ལྟ་བ་མཐར་ཐུག་ལ།།
    རྒྱལ་བ་བློ་བཟང་གྲགས་པ་བཀའ་དྲིན་ཆེ།།
    སྟོང་བ་རྟེན་འབྱུང་དོན་དུ་ཤར་བ་ལ།།
    རྒྱལ་བ་བློ་བཟང་གྲགས་པ་བཀའ་དྲིན་ཆེ།།
    འཚེ་བ་མེད་པའི་ལྟ་སྤྱོད་བཟང་པོ་ལ།།
    རྒྱལ་བ་བློ་བཟང་གྲགས་པ་བཀའ་དྲིན་ཆེ།།
    སྡེ་བདུན་མདོ་དང་བཅས་པའི་ཚད་མ་ལ།།
    རྒྱལ་བ་བློ་བཟང་གྲགས་པ་བཀའ་དྲིན་ཆེ།།
    སྡེ་སྣོད་གསུམ་དང་ཁྱད་པར་སྔགས་ཕྱོགས་ལ།།
    རྒྱལ་བ་བློ་བཟང་གྲགས་པ་བཀའ་དྲིན་ཆེ།།
    མདོ་སྔགས་ཕན་ཚུན་ཅ་འབྱིད་བྱེད་པ་ལ།།
    རྒྱལ་བ་བློ་བཟང་གྲགས་པ་བཀའ་དྲིན་ཆེ།།
    ཐོས་བསམ་སྒོམ་གསུམ་ཡ་བྲལ་མ་སོང་བར།།
    རྒྱལ་བ་བློ་བཟང་གྲགས་པ་བཀའ་དྲིན་ཆེ།།
    བཙུན་པས་མཁས་པ་མ་བཅོམ་འདུལ་བ་ལ།།
    རྒྱལ་བ་བློ་བཟང་གྲགས་པ་བཀའ་དྲིན་ཆེ།།
    སོ་ཐར་བྱང་སེམས་སྔགས་ཀྱི་སྡོམ་པ་ལ།།
    རྒྱལ་བ་བློ་བཟང་གྲགས་པ་བཀའ་དྲིན་ཆེ།།
    ཉེས་ལྟུང་ཕྲ་མོ་ཙམ་ཡང་མ་གོས་བ།།
    རྒྱལ་བ་བློ་བཟང་གྲགས་པ་བཀའ་དྲིན་ཆེ།།
    མཁས་བཙུན་བཟང་གསུམ་འཛོམས་པའི་བཤེས་གཉེན་ལ།།
    རྒྱལ་བ་བློ་བཟང་གྲགས་པ་བཀའ་དྲིན་ཆེ།།

  23. རིན་ཆེན་དར་རྒྱས། says:
    2011-12-21 at 9:07 am

    རྗེ་བཙུན་བཀྲ་ཤིས་རྒྱ་མཚོས། གཟི་བརྗིད་འོད་དཔག་མེད་མགོན་ཨོ་རྒྱན་རྗེ། །ཨ་ཏི་ཤ་དང་འཇམ་དཔལ་བློ་བཟང་གྲགས། །ཡེ་ཤེས་གཅིག་ལ་རྣམ་འགྱུར་ཆུ་ཟླའི་གར། །ངེས་པ་སྙིང་ནས་རྙེད་པས་ལན་བརྒྱར་འདུད། །ཅེས་སོ།

  24. བོད་ཡིག་སྐྱབས། says:
    2011-12-21 at 10:22 am

    མི་ཡུལ་དུ་འཚང་རྒྱའི་ལམ་རིམ་ཡང་དག་མཛད་མཁན་གྱི་ས་མཁན།
    དགའ་ལྡན་དུ་ཆོས་ཀྱི་འཁོར་ལོ་མཚམས་མེད་སྐོར་མཁན་གྱི་སྟོན་པ།

    ཀླུ་སྨྱོན་གྱི་ཚིག་རྐང་གཉིས་ལ་ཁ་སྣོན་དུ

  25. ཚེ་བསམ་ says:
    2011-12-21 at 10:40 am

    རྩ་གསུམ་ཀུན་འདུས་སློབ་་དཔོན་པདྨ་འབྱུང་།
    མཁན་ཆེན་ཞི་མཚོ་ཆོས་རྒྱལ་ཁྲི་སྲོང་ཞབས།
    གནུབས་ཆེན་སངས་རྒྱས་ཉང་སྟོན་ཉི་མའི་འོད་།
    བཀའ་གཏེར་ཤིང་རྟ་ལྔ་ལ་གསོལ་བ་འདེབས་།

    རྡོ་རྗེ་འཆང་དངོས་བླ་ཆེན་སྙིང་པོའི་ཞབས་།
    བསོད་ནམས་རྩེ་མོ་གྲགས་པ་རྒྱལམཚན་དང་།
    ས་སྐྱ་པན་ཆེན་འཕགས་པ་རིན་པོ་ཆེ།
    རྗེ་བཙུན་གོང་མ་ལྔ་ལ་གསོལ་བ་འདེབས།
    དགྱེས་མཛད་རྡོ་རྗེ་མར་སྟོན་བློ་གྲོས་ཞབས་།
    མི་ལ་རས་ཆེན་མཉམ་མེད་སྒམ་པོ་པ་།
    དུས་གསུམ་མཁྱེན་པ་འགྲོ་མགོན་ཕག་མོ་གྲུབ་
    བཀའ་རྒྱུད་གོང་མ་ལྔ་ལ་གསོལ་བ་འདེབས་།

    འོད་དཔག་མེད་མགོན་དཔལ་ལྡན་མར་མེ་མཛད།
    རྒྱལ་བའི་འབྱུང་གནས་སྤྱན་སྡ་ཚུལ་ཁྲིམས་འབར་།
    རིན་ཆེན་གསལ་དང་གཞོན་ནུ་རྒྱལ་མཚན་ཞབས་
    བཀའ་གདམས་བཤེས་གཉེན་ལྔ་ལ་གསོལ་བ་འདེབས་།

    བརྟན་པའི་འཁོར་ལོ་རྗེ་ཙུན་ཙོང་ཁ་པ་།
    རྒྱལ་ཚབ་ཆོས་རྗེ་མཁས་གྲུབ་དགེ་ལེགས་དཔལ་།
    དགེ་འདུན་གྲུབ་པ་པན་ཆེན་ཆོས་ཀྱི་རྒྱལ་།
    འཇམ་དགོན་ཡབ་སྲས་ལྔ་ལ་གསོལ་བ་འདེབས་།

  26. དྲི་མེད་ཟླ་བ། says:
    2011-12-21 at 11:59 am

    བློ་བཟང་གྲགས་པ་བོད་ལ་བཀའ་དྲིན་ཆེ། ཞྭ་སེར་བསྟེན་པ་ས་སྟེང་བཀང་བ་བཀའ་དྲིན་ཆེ། རྙིང་དགོན་ཕལ་ཆེར་དགེ་ལུག་ལ་འགྱུར་བ་བཀའ་དྲིན་ཆེ།

  27. སྣྲོན་ངག་ཁྲི། says:
    2011-12-21 at 1:56 pm

    ཀ་དག་གནས་ལྔ་གང་ལའང་གངས་ཅན་མཁས་དབང་བླ་ན་རབ་འཕགས་པ།།
    ཁ་བ་ཅན་པ་རྣམས་ལ་ཡང་དག་ལམ་བཟང་གདམས་མཛད་གངས་ཅན་རྒྱན་བཟང་གང་།།
    ག་ལ་བ་ན་སངས་འཕགས་དང་བཅས་རྒྱལ་སྲས་དམ་པ་རྣམ་པས་ཡང་ཡང་རབ་བསྔགས་པ་།།
    ང་ཅག་བླ་མ་གྲགས་པ་མཚན་ཅན་ས་སྒང་རྒྱན་བཟང་དམ་པ་ལྷག་པར་གསལ་བ་རྨད།།

  28. ཀུན་གསལ་ཟླ་བ། says:
    2011-12-21 at 2:39 pm

    དྲི་མེད་ཟླ་བ་ནས།
    ༼རྙིང་དགོན་ཕལ་ཆེར་དགེ་ལུག་ལ་འགྱུར་བ་བཀའ་དྲིན་ཆེ།༽ཞེས་པ་དེ་ཡིག་ནོར་ཡིན་པ་འདྲ། གང་ཡིན་ཟེར་ན་ལོ་རྒྱུས་ཡོངས་གྲགས་རྣམས་སུ་བཙན་གྱིས་བསྒྱུར་བ་ལས་རང་བཞིན་གྱིས་འགྱུར་བ་ཞིག་ཡོད་པ་མ་རེད། ཚིག་སྙན་མོས་འགྱུར་ཞིས་བྲིས་ཀྱང་དོན་ངོ་མ་བསྒྱུར་བ་ཤེས་དགོས།

  29. དྲི་མེད་ཟླ་བ། says:
    2011-12-21 at 3:18 pm

    གནད་འགག་དང་བདེན་དོན་འབྲེལ་བཤད་བྱས་པ་ཐུགས་རྗེ་ཆེ། ཀུན་གསལ་ལགས།

  30. མངའ་རིས་ཕྲིན་ལས། says:
    2011-12-21 at 3:27 pm

    ཆོས་ཀྱི་སྒྲོལ་མ་ཁོང་གིས་རྗེ་རིན་པོ་ཆེའི་རྣམ་ཐར་དོན་བསྡུས་ཤིག་དང་། དགའ་ལྡན་ལྔ་མཆོད་ཀྱི་འབྱུང་རིམ་ཡུལ་ལུང་སོ་སོར་སྲུང་རྩི་ཞུ་སྟངས་སོགས་ཁ་གསལ་གོ་བདེ་ལུང་འདྲེན་དང་བཅས་པ་བྲིས་འདུག་པར་ཐུགས་རྗེ་ཆེ།
    ཚེ་བསམ་ལགས་ནས་རིས་མེད་ཀྱི་ཤིང་རྟའི་སྲོལ་འབྱེད་ཡོངས་ལ་གསོལ་འདེབས་བྲིས་པ་ནི་མིག་ལྟོས་འོས་པ་ཞིག་མཐོང་བས་ཐུགས་རྗེ་ཆེ། གཞན་གླེང་རྒྱུ་མང་དྲག་ན་ཡང་ཆོས་ལུགས་གཅིག་གིས་གཅིག་ལ་སྨ་འབེབས་རེས་བྱེད་རྒྱུ་ཉག་གཅིག་ལས་མ་འདས་ན་རེ་ཞིག་མཆན་སྒོ་རྒྱབ་ན་ལེགས་པར་མཐོང་།

  31. ཀུན་གསལ་ཟླ་བ། says:
    2011-12-21 at 3:51 pm

    དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
    དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
    གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
    བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

    བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས།།
    མི་བརྗེད་གཟུང་ལྡན་ཤེས་རབ་སྨྲ་བའི་སེང་།།
    འཛམ་གླིང་བོན་གཙུག་བརྒྱན་མཉམ་མེད་པ།།
    ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།། ཞེས་པའི་གསོལ་འདེབས་འདི་གཉིས་བོན་པོ་མཉམ་མེད་ཤེས་རབ་རྒྱལ་མཚན་དང་དགེ་ལུགས་པའི་བློ་བཟང་གྲགས་པ་རྣམ་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་ཕུལ་བ་མཉམ་མེད་གསོལ་འདེབས་ཀྱི་མཛད་བྱུང་ལས་གསལ་འདུག་ཀྱང་ཙོང་ཁའི་གསོལ་འདེབས་ཀྱི་མཛད་བྱུང་ན་དེའི་ཟུར་ཙམ་ཡང་མི་མངོན་པ་མ་ཟད་བཤད་ཚུལ་གཞན་ཞིག་འདུག་དེའི་དོན་དངོས་གང་ཡིན་ནམ་ཤེེས་མཁན་ཡོད་དམ།

  32. ཀ་དག་ཆོས་དབྱིངས། says:
    2011-12-21 at 4:00 pm

    གབ་ཚིག་རེ་བས།

  33. ཀ་དག་ཆོས་དབྱིངས། says:
    2011-12-21 at 4:01 pm

    གབ་ཚིག་རེད་བས།

  34. ཐུབ་པ། says:
    2011-12-21 at 8:07 pm

    སྤོབས་པ་མཐའ་ལྡན་ལགས།
    རྗེ་ཙོང་ཁ་པས་དགེ་ལུགས་བཙུགས་ཡོད་པ་མ་རེད།
    དམ་པ་ཤར་ཙོང་ཁ་པ་ཁོང་གིས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་དག་ཐེར་གནད་དུ་ཐིང་པ་ཞིག་མཛད་གནང་པ་རེད།
    དེ་བས་ཁོང་མེད་ན་དག་ཐེར་དེ་བྱུང་ཡོད་མེད་པ་རེད། དེ་ཕན་ཐོགས་དེ་རེད།
    ཁོང་བྱུང་མེད་ན་དག་ཐེར་དེ་ལྟ་བུ་བྱུང་ཐུབ་ཡོད་པ་མ་རེད། མ་ཐུབ་པ་ཡིན་ན་དེ་ནི་གྱོང་རེད།
    བླུན་རྒན་ལུག་ལྟ་བུ། དེ་ཧ་གོ་སོང་ངེ
    ཞི་བདེ་རྒྱ་མཚོའི་ཕ་རོལ་ནས་ཤར་མར་སྦྱར།

  35. ཚངས་དབྱངས། says:
    2011-12-22 at 2:31 pm

    གོང་དུ་འདྲི་བ་ཞིག་ལ་རྗེ་ཙོང་ཁ་པ་ཕེབས་ནས་ཕན་ཐོགས་གང་བྱུང་ཡོད་དམ་ཟེར།

    དེའི་ལན་གནད་ཐིག་ཤོས་དེ་༧རྗེ་ཀ་རྨ་པ་སྐུ་འཕྲེང་བཞི་པའི་རྗེའི་བསྟོད་པ་དེའི་ནང་དང་། སྟག་ཚང་ལོ་ཙ་བས་མཛད་པའི་རྗེའི་བསྟོད་པའི་ནང་ལ་འདུག། དེར་གཟིགས་དང་། སྐུ་མཁྱེན་བསྟོད་པ་དེ་གཉིས་ཀྱི་མཚན་བྱང་དྲན་ན་འདིར་བཀོད་རོགས།

    ལྷག་པར་དུ་ད་ལྟ་བོད་གཉན་འཕྲང་གི་དུས་ཚོད་འདི་ལ་ཕྱི་ནང་གཉིས་ལ་བཀའ་དྲིན་ཆེ་བ་འདི་༧རྒྱལ་བ་ཡིད་བཞིན་ནོར་བུ་རེད། ཁོང་རྗེ་རིན་པོ་ཆེའི་རྗེས་བྲངས་པ་ཞིག་ལ་སོང་། དེ་ཡང་རྗེ་རིན་པོ་ཆེ་བོད་ལ་ཕེབས་པའི་བཀའ་འདྲིན་རེད་ཟེར་ན་མ་འགྲིགས་པ་མིན་འདུག་སྙམས།

    སྔོན་མ་རྗེ་རིན་པོ་ཆེའི་སྐུ་དུས་ལ། ཆོས་ལུགས་ཀྱི་ཕྱོགས་རིས་ཆེན་པོ་ཡོད་པའི་སྐབས་ལ། རྗེ་རིན་པོ་ཆེས། སྡོམ་པ་དེ་ཀ་བརྒྱུད་པའི་དྲུང་ནས་བླངས། ལྟ་བ་དེ་ས་སྐྱ་བའི་གཞུང་ལ་གཏུགས། དེ་བཞིན་བཀའ་གདམས་པ་དང་སྙིང་མ་ལ་སོགས་པའི་རིས་མེད་སྐྱེ་ཆེན་མང་པོའི་ཞབས་ལ་གཏུགས་ནས་བསྟན་པ་ཐམས་ཅད་འགལ་མེད་རྟོགས་པར་འབད་པ་གནང་ནས་རིས་མེད་ཀྱི་སྲོལ་བཟང་པོ་ཞིག་བཙུགས་ཡོད། དེ་ལ་བརྟེན་ནས་ཆོས་ལུགས་དབར་ཕན་ཚུན་མཐུན་སྒྲིལ་ཡོང་བར་ཕན་ཡོད་པ་དེ་ཡང་རྗེ་བླ་མའི་བྱས་རྗེས་རེད་ཟེར་ན་མ་འགྲིགས་པ་ཨེ་ཡོད།

    ལྷག་པར་དུ་༧རྫོགས་ཆེན་གྱི་བསྟན་པ་རིན་པོ་ཆེ་འདི་ལ། རྗེ་བླ་མ་ནི་ཤིན་དུ་བཀའ་དྲིན་ཆེན་པོ་རེད། རྒྱུ་མཚན་ནི། རྗེ་མཁས་གྲུབ་རྗེས་འདྲི་བའི་ཚུུལ་དུ་རྫོགས་པ་ཆེན་པོ་འདི་ཡང་དག་ཡིན་མིན་རྗེ་ལ་དྲིས་པ་དང་། རྗེ་རིན་པོ་ཆེས་ལན་གྱི་ཚུལ་དུ་རྫོགས་ཆེན་གྱི་བསྟན་པ་འདིས་སྐྱེ་བོ་གྲངས་མེད་སངས་རྒྱས་ཀྱི་ས་ལ་འདྲེན་པའི་ལམ་མཐོན་པོ་ཞིག་ཡིན་པས་ན། འདི་ལ་སྐྱོན་དང་ཐེ་འཚོམ་དུ་བྱས་ན་དམྱལ་བ་ལ་སོགས་ངན་འགྲོར་ལྟུང་རྒྱུ་རེད་ཅེས་ཐེ་འཚོམ་མེད་པར་ལན་འདེབས་ནས་རྫོགས་ཆེན་གྱི་བསྟན་པར་གདེངས་འཇོག་མཐོན་པོ་གནང་ཡོད། རྗེ་ཉིད་སྐབས་དེ་དུས་བོད་ཕྱོགས་གང་སར་མཚན་སྙན་ཆེན་པོར་གྲགས་པའི་དུས་སུ་ཡིན་སྟབས། ཁོང་གི་གདེངས་འཇོག་འདིས་རྫོགས་ཆེན་གྱི་བསྟན་པ་རིན་པོ་ཆེ་དར་བར་ཕན་པ་བྱུང་མིན་འདུག་གམ།

    དེའི་དྲིན་ལས་རྒྱལ་བ་སྐུ་འཕྲེང་རིམ་བྱོན་དང་། པན་ཆེན་སྐུ་འཕྲེང་རིམ་བྱོན་ལ་གསར་རྙིང་རིས་མེད་སྐྱོང་བའི་སྒོ་ཆེན་པོ་ཞིག་ཕྱེ་བར་མངོན་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme