Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མྱོང་བ་གསུམ་དང་འགྱུར་བ་གཞན་དག

Posted on 2010-03-192010-03-19 By ཁ་བརྡ་ 19 Comments on མྱོང་བ་གསུམ་དང་འགྱུར་བ་གཞན་དག

tenbar(བསྟན་འཛིན་བར་་ཞི་ཡི་གཞོན་པའི་སྐབས་ཀྱི་མི་ཚེའི་འགྱུར་བ།)

རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།

བསྟན་འཛིན་བར་་ཞི་ནི་བོད་རིགས་ན་གཞོན་ཞིག་ཡིན། བཙན་བྱོལ་དུ་སྐྱེས་ཤིང་ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་བོད་རིགས་ན་གཞོན་ཞིག་ཡིན། ཁོང་ནི་ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་ཏུ་གཟའ་ཉི་མའི་བོད་ཡིག་འཛིན་གྲ་ཐོག་མར་འཛུགས་མཁན་གྱི་གྲས་ཡིན་པ་མ་ཟད། བོད་རང་དབང་སློབ་ཕྲུག་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་གྲས་སུ་ཡང་ཡོད། ཁོང་གི་མི་ཚེའི་ནང་དུ་འགྱུར་བའི་རིམ་པ་མང་པོ་བྱུང་། འགྱུར་བ་མང་པོ་ཞིག་ཁོ་རང་ལོ་ན་གཞོན་པའི་སྐབས་སུ་བྱུང་། འགྱུར་བ་དེ་དག་གི་ཁྲོད་ནས། འགྱུར་བ་ཁ་ཤས་ནི་ཉན་སྤྲོ་བ་དང་བསམ་བློ་གཏོང་འོས་བ་དེ་འདྲ་ཡང་ཡོད། ཁོང་ལ་བྱུང་བའི་འགྱུར་བ་མང་པོ་ཞིག བོད་དུ་སྐྱེས་ཤིང་བཙན་བྱོལ་དུ་འབྱོར་མཁན་གྱི་ང་ལྟ་བུའི་རིགས་ལ་མེད། དེ་ནི། ང་ལ་མེད་ཅིང་ཁོང་ ལ་ཡོད་པའི་མྱོང་འགྱུར་དག་ཡིན། ཁོང་གིས་ང་ལ་འདི་ལྟར་གསུངས། “བོད་མི་རྣམས་བཙན་བྱོལ་དུ་འབྱོར་བའི་རྗེས་སུ། བོད་མི་རྣམས་ག་ལེར་ག་ལེར་འཛམ་གླིང་ཡུལ་གྲུ་གཞན་ལ་འཐོར་འགོ་ཚུགས་པ་རེད། དེ་ནི་ཕལ་ཆེར་ཕྱི་ལོ་༡༩༧༡ཡས་མས་རེད། ང་རང་ལོ་ན་བདུན་ཙམ་སོན་པའི་སྐབས་སུ་རེད། ངའི་ནང་མི་ཡང་བོད་རིགས་ནང་མི་གཞན་དག་དང་མཉམ་དུ་ཁ་ཎ་སྒྲར་སྐྱབས་བཅོལ་ལ་ཡོང་བ་རེད། ཐོག་མའི་ཆར། ཁ་ཎ་སྒྲའི་གཞུང་གིས་བོད་མི་རྣམས་སྤྱི་ཁང་ལྟ་བུ་ཞིག་གི་ནང་དུ་མཉམ་པོར་བཞག དེ་ནས་ཁ་ཎ་སྒྲའི་མངའ་སྡེ་གཞན་ཁག་ལ་ཁ་གཏོར་བ་རེད། དེར་བརྟེན། ངའི་ནང་མི་སྡོད་ས་དེར་བོད་པའི་ནང་མི་གཞན་གཅིག་མ་གཏོགས་ཡོད་མ་རེད། ནང་མི་གཞན་དེ་ཡང་ཡུན་རིང་མ་བསྡད་པར་ས་གནས་གཞན་ཞིག་ལ་སྤོས་སོང་། ངའི་ནང་མི་གཅིག་པུ་ཤུལ་དུ་ལྷག་པ་རེད། ང་ལ་མཚོན་ན་ཡང་། བོད་སྐད་བཤད་ས་དང་བོད་ཀྱི་གོམས་གཤིས་ཉར་སའི་ཁོར་ཡུག་དེ་ངའི་ཕ་མ་གཉིས་དང་ནང་མི་གཅིག་པོ་ཆགས་པ་རེད། སློབ་གྲ་གྲོལ་རྗེས་ནང་དུ་སླེབས་ན། ཕ་མ་གཉིས་དང་མཉམ་དུ་བོད་སྐད་བཤད་པ་ནི་ང་ལ་མཚོན་ན་བོད་སྐད་བཤད་སའི་ཁོར་ཡུག་གཅིག་པུ་དེ་རེད། ཕ་མ་གཉིས་ནས་ཀྱང་མི་རྒན་པ་ལ་བཀུར་བསྟི་བྱེད་སྟངས་དང་ཞེ་ས་རྒྱག་སྟངས་སོགས་བསླབ་གི་རེད། བོད་པའི་དུས་ཆེན་དམིགས་བསལ་ཁག་མ་གཏོགས་ནམ་རྒྱུན་བོད་མི་འཛོམས་སར་རྒྱུན་དུ་འགྲོ་ཐུབ་ཀྱི་ཡོད་མ་རེད། གང་ཡིན་ཞེ་ན། ངའི་ཕ་མ་གཉིས་ཀྱིས་རླངས་འཁོར་གཏོང་གི་ཡོད་མ་རེད། དེ་འདྲ་སོང་ཙང་། ང་རང་ལོ་ན་ཆུང་བའི་སྐབས་སུ་བོད་པའི་སྤྱི་ཚོགས་དང་འབྲེལ་འདྲིས་མང་པོ་བྱུང་མྱོང་མེད། ཕལ་ཆེར་ད་ལྟ་དྲན་པ་ལྟར་ན། ང་རང་ལོ་ན་བཅོ་ལྔ་ཙམ་ལ་སོན་པའི་སྐབས་སུ་རེད། ང་བོད་མི་རྣམས་འཛོམས་ས་ཞིག་ལ་ཕྱིན་པ་ཡིན། བོད་མི་འཛོམས་སར་འགྲོ་རྒྱུ་དེ་ཧ་ཅང་དགའ་སྣང་ལྡན་པ་ཞིག་ཡིན། བོད་མི་འཛོམས་སར་འགྲོ་རྒྱུར་ང་ཧ་ཅང་དགའ། ཉིན་དེར། བོད་མི་རྣམས་དང་མཉམ་དུ་སྤྲོ་སྐྱིད་གཏོང་བཞིན་པའི་སྐབས་སུ། ཕྱི་ལོགས་ནས་ཁ་པར་ཞིག་སླེབས་སོང་། ངས་ཁ་པར་དེ་བླངས་ནས་འགྲམ་གྱི་བོད་མི་རྒན་པ་དེར། ཇོ་ཇོ། ཞལ་པར་སླེབས་སོང་ལབ་བཞིན་ཁོང་གི་ལག་ལ་གཏད་པ་ཡིན། བོད་མི་རྒན་པ་དེ་དང་ཉེ་འཁོར་གྱི་བོད་མི ཁ་ཤས་ཀྱིས། ངའི་གདོང་ལ་བལྟ་བཞིན། སྐུ་དྲག་གི་བུ་དེས་ག་རེ་ལབ་ཀྱི་ཡོད་རེད། ཁོང་གི་བོད་སྐད་དེ་ག་རེ་རེད་ཞེས་གསུངས་སོང་། བཀའ་ལན་གནང་སྟངས་དེས་ངའི་སེམས་པ་སྐྱིད་པོ་མེད་པ་ཆགས་སོང་བ་མ་ཟད་སེམས་ལ་མི་འདོད་པའི་ན་ཟུག་ཆུང་ཆུང་ཞིག་བསླངས་སོང་། སྐུ་དྲག་ཟེར་བ་དེ་ཕ་མས་སོ་སོའི་རྣ་ནང་ལ་བཞག་མྱོང་མེད་ལ་སོ་སོའི་སེམས་ལ་ཡང་འཁོར་མྱོང་མེད། དེ་རིང་། སྐུ་དྲག་གི་བུ་ཕྲུག་འདིས་ག་རེ་ལབ་ཀྱི་ཡོད་རེད། ཁོང་གི་བོད་སྐད་དེ་ག་རེ་རེད་དམ་ཟེར་དུས། ངའི་སེམས་ཀྱི་གཏིང་ལ་སྐྱོ་བ་ཞིག་སླེབས་སོང་བ་མ་ཟད་སེམས་ཀྱི་གཏིང་ནས་ངུ་རྒྱུ་ཞིག་སླེབས་སོང་། སྐབས་དེའི། བོད་པའི་སྤྱི་ཚོགས་ཀྱི་གུ་དོག་པའི་བསམ་བློ་གཏོང་སྟངས་དེས་ལོ་ན་ཆུང་བའི་མི་ང་ལ་ཚོར་སྣང་མ་འདྲ་མ་ཞིག་སྤྲད་སོང་། ད་ལྟ་ཡང་། མཚམས་ལན་རེར་དེ་དག་སེམས་ལ་དྲན་ན། སེམས་པ་སྐྱིད་པོ་མི་འདུག” འདི་ནི་བསྟན་འཛིན་་བར་ཞི་དང་མཉམ་དུ་བྱུང་བའི་གླེང་མོལ་ཚན་པ་དང་པོ་དེ་ཡིན།

བསྟན་འཛིན་བར་ཞི་ཡང་འཚར་ལོངས་བྱུང་། ཁ་ཎ་སྒྲའི་བྱིས་བ་གཞན་དག་དང་འདྲ་བར་འཚར་ལོངས་བྱུང་། ཁོ་རང་ཕོ་ལོ་ཉི་ཤུ་ཙམ་ལ་སླེབས། ཁོང་གིས་ཁ་ཎ་སྒྲའི་སྤྱི་ཚོགས་ཀྱི་འགྲོ་སྟངས་འདུག་སྟངས་ཀྱང་གང་འཚམས་ཤེས། ལྷག་པར་དུ། ཁོང་གི་ནང་མི་སྡོད་སའི་མངའ་སྡེ་དེ་རུ་ཧྥ་རན་སིའི་སྐད་བེད་སྤྱོད་གཏོང་གི་ཡོད་འདུག ཁོང་གིས་ཀྱང་ཧྥ་རན་སིའི་སྐད་དེ་བོད་མི་གཅིག་མཚུངས་ལྟར་བསྐྱོན་ཐུབ་ཟེར། དེ་ཡང་། ཁོང་ནས་མུ་མཐུད་དུ་གསུངས་དོན། “མཚན་མོ་ཞིག་ལ། ངས་ཁ་པར་བཏང་ནས་ཉེ་འཁོར་གྱི་ཟ་ཁང་ཞིག་ལ་ཁ་ལག་མངགས་པ་ཡིན། ཁ་པར་ལེན་མཁན་དེས་ཁྱེད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་བྱུང་། ངའི་མིང་ལ་བསྟན་འཛིན་ཟེར་ཞེས་ལན་བཏབ་པ་ཡིན། ཁ་པར་ལེན་མཁན་དེས། ཁྱེད་ཀྱི་མིང་དངོས་ལ་ཅི་ཟེར་ཞེས་བསྐྱར་དུ་དྲིས་བྱུང་། ངས་ཀྱང་བསྐྱར་དུ། ངའི་མིང་ལ་བསྟན་འཛིན་ཟེར་ཞེས་ལན་བཏབ་པ་ཡིན། ཁ་པར་ལེན་མཁན་དེས། བསྐྱར་དུ། རྩེད་མོ་མ་རྩེ་རོགས། ཁྱེད་ཀྱི་མིང་ངོ་མ་དེ་བརྗོད་རོགས་ཞེས་ལབ་བྱུང་། ངའི་མིང་ལ་བསྟན་འཛིན་ཟེར། ང་བོད་པ་ཡིན། ངའི་མིང་ངོ་མ་དེ་བསྟན་འཛིན་ཡིན། ངས་དེ་ལྟར་བསྐྱར་དུ་ཁ་གསལ་བོའི་སྒོ་ནས་ལབ་པ་ཡིན། ཁ་པར་ལེན་མཁན་དེས་ལན་མ་བརྒྱབ་པར་ཁ་པར་ཐང་ལ་བཞག་སོང་། ངས་བསྐྱར་དུ་ཁ་པར་ཐེངས་འགར་བཏང་བ་ཡིན། འོན་ཀྱང་། ཁ་པར་ཁྱོན་ནས་མགྱོགས་གི་མི་འདུག ངའི་སེམས་པ་ཡང་ཅུང་ཙམ་ངར་བྱུང་། ཁོང་ཁྲོ་ཡང་ཅུང་ཙམ་ལངས་བྱུང་། རླངས་འཁོར་བཏང་ནས་ཐད་ཀར་ཟ་ཁང་ལ་ཕྱིིན་པ་ཡིན། ཟ་ཁང་ནང་ལ་འཛུལ་མ་ཐག སྦྱིན་བདག་ལ་། ངའི་མིང་ལ་བསྟན་འཛིན་ཡིན། ང་བོད་པ་ཡིན། ངས་མངགས་པའི་ཁ་ལག་དེ་འཁྱེར་ཤོག་ལབ་པ་ཡིན། སྐབས་དེའི་གནས་སྟངས་དེས། ངའི་ལུས་སེམས་གཉིས་ལ་སྐྱོ་སྣང་དམིགས་བསལ་བ་ཞིག་སྤྲད་སོང་། དེ་ཡང་། གཙོ་བོ་རང་ཉིད་བོད་མི་ཞིག་ཡིན་པ་དང་ལྷག་པར་དུ་སྐྱབས་བཅོལ་བ་ཞིག་ཡིན་པ་དེ་རེད། རང་ཉིད་བོད་མི་ཞིག་ཡིན་པ་དེ་དུས་ནམ་ཡང་རང་གི་ལུས་སེམས་གཉིས་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་དེ་སེམས་ཀྱི་གཏིང་ཞིག་ནས་ཚོར་བྱུང་། ལྷག་པར་དུ། ཡུལ་ལུང་གང་དུ་བསྡད་ཀྱང་། རང་ཉི་བོད་པ་ཡིན་པ་དང་བོད་པའི་ཤ་ཁྲག་གི་ལུས་པོ་འདི་དོར་ཐུབ་མེད་པ་ཡང་སེམས་ལ་འཁོར་བྱུང་།” འདི་ནི་བསྟན་འཛིན་བར་ཞི་དང་མཉམ་དུ་བྱུང་བའི་གླེང་མོལ་ཚན་པ་གཉིས་པ་དེ་ཡིན།

མི་ཚེའི་མྱོང་འགྱུར་སྣ་མང་ཞིག་བྱུང་བའི་ཁྲོད་དུ། བསྟན་འཛིན་བར་་ཞི་ལགས་ཀྱིས་བསམ་བློ་གཏོང་འགོ་ཚུགས། བོད་དང་བོད་མི། ང་བོད་ཡིན་ཟེར་བའི་ཐད་ལ་བསམ་བློ་གཏོང་འགོ་ཚུགས། བོད་མི་ཞིག་ཡིན་ན། རང་གི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ངོ་འཕྲོད་དགོས་བ་མ་ཟད་། བོད་སྐད་སྤུས་དག་ཞིག་བཤད་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པའི་ཚོར་སྣང་དེ། བསྟན་འཛིན་བར་ཞིི་ལ་བྱུང་། བསམ་བློ་དེ་བསྟན་འཛིན་བར་་ཞི་ཡི་སེམས་ལ་འཁོར། ཡང་ནས་བསྐྱར་དུ་འཁོར།
ཁོང་གིས་མུ་མཐུད་དུ་གསུངས་དོན། “ཐོག་མར། ང་རང་ངའི་ཨ་ཞང་རྒྱ་ནག་གི་བཙོན་དུ་ལོ་མང་ཚུད་ཅིང་རྗེས་སུ་སྐྱབས་བཅོལ་ལ་ཕེབས་མཁན་ཞིག་ཡོད་པ་དེ་དང་འབྲེལ་བ་བྱུང་སོང་། ཨ་ཞང་ལགས་ཀྱིས་ང་ལ་བོད་ནང་གི་བོད་མིའི་གནས་སྟངས་དང་བོད་མིའི་ཆོས་དང་རིག་གཞུང་སོགས་ཀྱི་སྐོར་མང་པོ་གསུངས་གི་རེད། དེར་བརྟེན། ཨ་ཞང་ལགས་དང་མཉམ་དུ་གླེང་མོལ་བྱེད་རྒྱུ་དེ་ང་རང་ལ་དུས་ཚོད་གལ་ཆེན་ཞིག་ཆགས་སོང་། ང་རང་གི་སེམས་སུ། སོ་སོའི་སྐད་དང་རིག་གཞུང་དེ་ཡག་པོ་ཞིག་ཤེས་དགོས་ཀྱི་འདུག་བསམ་པའི་ཚོར་བ་དྲག་པོ་ཞིག་ཡོད་པ་དང་གཅིག ཨ་ཞང་ལགས་ཀྱིས་དེ་ཚོའི་སྐོར་ལ་གསུངས་བ་དང་གཉིས་ནི་སྟབས་འགྲིག་པོ་ཞིག་ལ་འཁེལ་སོང་བས། ངའི་སེམས་ལ་ཡང་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་མྱོང་། འོན་ཀྱང་། ང་ལ་དཀའ་ངལ་ཞིག་ཡོད་པ་ནི། ཨ་ཞང་ལགས་དང་གླེང་མོལ་བྱེད་ཐེངས་རེར། ང་ལ་བོད་སྐད་ཀྱི་ཚིག་གིས་འདང་གི་མི་འདུག བོད་སྐད་ཀྱི་ཚིག་གིས་མ་འདང་བའི་དཀའ་ངལ་དེ་རྟག་ཏུ་འཕྲད་ཀྱི་འདུག སྐབས་དེ་དུས། ངའི་སེམས་ལ། བོད་ཀྱི་རིག་གཞུང་དེ་རང་གི་རྒྱུད་ལ་འབྱར་བ་དང་བོད་སྐད་སྤུས་དག་ཅིག་བསྐྱོན་ཐུབ་པ་ལ། བོད་པའི་སྤྱི་ཚོགས་ཁྲོད་མི་ཚེ་སྐྱེལ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་པའི་བསམ་བློ་དེ་འཁོར་བྱུང་། བསམ་བློ་དེ་སེམས་ལ་འཁོར་ཀྱིན་འཁོར་ཀྱིན། ང་རང་ཁ་ཎ་སྒྲ་ནས་ཨ་རིའི་ནེའུ་ཡོག་ལ་གནས་སྤར་བ་ཡིན། ནེའུ་ཡོག་ཏུ་། ཐོག་མར་མཁར་རྡོ་རིན་པོ་ཆེ་དང་འབྲེལ་བ་བྱུང་སོང་། མཁར་རྡོ་རིན་པོ་ཆེ་བོད་ནས་སླེབས་མཁན་མང་པོ་ལ་འབྲེལ་བ་ཡག་པོ་འདུག མཁར་རྡོ་རིན་པོ་ཆེས་ང་ལ་འདི་འདྲ་གསུངས་མྱོང་། ཁྱེད་རང་ངའི་མཉམ་དུ་ཤོག་དང་། བོད་ནས་འབྱོར་མཁན་མང་པོ་ལ་ཐུག་གི་རེད། ཁོང་ཚོ་དང་མཉམ་དུ་འབྲེལ་འདྲིས་ཡག་པོ་བྱོས་ཟེར། འདི་ལྟར། མཁར་རྡོ་རིན་པོ་ཆེ་བརྒྱུད་ནས་བོད་ནས་འབྱོར་མཁན་མང་པོ་དང་འབྲེལ་བ་ཡག་པོ་བྱུང་སོང་། འབྲེལ་བའི་བརྒྱུད་རིམ་དེའི་ཁྲོད་ནས། བོད་ཀྱི་རིག་གཞུང་ལ་བརྩེ་ཞེན་ཟབ་ཏུ་ཕྱིན་པ་མ་ཟད་ངའི་བོད་སྐད་ཀྱང་ཡར་རྒྱས་ལ་ཕྱིན་སོང་། རྗེས་སུ་ག་ལེར། ད་ལྟའི་སྐུ་ཟླ་དང་ངོ་འཕྲད་པ་རེད། ངའི་སྐུ་ཟླ་ལགས་བོད་ནས་གཙུག་ལག་སློབ་ཆེན་ཐོན་ཅིང་ཕྱིས་སུ་ཨ་རིར་འབྱོར་བ་ཞིག་ཡིན། ངའི་སྐུ་ཟླ་ལ་བསྟེན་ནས་ངའི་བོད་སྐད་ཡར་རྒྱས་ཞེ་དྲག་ཕྱིན་སོང་། བོད་སྐད་བཤད་རྒྱུར་སོ་སོ་སོ་སོར་སྤོབས་པ་ཡོད་མཁན་ཞིག་ཆགས་སོང་།” འདི་ནི་བསྟན་འཛིན་བར་་ཞི་དང་མཉམ་དུ་བྱུང་བའི་གླེང་མོལ་ཚན་པ་གསུམ་པ་དེ་ཡིན།

བསྟན་འཛིན་བར་ཞི་ལགས། ཟ་འཐུང་གི་སྐོར་ཀྱི་བོད་སྐད་མ་གཏོགས་བསྐྱོན་མི་ཐུབ་མཁན་ཞིག་ནས་བོད་སྐད་སྤུས་དག་བསྐྱོན་མཁན་ཞིག་ཏུ་གྱུར། དབྱིན་སྐད་དང་ཧྥ་སྐད་སོགས་སྐད་རིགས་གཞན་གྱིས་བསྲེ་ལྷད་མེད་པར་བོད་སྐད་གཙང་མ་བསྐྱོན་མཁན་ཞིག་ཆགས། འདི་ལྟར། བསྟན་འཛིན་བར་་ཞི་ལགས་གཉེན་སྒྲིག ཁོང་གི་སྐུ་ཟླར་བྱིས་བ་བུ་དང་བུ་མོ་ཞིག་འཁྲུངས། བུ་དང་བུ་མོ་གཉིས་ཀ་འཚར་ལོངས་བྱུང་། བསྟན་འཛིན་བར་ཞི་ཡིས་རང་གི་བུ་ཕྲུག་གཉིས་ཀྱི་སྒང་ལ་བསམ་བློ་བཏང་། བུ་ཕྲུག་གཉིས་ཀ་སློབ་གྲ་གྲོལ་ནས་ནང་ལ་སླེབས་ན། བོད་སྐད་བསྐྱོན་དགོས་བའི་ཁྲིམས་བཟོས། ཁྱིམ་དུ་གླེང་མོལ་བྱེད་དུས། དབྱིན་སྐད་སོགས་མ་བསྲེས་བར་བོད་སྐད་གཙང་མ་བསྐྱོན་ན། བུ་ཕྲུག་གཉིས་ཀར་བརྔན་པ་ཆུང་ཆུང་རེ་སྤྲོད་རྒྱུ་བྱས། བསྟན་འཛིན་བར་ཞི་ཡི་མི་ཚེའི་ནང་ལ། མྱོང་ཚོར་དང་འགྱུར་བ་སྣ་མང་བྱུང་། འགྱུར་བ་སྣ་མང་ཞིག་བྱུང་བའི་ཁྲོད་ནས། རེ་འགའ་ངེད་ཀྱིས་ཡིག་ཐོག་ལ་ཕབ། བོད་རིགས་ྐློག་མཁན་ཚོའི་སྤྱན་ལམ་ལ་བསྟར། ངེད་ཀྱིས་ཡིག་ཐོག་ལ་ཕབ་པ་འདི་ཚོའི་ཁྲོད་ན། ནོར་བ་དང་ཆད་པ། ལྷག་པ་སོགས་ཡོད་ན། བསྟན་འཛིན་བར་ཞི་ལགས་གཙོས་བའི་བོད་རིགས་ྐློག་མཁན་ཚོར་དགོངས་དག་ཞུ།

རྩོམ་རིག

Post navigation

Previous Post: གློག་བརྙན་ཞེས་པའི་སྐོར་ལ་ལྟ་ཚུལ།
Next Post: ༧གོང་ས་མཆོག་བོད་དུ་ཕེབས་ཐབས་གཙོ་འདོན་གནང་རོགས།

Comments (19) on “མྱོང་བ་གསུམ་དང་འགྱུར་བ་གཞན་དག”

  1. རུ་དམ་ལུང་གི་བུ། says:
    2010-03-19 at 1:18 am

    གྲོགས་པོ་ཚོ་ང་ད་ལྟ་ཧོང་ཀོང་ལ་ཡོད། ངས་ཉིན་རྟགས་པར་དུས་བབས་བལྟ་བཞིན་ཡོད། འོན་ཀྱང་། ཉིན་གཉིས་སྔོན་ནས་འདི་ནས་དུས་བབས་ཁ་ཕྱེ་ཐུབ་ཀྱི་མི་འདུག དུས་བབས་ཚང་ལ་གནས་ཚུལ་འདྲ་བྱུང་བ་རེད་དང་། ས་ཆ་འདི་ན་རྒྱ་མིས་ལག་བསྙབས་བྱུང་བ་རེད།

  2. སྒར་ལུང་བསོད་འོད says:
    2010-03-19 at 6:56 am

    གྲོས་པོ་ལགས། དྲ་གནས་འདི་ནས་བརྒྱུད་འཛུལ་རོགསtp://tibettimes.tibethosting.com/index.php?id=68&type=p འདི་བརྒྱུད་ནས་དུས་བབ་དྲ་ཐོག་ལ་ཕེབས་རོགས། གྲོགས་དང་རོགས་ཚང་མར་དེ་དོན་གྱི་བརྡ་ལན་རེ་འབུལ་རོགས། མི་འགྱངས་པར་དྲ་བྱང་བསྐྱར་དུ་འགོད་ངེས་ཡིན་པས་སྐབས་བསྟུན་བརྡ་ལན་འབུལ་ཆོག

  3. བསྟན་འཛིན་། says:
    2010-03-19 at 8:01 am

    ཡག་པོ་འདུག ཕྱི་རྒྱལ་དུ་བཞུགས་མཁན་ཕ་མ་ཚོ་ཁོང་ལྟ་བུ་ཞིག་ཡིནན་སོ་སོའི་བུ་ཕྲུག་ཡག་པོ་ཆགས་ས་རེད།

  4. ཚངས་དབྱངས། says:
    2010-03-19 at 10:09 am

    རིག་འབྱུང་དོན་གྲུབ་བཀྲིས་ལགས།

    ཁོང་གི་མིང་འབྲི་སྟངས་དེ། “བསྟན་འཛིན་བར་གཞིས་”ཅེས་མ་རེད་དམ།

  5. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-19 at 12:20 pm

    རྒན་ཚངས་དབྱངས་ལགས།
    ཁོང་གི་མཚན་གྱི་སྐོར་ལ་ངེད་ནས་ཁ་པར་ཐེངས་འགའ་གཏོང་དགོས་ཐུག་སོང་།
    ཐོག་དང་པོར། ངེད་ཀྱིས་བསྟན་འཛིན་ཕར་ཞིས་ལབ་ནས་བྲིས་ཡིན། དེ་ནོར་བ་རེད་ཟེར།
    ངེད་ཀྱི་ཨམ་ཅོག་གིས་ཉན་སྟངས་ནོར་འདུག གནད་དོན་ཐུག་ས་ཡང་། ཨ་མདོའི་སྐད་ཀྱི་པ་དང་བ་་ྐློག་སྟངས་དང་དབུས་གཙང་སྐད་ཀྱིས་བ་དང་པ་ྐློག་སྟངས་ཀྱི་ཁྱད་པར་དེ་རེད།
    དེ་ནས། ཕར་ཞི་མ་རེད་བར་ཞི་རེད་ཟེར། བསྐྱར་དུ་བཅོས་བ་ཡིན། བཅོས་ནས་མཐའ་མའི་ངོ་བཤུས་དེ་དོ་བདག་གི་སྐུ་ཟླར་བཏང་བ་ཡིན། གཞན། ངེད་ཀྱིས་མི་ཤེས།
    གཅིག་བྱས་ན། ཁྱེད་ཀྱིས་གསུངས་བ་དེ་ལ་ཁུངས་ཡོད་སྲིད། སྐུ་ཉིད་ནས་བར་ཞི་མིན་པར་བར་གཞིས་ཡིན་པའི་སྐོར་ཅིག་གསུངས་ཐུབ་ན་ཡག

  6. མེ་ཆ་། says:
    2010-03-19 at 9:43 pm

    བརྩོམ་ཡིག་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་། ངོན་ནས་བཙན་བྱོལ་ཏུ་ཡོད་པའི་བུ་ཕྲུག་མང་པོ་ཞིག་ལ་། དཀའ་ངལ་འདི་ཕྲེད་བཞིན་ཡོད་པ་ངེས་ཡོད་གནས་ཚུལ་རེད་།

  7. ཕུག་རོན། says:
    2010-03-20 at 5:01 am

    རིག་འབྱུང་ལགས། ནུབ་ཏུ་ཡོད་པའི་བོད་རིགས་གཞོན་སྐྱེས་གང་མང་ཞིག་ལ་ཕ་སྐད་ཀྱི་ལམ་ནས་བོད་དོན་སྐོར་གྱི་གནས་ཚུལ་ངོ་སྤྲོད་ཞུ་རྒྱུའི་ཤེས་ཚད་དང་སེམས་ཤུགས་མེད་དུས། ཁྱེད་ཀྱིས་སློབ་སྦྱོང་གི་ཞོར་དུ་གནས་ཚུལ་འདི་རིགས་མཁྱེན་ལྡན་ཀློག་པ་པོའི་སྤྱན་ངར་འབུལ་བར་འོར་ནས་ཡང་དུ་འབོད་སྐུལ་ཞུ་བཞིན་ཡོད། དེ་མིན་རབ་ཡིན་ན་སྤྱི་ཚོགས་དང་འཚོ་བ་སོགསངོ་སྤྲོད་་བྱེད་ཐུབ་ན་བཟང་སྙམ། ཐུགས་རྗེ་ཆེ།

  8. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-20 at 10:59 am

    སྤྱི་ཚོགས་དང་འཚོ་བའི་སྐོར་ནས་མང་པོ་ཡོད་ཀྱི་རེད་དྲན། དེ་ཚོ་། ག་ལེར་ག་ལེར། དུས་ཚོད་ཀྱི་ཁོམ་ལོང་དང་བསྟུན་ནས་ྐློག་མཁན་ཚོའི་མདུན་ལ་འཇོག་གི་ཡིན།
    གཙོ་བོ་དུས་ཚོད་ཡོད་མེད་ཀྱི་ཁྱད་པར་དེ་རེད། དུས་ཚོད་འདི་གསེར་ལྟ་བུ་ཞིག་ཆགས་ནས་འདུག

  9. གངས་ཕྲུག says:
    2010-03-20 at 5:18 pm

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
    སྐུ་ཞབས་པདྨ་འབུམ་གྱིས་བྲིས་བའི་རྩོམ་མམ་པར་དུ་བསྐྲུན་པའི་དཔེ་ཆ་དག་དྲ་ངོས་ན་ཕབ་ལེན་བྱེད་རྒྱུ་ཡོད་དམ། ཡོད་ན་སྐུ་ཉིད་ནས་ཁ་གསལ་བོར་གསུང་རོགས་ཞུ། སྔོན་ཞིག་ལ་གཞིས་བྱེས་ལྷན་འཛོམས་ཀྱི་དྲ་ཐོག་ན་ཡོད་པ་འདྲ་མོད་ད་ལྟ་བོད་ནང་ནས་ཁ་ཕྱེས་མི་ཐུབ།།

  10. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-20 at 7:24 pm

    གངས་ཕྲུག་ལགས།
    ཁྱེད་ཀྱི་དྲི་བ་དེར་ངེད་ལ་ལན་ཁ་གསལ་ཞིག་མེད། མཁས་དབང་པད་མ་འབུམ་གྱིས་བྲིས་བའི་”མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་”དང”་དེ་ལ་ཁ་སྣོན་བྱས་བའི་རྩོམ་ཅིག་”བཅས་དེང་རབས་བོད་ཀྱི་རྩོམ་རིག་དང་སྤྱི་ཚོགས་ཀྱི་འགྱུར་བ་( Modern Tibetan Literature and Social change) ཟེར་བ་དེའི་ནང་ན་འདུག དབྱིན་ཡིག་གི་ཐོག་ལ་རེད།
    དེབ་དེ་དྲ་ཐོག་ནས་ཉོ་ཐུབ་ཀྱི་འདུག འབྲེལ་ཐག་འདི་ནས་གཟིགས་རོགས།
    http://search.barnesandnoble.com/Modern-Tibetan-Literature-and-Social-Change/Lauran-R-Hartley/e/9780822342779

  11. མགོ་རུལ། says:
    2010-03-20 at 8:06 pm

    ལྕམ་ལོ་ར་ལགས་ཀྱི་དེབ་དེ་གོང་ཆེ་གི་ཡ། ཨ་སྒོར་བརྒྱད་ཅུ་ཅིག་དགོས་ཀྱི་འདུག གནམ་ག ང་འདྲ་བས་གོ་མི་ཐུབ་པའི་སྟེང་དུ་ཉོ་ཡང་ཐུབ་ཀྱི་མི་འདུག

  12. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-20 at 9:31 pm

    མགོ་རུལ་ལགས།
    ཁྱེད་ཀྱིས་ཉོ་མི་་ཐུབ་ན་སྐྱོན་ཡོད་མ་རེད། ཏན་ཏན་ཁྱེད་རང་སྡོད་སའི་ཉེ་འཁྲིས་ལ་དཔེ་མཛོད་ཆེ་ཁག་དེ་འདྲ་ཡོད་ཀྱི་རེད།དེ་བ་ནས་གཡར་ན་འགྲིག་གི་རེད། དེ་ཐབས་ཤེས་ཡག་པོ་མི་འདུག་གམ། ཁ་སྔོོན་ངེད་ཀྱི་གྲོགས་པོ་ཞིག་གིས། དེབ་གཅིག་གཡར་ནས་མ་ྐློག་པར་བཞག བཞག་པའི་མ་ཚད་དུས་ཐོག་ལ་ཕྱིར་སྤྲོད་རྒྱུ་ཡང་བརྗེད། ཁ་སང་ཨ་རིའི་སྒྲོ་ལོར་༤༥ཆད་པ་སྤྲོད་དགོས་ཀྱི་འདུག་ཟེར། སྡུག་གྱོང་རེད་ལབ་པ་ཡིན།

  13. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-21 at 12:51 am

    གངས་ཕྲུག་ལགས།
    ངེད་ཀྱིས་གཅིག་བརྗེད་འདུག མཁས་དབང་པད་མ་འབུམ་གྱི་རྩོམ་ཡིག་འགའ་ལ་རྩེ་གསར་འཕྲིན་གྱི་སྟེང་ནས་རག་ཐུབ་པ་འདུག འབྲེལ་ཐག་འདི་བརྒྱུད། http://www.latse.org/ གསར་འཕྲིན་གྱི་སྟེང་ལ་བསྣུན་དང་། ཁོང་གི་རྩོམ་ཡིག་རྣམས་ལ་མཇལ་ཐུབ་པ་འདུག
    ཕྱི་ལོ་༢༠༠༧དང་༢༠༠༨ལོའི་ལ་རྩེའི་གསར་འཕྲིན་གྱི་ངོས་སུ། ཁོང་ནས་”མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེའི་སྐུ་ཚེ་སྐྱར་ཞིབ་”ཟེར་བའི་རྩོམ་གཅིག་ཀྱང་སྤེལ་འདུག

  14. གངས་ཕྲུག says:
    2010-03-21 at 8:33 am

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
    དུས་ལྟར་ལན་བསྐྱོན་པར་བཀའ་དྲིན་ཤིན་ཏུ་ཆེ། འོན་ཀྱང་ཁྱོད་ཀྱིས་གསུངས་བ་ལྟར་བསྒྲུབས་ཀྱང་ཕན་འབྲས་མ་བྱུང་། རྒྱུ་མཚན་ནི་ཉིད་ཀྱིས་སྦྱར་བའི་དྲ་ཚིགས་གོང་མ་ནི་དབྱིན་ཡིག་ཡིན་པས་འགྲོ་ལུགས་བསྒྲུབ་མ་ཤེས། ལྷག་པར་ཏུ་བོད་ནང་གི་བོད་མིས་ཉོས་ཚེ་སྦྲགས་ཁང་བརྒྱུད་དགོས་བས་ཐོན་སྲིད་དམ། གཞན་ལ་ཙེའི་དྲ་ངོས་ནས་སྐུ་ཞབས་པདྨ་འབུམ་གྱི་རྩོམ་ཡིག་ཞིག་མཐོང་མ་སོང་། གལ་ཏེ་དུས་ཚོད་ཡོད་ཚེ་ལན་ཞིབ་མོ་ཞིག་གསུངས་རོགས། བཀྲ་ཤིས་བདེ་ལེགས།།

  15. གངས་ཕྲུག says:
    2010-03-21 at 8:58 am

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
    ཞོར་དུ་ཞུ་རྒྱུ་ཞིག་ནི་བདག་ནི་རྩོམ་རིག་ལ་དུངས་བ་ཟབ་པའི་གཞིས་ལུས་བོད་པ་ཞིག་ལགས། ངས་ནི་བོད་ནང་གི་རྩོམ་པ་པོ་རེ་གཉིས་ཤིག་གིས་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ཞེས་པ་དཔྱད་གཞིའི་ཡིག་ཆ་རུ་བཀོད་ཡོད་པ་མཐོང་བྱུང་། ཤུགས་བརྒྱབ་ཀྱང་ལག་ཏུ་མ་སོན།
    གཞན་བོད་ཀྱི་དུས་བབས་དྲ་ཚིགས་སྟེང་དུའང་ཟིན་ཐོ་སྨིན་དྲུག་སྐེ་འཁྱོག ད་དུང་དེབ་གཞན་ཞིག་བཅས་ཀྱི་ཁ་བྱང་བཀོད་ཡོད་པ་མཐོང་མོད། ཀློག་ཡུལ་དུ་མ་གྱུར་ཀྱང་ཀློག་འདོད་ཀྱི་འདུན་པ་ལྟོགས་པའི་ཟས་དང་སྐོམ་པའི་ཆུ་ལ་འགྲན་པས་ན་དུས་ནམ་ཞིག་ལ་ང་དང་ང་ལྟ་བུའི་གཞིས་པ་ཚོར་ཀློག་པའི་སྐལ་བ་ལྡན་སྲིད་དམ་སྙམ་ཡོད། མཇུག་ཏུ་གཞིས་བྱེས་ལྷན་འཛོམས་ཡོང་བར་སྨོན་ལམ་ཡངཡང་འདེབས།།།

  16. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-21 at 12:03 pm

    གངས་ཕྲུག་ལགས།
    ལ་རྩེའི་དྲ་ངོས་ན་མཁས་དབང་པད་མ་འབུམ་རྩོམ་ཁ་ཤས་འདུག
    དེ་ཚོ་ཚང་མ་(PDF)ནང་ཡོད་འདུག སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་འདིར་ཞོག་དང་།
    ངེད་ཀྱིས་དེ་ཚོ་གློག་འཕྲིན་བརྒྱུད་ནས་བསྐུར་ཆོག དེ་ཙམ་ཡིན། ང་བྲེལ་བ་ཆགས་སོང་། དགོངས་དག

  17. གངས་ཕྲུག says:
    2010-03-22 at 6:11 am

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
    བདག་གི་གློག་འཕྲིན་ཁ་བྱང་ནི་769697715@qq.comཡིན། ཉིད་ཀྱིས་ཐུགས་རྗེས་གཟིགས་པར་དགའ་སྤྲོ་ཚད་མེད་སྐྱེས་བ་དང་ཆབས་ཅིག་བྱ་བ་ལམ་འགྲོ་ཡོང་བར་སྨོན་ལམ་ཞུ་འདོད་བྱུང་།

  18. ཚངས་དབྱངས། says:
    2010-03-22 at 9:49 am

    མཁྱེན་ཡངས་རིག་འབྱུང་དོན་གྲུབ་བཀྲིས་ལགས།

    སྐུ་ཉིད་ཀྱི་བྲིས་པ་དེ་འགྲིག་འདུག ངས་ཞིབ་འཇུག་བྱས་པ་ཡིན། བར་ཞི་རེད་འདུག བསྟན་འཛིན་བར་ཞིའི་ཨ་ཁུ་བར་ཞི་ངག་དབང་བསྟན་སྐྱོང་གི་གསུང་རྩོམ་ལས་ཤེས་བྱུང་།

    བར་ཞི་ངག་དབང་བསྟན་སྐྱོང་ནི། ༡༩༥༠ནང་བོད་ནས་བཙན་བྱོལ་དུ་ཕེབས་པའི་མཁས་དབང་འགྲས་ཤིག་རེད་གསུངས་བ་ཐོས།

    ཁོང་གིས་སུམ་རྟགས་སྐོར་དེབ་གཅིག་བྲིས་པ་མཐོང་།

  19. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-22 at 10:49 am

    རྒན་ཚངས་དབྱངས་ལགས།
    བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme