Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མྱུར་ཚད།

Posted on 2010-12-262010-12-26 By འབྲོང་བུ་ཟླ་བ་ཚེ་རིང་ 7 Comments on མྱུར་ཚད།

འབྲོང་བུ་ཟླ་བ་ཚེ་རིང་།

༼འདིར་བརྗོད་ཀྱིན་པའི་མྱུར་ཚད་ཅེས་པ་ནི་ཁ་ཕྱོགས་དང་གྲངས་འབོར་གཉིས་ལྡན་ཞིག་ལ་གོ་དགོས། ༽
མྱུར་ཚད།
མྱུར་ཚད་(Velocity)ཅེས་པ་ནི་དངོས་པོ་ཞིག་གནས་སའི་འགྱུར་ཚད་ལ་གོ་ཞིང། བསྐྱོད་པའི་ལམ་ཐག་འགོར་བའི་དུས་ཡུན་གྱིས་བགོས་ན་མྱུར་ཚད་རྙེད་ཐུབ། ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་འགུལ་སྐྱོད་རང་བཞིན་གྱི་བྱ་དངོས་ཡོད་ཚད་ལ་མྱུར་ཚད་ཡོད་ཅིང། ཐོག་མར་ཁ་ཕྱོགས་ཤིག་གཏན་འཁེལ་བྱས་ཏེ་ཚད་འཇལ་བའི་ཆ་ནས་མྱུར་ཚད་ལ་ཕོ་གྲངས་སམ་མོ་གྲངས་ཡང་ན་ཀླད་ཀོར་གང་རུང་ཡོང་སྲིད། དཔེར་ན། ཁྱེད་ཀྱིས་ས་གནས་ཤིག་གཏན་འཁེལ་གྱིས་ས་གནས་དེ་ནས་ཤར་ཕྱོགས་ནི་ཕོ་གྲངས་ཡིན་པར་ཆ་བཞག་ནས་ཤར་ཕྱོགས་སུ་བསྐྱོད་ན་མྱུར་ཚད་ནི་ཕོ་གྲངས་ཡིན་ཞིང། ཁ་ཕྱོགས་དེ་ལས་ལྡོག་ཕྱོགས་སུ་བསྐྱོད་ན་མྱུར་ཚད་ནི་མོ་གྲངས་ཡིན། འདིའི་སྐབས་ཀྱི་ཕོ་གྲངས་དང་མོ་གྲངས་ནི་ཁ་ཕྱོགས་ཀྱི་མཚོན་ཐབས་ཤིག་ཀྱང་ཡིན། དེ་བཞིན་ཁྱེད་རང་སྐོར་ལམ་སྒོར་དབྱིབས་ཡིན་པའི་མཆོད་རྟེན་ཞིག་གི་མཐའ་འཁོར་ནས་ཐེངས་གཅིག་སྐོར་བ་བསྐོར་བ་ཡིན་ན་ཁྱེད་ཀྱི་མྱུར་ཚད་ནི་ཀླད་ཀོར་རེད། འདི་ནི་ཁྱེད་རང་ཁ་ཕྱོགས་ངེས་གཏན་གྱི་ཕྱོགས་སུ་བསྐྱོད་པའི་ལམ་ཐག་ནི་ཀླད་ཀོར་ཡིན་པ་དང། ཁྱེད་རང་གི་འགུལ་བསྐྱོད་ཀྱི་ཁ་ཕྱོགས་སྒོར་དབྱིབས་དེའི་ཆ་ཤས་རེ་རེ་ན་འགྱུར་གྱིན་ཡོད་པས་སོ། འདི་མཚུངས་སུ་ཁྱེད་རང་ལམ་ཐག་ལེ་དབར་སྟོང་ཕྲག་མང་པོར་བསྐྱོད་དེ་རང་གནས་སུ་ལོག་པ་ཡིན་ན་ཁྱེད་ཀྱི་མྱུར་ཚད་ནི་ཀླད་ཀོར་ཡིན། དེ་བས་མྱུར་ཚད་ནི་ཁ་ཕྱོགས་ངེས་ཅན་ལྡན་པའི་ཚད་གཞི་ཞིག་ཡིན།

ལྟོས་བཅས་ཀྱི་མྱུར་ཚད། དངོས་ཁམས་རིག་པའི་གཏན་སྲོལ་གང་མང་ཞིག་ལྟོས་ས་ལྟོས་འཇོག་གིས་གཏན་འཁེལ་བྱས་དང་བྱེད་ཀྱིན་པས། མྱུར་ཚད་གླེང་སྐབས་ཀྱང་ང་ཚོས་ལྟོས་བཅས་ཀྱི་མྱུར་ཚད་ཅིག་ངེས་དགོས། ངའི་མྱུར་ཚད་ནི་ཆུ་ཚོད་གཅིག་ལ་སྤྱི་ལེ་བཅུ་ཡིན་ཞེས་ལབ་བཞིན་པའི་སྐབས་སུ། མྱུར་ཚད་འདི་ནི་སའི་གོ་ལ་ལ་ལྟོས་ནས་བཤད་པ་ཞིག་ཡིན་པ་དང། ང་ཚོ་ལ་ཆ་བཞག་ནས་བཤད་ན་སའི་གོ་ལ་ནི་འགུལ་མེད་ཅིག་ཏུ་ངོས་འཛིན་བྱེད་དགོས། འོན་ཀྱང་། འགུལ་ལྡན་དངོས་པོ་གཉིས་ཀྱི་ལྟོས་བཅས་ཀྱི་མྱུར་ཚད་གླེང་སྐབས་དེ་གཉིས་ཀྱི་ཁ་ཕྱོགས་གཙོ་བོར་འཛིན་དགོས། དངོས་པོ་དེ་གཉིས་ཀྱི་ལྟོས་བཅས་ཀྱི་མྱུར་ཚད་ནི་མྱུར་ཚད་གཅིག་ནས་གཅིག་འཐེན་པ་ལས་ཤེས་ཐུབ། དེ་ཡང་ ཐོག་མར་དངོས་ལྡོག་གི་ཁ་ཕྱོགས་གཏན་འཁེལ་བྱེད་དགོས། གལ་ཏེ་དངོས་པོ་ཀ་པ་དང་ཁ་པ་གཉིས་ཡོད་ན། དངོས་པོ་ཀ་པ་དེའི་མྱུར་ཚད་དངོས་པོ་ཁ་པ་དེ་ལ་བལྟས་ནས་བཤད་སྐབས་དངོས་པོ་ཀ་པ་དེའི་མྱུར་ཚད་ནས་དངོས་པོ་ཁ་པ་དེའི་མྱུར་ཚད་འཐེན་དགོས། དེ་བཞིན་དངོས་པོ་ཁ་པ་དེའི་མྱུར་ཚད་དངོས་པོ་ཀ་པ་དེ་ལ་བལྟས་ནས་བཤད་སྐབས་དངོས་པོ་ཁ་པ་དེའི་མྱུར་ཚད་ནས་དངོས་པོ་ཀ་པ་དེའི་མྱུར་ཚད་འཐེན་དགོས་པ་ཡིན། འདི་ལྟར་བྱས་ཚེ་ལྟོས་བཅས་ཀྱི་མྱུར་ཚད་ཀྱི་ཕོ་མོའི་རྟགས་ལ་བརྟེན་ནས་འགུལ་བསྐྱོད་ཀྱི་ཁ་ཕྱོགས་གསལ་བར་བྱེད་ཐུབ། ༼དེ་ཡང་དངོས་ལྡོག་གམ་ཕོ་མོའི་གྲངས་ཀྱི་རྩིས་ལ་བདེ་པོ་མེད་ན། དངོས་པོ་གཉིས་ཁ་ཕྱོགས་གཅིག་ཏུ་བསྐྱོད་ཀྱིན་ཡོད་ན་མྱུར་ཚད་ཆེ་བ་ནས་ཆུང་བ་འཐེན་དགོས་ལ། ལྡོག་ཕྱོགས་སུ་བསྐྱོད་བཞིན་ཡོད་ན་མྱུར་ཚད་གཉིས་སྡོམ་དགོས་པ་ཡིན།༽ ཁྱེད་རང་མེ་འཁོར་དང་རླངས་འཁོར་སོགས་ཀྱི་ནང་དུ་བསྡད་ནས་འགྲུལ་བསྐྱོད་བྱེད་སྐབས་ཁྱེད་ཀྱིས་སྒེའུ་ཁུང་ནས་ཕྱི་བལྟ་ཞིག་བྱོས་དང། ཁྱེད་རང་མདུན་ནས་མདུན་དུ་བསྐྱོད་བཞིན་པའི་སྐབས་སུ་ཁྱེད་ཀྱི་མིག་ནང་དུ་ཕྱི་རོལ་གྱི་འགུལ་མེད་དངོས་པོ་རྣམས་རྒྱབ་ནས་རྒྱབ་ཏུ་བསྐྱོད་བཞིན་པ་ལྟར་སྣང་བ་དང། ཕྱི་རོལ་གྱི་མི་ཞིག་གི་སྣང་ངོར་ཁྱེད་རང་མེ་འཁོར་དང་ལྷན་དུ་མདུན་ནས་མདུན་དུ་བསྐྱོད་བཞིན་ཡོད། མེ་འཁོར་ལ་བལྟས་ནས་བཤད་ན་ཁྱེད་རང་འགུལ་བསྐྱོད་རྒྱག་བཞིན་མེད། དེ་བཞིན། ཚུ་ཚོད་གཅིག་ལ་སྤྱི་ལེ་ཉིས་བརྒྱ་རེ་བསྐྱོད་བཞིན་པའི་ཁྱེད་ཀྱི་མེ་འཁོར་ནས་འགྲམ་དུ་བསྐྱོད་བཞིན་པའི་མེ་འཁོར་ལ་ལྟོས་དང། དེ་ཁྱེད་རང་གི་མེ་འཁོར་དང་ཁ་ཕྱོགས་གཅིག་ཏུ་བསྐྱོད་བཞིན་ཡོད་ན་ལྟོས་བཅས་ཀྱི་མྱུར་ཚད་ཅུང་ཆུང་བའམ་མེད་པ་དང། དེ་ཁྱེད་ཀྱི་ལྡོག་ཕྱོགས་སུ་བསྐྱོད་བཞིན་ཡོད་ན་ཁྱེད་ལ་དེའི་མྱུར་ཚད་ནི་ཧ་ཅང་མཐོན་པོ་ཡིན་པའི་ཚོར་སྣང་ཞིག་སྤྲོད་ཐུབ། ༼ཚོད་ལྟ་རེ་བྱོས་དང། ང་རང་ལ་མེ་འཁོར་དུ་བསྡད་དེ་ལྡི་ལི་ནས་སྦེང་ལོར་ལ་བསྐྱོད་སྐབས་ཚོར་སྣང་འདི་སྤྲད་བྱུང་། ཚོར་སྣང་དེ་དངོས་ནས་མི་འདྲ་བ་ཞིག་འདུག༽

བྲོས་ཚད། བྲོས་ཚད་(Escape Velocity) ནི་མེ་ཤུགས་འཕུར་མདའ་སོགས་བར་སྣང་ཕྱི་མར་གཏོང་རྒྱུའི་དངོས་པོ་ཞིག་སའི་གོ་ལ་ལྟ་བུའི་གོང་བུ་ཞིག་གི་འཐེན་ཤུགས་ལས་གྲོལ་བར་དགོས་ངེས་ཀྱི་མྱུར་ཚད་ལ་གོ་བ་ཡིན་ཞིང། སའི་གོ་ལའི་ངོས་ནས་བྱ་དངོས་གང་རུང་གི་བྲོས་ཚད་ནི་སྐད་ཆ་གཅིག་ལ་སྤྱི་ལེ་བཅུ་གཅིག་དང་ཚེག་གཉིས་ཡིན། དེ་བས་དངོས་པོ་ཅི་ཡིན་རུང་མྱུར་ཚད་འདི་དང་འདི་ལས་བརྒལ་བ་ཡོད་ན་གོ་ལའི་འཐེན་ཤུགས་ཀྱི་འཆིང་རྒྱ་ལས་གྲོལ་ཐུབ། འོན་ཀྱང་། མྱུར་ཚད་འདི་ལས་ཆུང་བ་ཡོད་ན་དངོས་པོ་དེ་གོ་ལའི་འཐེན་ཤུགས་ཀྱི་འཆིང་ལས་བརྒལ་མི་ཐུབ་པར་ཕྱིར་གོ་ལའི་ངོས་སུ་ལྷུང་འགྲོ་བ་ཡིན། བྲོས་ཚད་ནི་ནུས་པ་ཉར་ཚགས་ཀྱི་གཏན་སྲོལ་ཏེ་ནུས་པ་གསར་བསྐྲུན་བྱེད་མི་ཐུབ་ལ་མེད་པར་ཡང་བཟོ་མི་ཐུབ་པའི་ཆོས་ཉིད་གཞི་ལ་བཞག་ནས་གཏན་འཁེལ་བྱས་པ་ཞིག་རེད།
བྲོས་ཚད་ཀྱི་ངོ་བོ་ངེས་བའི་ཐོག་ནས་ང་ཚོས་བུ་ག་ནག་པོ་ནག་པོ་ཡིན་པའི་རྒྱུ་མཚན་གླེང་ན་འགྲིག བུ་ག་ནག་པོ་ནི་དགུ་ཚིགས་ཀྱི་དཀྱིལ་སྙིང་དུ་ངེས་ཤིང། སྟུག་ཚད་ཧ་ཅང་མཐོ་ཞིང་འཐེན་ཤུགས་ཧ་ཅང་ཆེ་བའི་ནམ་མཁའི་དངོས་རྫས་ཤིག་ཡིན། སྟུག་ཚད་ཧ་ཅང་མཐོ་ཞིང་འཐེན་ཤུགས་ཧ་ཅང་ཆེ་བའི་རྒྱུ་མཚན་གྱི་དབང་གིས་བུ་ག་ནག་པོའི་ངོས་ཀྱི་བྲོས་ཚད་ནི་འོད་ཀྱི་མྱུར་ཚད་ལས་ཆེ་བ་ཡོད་པ་ཡིན། འདི་ལ་བརྟེན་ནས་འོད་ཡིན་ཡང་བུ་ག་ནག་པོ་ལས་ཐར་ཐབས་མེད་སྟབས་བུ་ག་ནག་པོ་ནག་པོར་མངོན་པར་བརྗོད།

ཡ་མཐའི་མྱུར་ཚད། ཨའན་སི་ཊན་གྱིས་དམིགས་བསལ་རྟེན་འབྲེལ་གྱི་ལྟོས་གྲུབ་ཏུ་མྱུར་ཚད་ཀྱི་ཡ་མཐའ་སྟེ་མཐར་ཐུག་གི་མྱུར་ཚད་ནི་འོད་ཀྱི་མྱུར་ཚད་ཡིན་པར་བརྗོད་ལ་དངོས་པོ་གང་ལ་ཡང་འོད་ཀྱི་མྱུར་ཚད་ལས་བརྒལ་ཐུབ་པའི་མྱུར་ཚད་ཅིག་མེད་པར་བཤད། དེ་ཡང་ཁོང་གིས། མྱུར་ཚད་འོད་ཀྱི་མྱུར་ཚད་ལས་ལྡབ་ཀླད་ཀོར་ཚེག་བདུན་ལྔ་ཡིན་པའི་མེ་ཤུགས་འཕུར་མདའ་ཆེན་པོ་ཞིག་ནས་མེ་ཤུགས་འཕུར་མདའ་ཆུང་བ་ཞིག་གོང་གི་མྱུར་ཚད་དང་མཚུངས་པའི་མྱུར་ཚད་ཀྱི་ཐོག་ནས་མདུན་ཕྱོགས་སུ་བཏང་བ་ཡིན་པའི་དབང་དུ་བཏང་སྟེ་ཞིབ་འཇུག་བྱས་ན། ནེའུ་ཊོན་གྱི་ལུགས་ལྟར་ན་མེ་ཤུགས་འཕུར་མདའ་ཆུང་བ་དེའི་མྱུར་ཚད་ནི་འོད་ཀྱི་མྱུར་ཚད་ཀྱི་ལྡབ་གཅིག་ཚེག་ལྔ་ཡིན་དགོས་མོད། དོན་དངོས་སུ་དེ་ལྟར་མིན། དེ་ཡང། མེ་ཤུགས་འཕུར་མདའ་ཆེ་བ་དེའི་མྱུར་ཚད་ནི་སའི་གོ་ལ་ལ་བལྟས་ཏེ་བཤད་པ་ཞིག་དང་མེ་ཤུགས་འཕུར་མདའ་ཆུང་བ་དེའི་མྱུར་ཚད་ནི་མེ་ཤུགས་འཕུར་མདའ་ཆེ་བ་དེ་ལ་བརྟེན་ནས་བཤད་པ་ཡིན་པས། དོན་དངོས་ཐོག་༼རྩིས་རྒྱབ་ན་༽མེ་ཤུགས་འཕུར་མདའ་ཆུང་བ་དེའི་མྱུར་ཚད་ནི་འོད་ཀྱི་མྱུར་ཚད་ཀྱི་ལྡབ་ཀླད་ཀོར་ཚེག་དགུ་དྲུག་ཡིན་པར་བཤད། འོན་ཀྱང། དངོས་ཁམས་རིག་པ་ནི་ལྟོས་ས་ལྟོས་འཇོག་གིས་བཤད་དགོས་པ་ཞིག་ཡིན་ཕྱིར། ཕྱིའི་དངོས་ཁམས་རིག་པ་བ་འགས་འོད་ཀྱི་མྱུར་ཚད་ལས་མགྱོགས་པར་འགྲོ་ཐུབ་པའི་རྡུལ་ཕྲན་ཡོད་པར་འདོད་ལ། འོད་ཀྱི་མྱུར་ཚད་ལས་མགྱོགས་པར་འགྲོ་ཐུབ་པའི་ཁོར་ཡུག་ཅིག་ཀྱང་བསྐྲུན་ཐུབ་པར་འདོད་ཀྱིན་ཡོད་དོ།

དཔྱད་གཞིའི་ཡིག་ཆ།
http://www.xs4all.nl/~johanw/PhysFAQ/Relativity/SpeedOfLight/FTL.html
Einstein’s Cosmos by Michio Kaku
Simply Einstein by Richard Wolfson

ཚན་རིག

Post navigation

Previous Post: ལ་མོའི་རྩེ་ཡི་རྒྱ་ལོ་དོན་གྲུབ།
Next Post: འཇིགས་སྐུལ་བ་འཛིན་བཟུང་དང་རྡ་སའི་བདེ་འཇགས།

Comments (7) on “མྱུར་ཚད།”

  1. དཀོན་མཆོག says:
    2010-12-26 at 9:49 pm

    ཚན་རིག་སྦྱངས་མྱོང་མེད་ཙང་ཡག་པོ་ཞིག་མགོ་ཚོད་མ་སོང་ལགས། ཡི་གེ་ནི་ཡག་པོ་བྲིས་འདུག

  2. ཀརྡོ་རབ་འབྱམས་པ་ says:
    2010-12-27 at 7:25 am

    འབྲོང་བུ་ལགས་སོགས་སུ།
    དེ་ཡང་ཁོང་གིས། མྱུར་ཚད་འོད་ཀྱི་མྱུར་ཚད་ལས་ལྡབ་ཀླད་ཀོར་ཚེག་བདུན་ལྔ་ཡིན་པའི་མེ་ཤུགས་འཕུར་མདའ་ཆེན་པོ་ཞིག་ནས་་་་་་ ཞེས་པའི་ནང་ནས། ལྡབ་ཀླད་ཀོར་ཚེག་བདུན་ལྔ། ཟེར་ན་གང་ཡིན་ནམ། ་་་་ལས་ལྡབ་འགྱུར་བྱས་ནས་ ༠་༧༥ ལ་གོའམ། ཡང་ན། གོ་དོན་གཞན་ཅིག་ཡིན་ནམ།

  3. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-12-27 at 12:24 pm

    ཀརྡོ་རབ་འབྱམས་པ་ལགས།
    ཁྱེད་ཀྱི་དགོངས་ཚུལ་ལྟར་ལགས་ཏེ། འོད་ཀྱི་མྱུར་ཚད་ཚད་ལ་ལྡབ་འགྱུར་བྱེད་དགོས་པ་ཡིན། དེ་ཡང་འོད་ཀྱི་མྱུར་ཚད་ནི་c ཡིན་པས། འདིར་མེ་ཤུགས་འཕུར་མདའ་དེའི་མྱུར་ཚད་ནི་ 0.75c ཡིན་དགོས།

  4. ཀརྡོ་རབ་འབྱམས་པ་ says:
    2010-12-27 at 3:45 pm

    འབྲོང་བུ་ལགས་ཀྱི་འབྲི་རྩོམ་དང་མཆན་དྲིའི་ལན་ལ་ཐུགས་རྗེ་ཆེ།

  5. ཐབས་མཁས་ says:
    2011-01-07 at 11:58 am

    གྲོགས་པོ་འབྲོང་བུ་ལགས་ཡག་པོ་བྲིས་འདུག་་་་་་་་་་་་མུ་མཐུད་ནས་ནས་ཡིན་ད་་་་་་་་་་

  6. རི་མགོའི་བུ། says:
    2011-02-12 at 3:34 am

    ཚན་རིག་གི་གླེང་སྟེགས་འདི་བེད་སྤྱོད་བཏང་བར་ཤིད་ཏུ་ལེགས་།རྗེས་མ་ནས་མུ་མཐུད་དུ་འདི་བརྒྱུད་ནས་བོད་མི་ཤིས་ཡོན་པ་དག་གི་དེང་རབས་ཀྱི་ཐོག་ནས་བགྲོ་གླེང་རྒྱུ་བྱུང་ན་ཡག་པོ་འདུག་

  7. ལེགས་བཤད། says:
    2011-04-10 at 11:51 am

    འབྲོང་བུ་ཟླ་བ་ཚེ་རིང་ལགས། ཐུགས་རྗེ་ཆེ། མུ་མཐུད་དུ་དེ་འདྲའི་འགོད་རོགས། འོད་ཀྱི་མྱུར་ཚད་ལས་འགྱོགས་པར་སྐྱོད་ཐུབ་པའི་རྡུལ་ཕྲན་ཞིག་ཡོད་ཆོག་ན། དེ་ནི་རྟོག་བཏགས་ཙམ་ཞིག་ཡིན་འགྲོ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme