Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཙི་ཙི་ལ་སྙིང་རྗེ་མ་བྱེད།

Posted on 2011-05-21 By དབང་ཕྱུག་ 7 Comments on ཙི་ཙི་ལ་སྙིང་རྗེ་མ་བྱེད།

གཙང་བུ

འདི་ནས་བརྩིས་པའི་བགྲང་བྱ་བཅོ་བརྒྱད་སྔོན་གྱི་ཉིན་ཞིག་ལ།
ང་ཟ་ཁང་དུ་འགྲོ་བའི་ལམ་བར་བྱི་ལ་ཚོ་ཞིག་གིས་ཙི་ཙི་ཆུང་ཆུང་ཞིག་བསྐོར་ནས་གསོད་གྲབས་བྱེད་ཀྱིན་འདུག
ང་ལ་སྙིང་རྗེ་ཡ་མ་ཟུང་ཞིག་སྐྱེས་ནས་བྱི་ལ་དེ་ཚོ་ཕར་ཕུད་ནས་ཙི་ཆུང་དེ་སྲོག་ལས་བསྐྱབས་པ་ཡིན།
ཙི་ཙི་ཆུང་ཆུང་དེ་ཡིས་དབུགས་ཧལ་བཞིན་མཐེ་མོ་གནམ་ལ་སྒྲེང་སྟེ་སྨྲེ་ངག་དང་བཅས་སྲོག་བསྐྱབས་པ་ལ་བཀའ་དྲིན་ཆེ་ཟེར།
ངས་ཁོང་གི་ཡ་ངལ་བའི་རྣམ་འགྱུར་དེ་སེམས་ཀྱིས་མ་བཟོད་ནས་བྱམས་སྐྱོང་དང་གཅེས་སྤྲོས་བྱས་ཤིང་།
བྱི་ལ་ཡོད་ཚོད་ལ་ཕོག་ཐུག་གཏོང་གང་ཐུབ་བྱས།
མཚམས་དེར་ཁོས་ཀྱང་ང་ལ་ཨ་ཕ་ཞེས་འབོད་ལ་ཨ་མ་ཡང་ཟེར།
སྐབས་འགར་སྲོག་སྐྱོབ་ཀྱི་དྲིན་ཅན་ཡང་ཟེར།
དེ་འདྲའི་ལྷད་མེད་པའི་ཚོར་བ་ལ་སྤྱོད་ནས་བགྲང་བྱ་དུ་མ་ཞིག་འདས་རྗེས་ངས་ཤེས་རྟོགས་བྱུང་བ་ཞིག་ལ།
ཁོང་ནི་ཁྱིམ་མཚེས་གཡས་གཡོན་གྱི་མི་ཚང་མཐོ་དམའ་དྲག་ཞན་ཐམས་ཅད་ཀྱི་ནང་དུ་འཛུལ་ནས་མིག་གིས་མཐོང་ཚོད་དང་ལག་པས་ལྕོག་ཚོད་ཁུར་བ་མ་ཚད།
ཅ་དངོས་ག་གེ་མོ་རེའི་ཆེད་དུ་གསང་སྤྱོད་ནང་དུའང་འཛུལ་ཞུགས་བྱས་ཚུལ་གོ
དེ་ནས་ངས་ཁོང་གི་འགྲོ་འདུག་ལ་ཚོད་བཀག་བྱས་ཀྱང་།
ཁོང་ལ་སྐྱེས་པ་ནི་ནས་རྡོག་རེའི་ཆེད་དུ་གཅེས་པའི་རང་སྲོག་ཀྱང་གཏོང་ཕོད་པའི་སྙིང་སྟོབས་དེ་རེད།
དེ་ནས་ངེད་གཉིས་བར་ལ་ལྟ་སྤྱོད་མི་མཐུན་པའི་རྩོད་པ་ཆེན་ཆུང་མང་ཙམ་བྱུང་ཡང་ངས་ལྷག་བསམ་ལ་རྒྱ་ལ་འགྱུར་བ་ནམ་ཡང་མ་བཏང་།
རེད་དེ་ཁོང་གི་ཕུགས་འདུན་ངོ་མ་ནི་ཁེ་སོ་བྱུང་ན་གང་བྱེད་ཀྱང་འགྲིག་གི་རེད་ཅེས་པ་དེ་རེད།
ཁོས་སྐབས་འགར་ལྷ་ཡི་ཕོ་ཉ་བྱེད་ལ། མཚམས་སུ་འདྲེ་ཡི་ཚེ་གྲོགས་བྱེད།
དུས་སུ་དགྲ་བོའི་རྐུབ་གཡོག་ཀྱང་རྒྱུགས།
གང་ལྟར་ཁོང་ལ་དགོས་པ་ནི་རྒྱུ་འབྱོར་དང་གྲགས་པ་དེ་ཡིན།
དེ་བྱུང་ན་མགོ་ལ་ལྷམ་གོག་བཀོན་ཆོག་ལ། རྐུབ་ལ་མཆིལ་ཞགས་ཀྱང་བཏབ་ཆོག
མཚམས་དེར་བསམ་ཡུལ་ལས་འདས་པ་ཞིག་ལ་ལུང་པ་ལ་བྱི་ནད་ཅིག་ལོང་ནས་བྱི་ལ་ཐམས་ཅད་ཤི་སོང་བ་དང་།
ཁོང་ལ་སྙིང་སྟོབས་དང་བློ་ཁོག་སྐྱེས་ནས་ང་ལ་དགྲ་ཟླ་རུ་འཛིན་པར་མ་ཟད།
ངས་ཕོར་བའི་ནང་གི་ཟས་ཟ་ལ། སྐྱག་པ་ཡང་བཏང་།
གནམ་རས་ཐོག་ཏུ་རྒྱུགས་རྩེད་བྱེད་པ་དང་།
ནམ་ཉིན་མཚན་མེད་པར་ཙི་སྐད་བརྒྱབས་ནས་གཉིད་ཀྱང་ཁུག་མི་འཇུག་པ།
ངའི་མགོ་བོའི་ཐད་དུ་ཡོང་ནས་གཅིན་སྐྱག་བཏང་བ།
མཆོད་བཤམ་ནང་དུ་འཛུལ་ནས་སྐུ་གསུང་ཐུགས་རྟེན་རིགས་རྩ་ཆེན་ཐམས་ཅད་འཕྲོ་བརླག་བཏང་ལ།
ནང་གི་གསང་དངོས་མང་པོ་ཞིག་ཁུར་ནས་སྤྱི་ཚོགས་ནང་འགྲེམ་སྟོན་བྱས་པ་སོགས་རང་ནུས་ཡོད་ཚོད་ཀྱིས་ང་ལ་སེམས་གནག་བྱེད།
ད་དུང་ངའི་མདུན་ལྕོག་ཐོག་ཏུ་རྒྱུགས་ནས་ཕོར་བའང་ས་ལ་གཡུགས།
ཐ་ན་ངའི་གྱོན་གོས་ཐམས་ཅད་གཙགས་ནས་རལ་མེད་པ་ཅིག་ཀྱང་མེད་པར་བྱས་འདུག
ད་དུང་ཁོང་ནི་གནོད་སྦྱིན་འབྲོང་ནག་གི་ནོར་བདག་དང་།
རྣམ་ཐོས་སྲས་ཀྱི་དཀོར་བདག་ཡིན་ཟེར་བཞིན་རྒྱུ་དང་འབྱོར་བ་ངོམས།
ལྷ་ཆེན་ཚངས་པའི་སྲས་པོ་དང་།
དབང་ཕྱུག་ཆེན་པོའི་སྙིང་སྡུག་ཡིན་རབས་སོགས་བཤད་ནས་ལྷ་དང་ལྷ་མིའི་ལོ་རྒྱུས་གླེང་།
མཚམས་སུ་གེ་སར་དམག་གི་དམག་དཔོན་དཔའ་མི་འགྱུར་རྒྱ་ཚ་ཞ་དཀར་གྱི་ཁུ་བོ་དང་།
རྒྱ་ནག་པོའི་རྒྱལ་རབས་གསུམ་གྱི་ཡ་གྱལ་ལིང་པཱེ་ཡི་སྤུན་གཉིས་པ་དཔའ་བོ་ཆེན་པོ་ ཀཱོའོ་ཡན་གྱི་ཚ་བོ་ཡིན་ཚུལ་གླེང་ནས་ངའི་ཐོག་ཏུ་དཔལ་སྐད་འབྲུག་ལྟར་གྲགས།
དུས་སུ་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ཞང་པོ་ཡིན་ཟེར་ནས་ཆོས་གོས་རྣམ་གསུམ་ལུས་ལ་རྒྱན་ནས་ཞག་གསུམ་ཟས་ཀྱང་མི་ཟ།
ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སློབ་དཔོན་ཡིན་ཟེར་ནས་བདག་གཞན་མཉམ་བརྗེ་བསྒོམས་ནས་དགྲ་བོའི་མདུན་དུ་གུས་ཞབས་དང་རྒྱུད་པ་འདར་སིག་ཤོར།
བྱི་ལ་དང་ཐུག་ན་སྐྲག་ནས་གཅིན་པ་གོས་ཐུང་ནང་ཟག་པའང་ཉུང་ཉུང་མིན།
མཚམས་རེར་བརྩེ་དུང་གི་དོན་དུ་རང་སྲོག་བཏང་མྱོང་བའི་ལིང་ཧྲྰ་པོ་ཡིན་མདོག་གིས་ཡོད་ཚོད་ཆང་མའི་སྒོ་ཁར་བསྐྱེལ།
ཡང་སྐྱེ་ཡག་གངས་དཀར་སེང་ཡག་ཡིན་ཁུལ་གྱིས་ཨ་སྟག་ཀླུ་མོ་བསྒུགས་ནས་ལུང་ཁུག་ཡོད་ཚོད་ལ་འགྲིམས།
སྐབས་རེར་འདུལ་བའི་མངའ་བདག་ཆེན་པོ་སློབ་དཔོན་ཡོན་ཏན་འོད་ཀྱི་རྣམ་སྤྲུལ་ཡིན་ཟེར་ནས་ཤག་ཁུང་གྲུ་བཞི་ནང་དུ་མགོ་བོའང་གནམ་ལ་མི་བཀྱགས།
དེང་ གི་དུས་འདིར་ཙི་ཙི་སྐམ་པོ་ཞིག་གི་རྒྱབ་ཏུ་འབྱར་ནས་ནམ་འཕངས་བཅད་བཞིན་གནམ་ གྱི་བདག་པོ་མཁའ་ལྡིང་དབང་པོ་ཡིན་ཟེར་བ་སོགས་རང་ལ་བསྟོད་པའི་གླུ་ཆུང་ཞིག་ བླངས་ནས་ཉི་ཟླ་ལས་མིག་ལམ་དུ་ཅི་ཡང་ཤར་མི་འདུག།
༢༠༡༡ ༥ ༢༡ཉིན།

སྣ་ཚོགས།

Post navigation

Previous Post: ཡབ་མེས་གོང་མའི་གཟི་བརྗིད་དྲན་བྱུང་།
Next Post: རྒྱལ་ཡོངས་ཚོཊ་ཆེན་ལ་ཕུལ་བའི་བསམ་འཆར།

Comments (7) on “ཙི་ཙི་ལ་སྙིང་རྗེ་མ་བྱེད།”

  1. ཨོ་རིག says:
    2011-05-21 at 5:12 pm

    དཀོན་ཅོག་གིས་གཟིགས།
    སུ་ཞིག་ལ་རྡེག་འཚོག་བྱེད་ཀྱི་ཡོད།
    སྙིང་མ་རྗེ་ན་ཙི་ཙི་ཁོ་ལ་དེ་ལྟ་བུའི་འཇོན་ཐང་ཞིག་ག་ལ་ཡོད།

  2. མེ་ཏོག་དཀར་པོ། says:
    2011-05-21 at 6:22 pm

    ཡག་ཐག་ཆོད་བྲིས་འདུག ཡག་པོ་འདུག་ལོ།

  3. མིག says:
    2011-05-21 at 6:30 pm

    ཨོ་དྲ་གྲོགས་ཚོས་གསུངས་པ་ལ་གཞིག་ན་དེང་རབས་ཉེར་གཅིག་པ་འདིའི་ནང་ཁྱི་དང་ཙི་ཙི་ཡི་རླུང་རྟ་དར་བའི་དུས་ཤིག་ཡིན་པར་འདྲ། ངོ་མ་ཞེ་རྩོག་ག
    ད་དུང་སྤྲེལ་འུ་ལུས་འདུག

  4. མིག says:
    2011-05-21 at 7:14 pm

    ད་དུང་ངའི་ཉེར་འཁོར་འདི་ན་ཙི་ཙི་ཞིག་ཡོད་པ་དེས། སྐྱག་པ་ཀེ་ལོ་བཅུ་རེ་བཏང་ལ། སྐབས་འགར་རྒྱལ་བོ་སྲོང་བཙན་བཞིན་སྒམ་བོ་བྱེད་ལ། སྐབས་འགར་ཁྲོ་ཐུང་བཞིན་བྱ་ལག་ཀྱང་མང་། འོན་ཏེ་ཁོང་ནི་རང་ཉིད་ཀྱི་སྣང་ངོར་སངས་རྒྱས་སྐུ་ཤ་བརླན་པ་ཟེར།
    འདི་ཚོའི་སྐད་ལ་ཉན་སྤྱི་ལོ་༢༠༡༢ མ་ཤར་སྔོན་རང་བཞིན་གྱི་འཇིག་པ་ཞིག་ཡོང་བཟོ་འདུག་གོ

  5. རྔ་བ་གཉན་རྒོད་ says:
    2011-05-21 at 8:18 pm

    ཧཧཧཧཧ་ཙི་ཙི་ཁག་ཅིག་དེ་འདྲ་རེད་ཡ་་་ངའི་འགྲམ་གྱི་ཙི་ཙི་ནས་རང་ཉིད་འཇིག་རྟེན་འདིར་འཇོན་ཤོས་ཡག་ཤོས་ཡིན་རབ་དང་གཞན་རྣམས་ཅི་ཡང་མིན་ཚུལ་བཤད་ནས་ཉི་མ་སྐྱེལ་བཞིན་འདུག་ཡ་ཧཧཧཧཧཧཧ

  6. མེ་ཏོག་དཀར་པོ། says:
    2011-05-22 at 4:49 am

    ཉེ་སྔོན་ཞིག་གི་ཁྱི་གུ་དེ་དང་།
    གཙང་ཁའི་བུ་ཡི་ཙི་ཙི་གཉིས་པོ། །
    རང་གཤིས་ངན་པའི་སྐྱེ་བོ་མཚོན་པའི། །
    བླ་ན་མེད་པའི་དཔེ་མཚོན་རེད་དོ། །

  7. ཟླ་བ་ལགས་ says:
    2011-05-23 at 5:26 am

    ཧཧཧ་་་་སྐུ་ཞབས་རིན་པོ་ཆེ་ ཁྱོད་རང་སྨྱོ་བ་རང་མ་ཡིན་ནམ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme