Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མོན་གྷོ་རུ་རྒྱ་གར་བའི་བཙན་གཡེམ།

Posted on 2015-03-242015-03-24 By ཁ་བརྡ 4 Comments on མོན་གྷོ་རུ་རྒྱ་གར་བའི་བཙན་གཡེམ།

གནས་ཚུལ་གཏོང་མཁན། ཚེ་བཀྲ།

 
ཁེ་སྔོན་མོན་གྷོ་འདོད་རྒུ་གླིང་དུ་རྒྱ་གར་བས་བོད་པའི་སློབ་ཕྲུག་བུ་མོ་ལ་བཙན་གཡེམ་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། དེ་ཡང་གནས་ཚུལ་ཐོན་གསལ་ལྟར་ན། ཁེ་ཉིན་ཕྱི་དྲོ་ཆུ་ཚོད་ལྔ་ནས་དྲུག་གི་བར་དེར་མོན་གྷོ་ཊི་གཞིས་གྲོང་བཞི་བ་དང་ལྔ་བའི་བར་གྱི་ཐང་སྟོང་དུ། བོད་པའི་སློབ་ཕྲུག་བུ་མོ་གསུམ་གྱིས་སློབ་སྦྱོང་བྱེད་བཞིན་པའི་སྐབས་དེར། རྒྱ་གར་ཕོ་གསར་གསུམ་སླེབས་ཏེ་རེ་རེ་བྱས་ནས་འཇུས་ཏེ་བཙན་གཡེམ་བྱེད་རྩིས་བྱས་ཡོད་པ་དང་། བུ་མོ་གཅིག་གིས་སོ་བཏབ་པ་སོགས་ཕྱིར་ཡ་ལན་བྱས་ཏེ་རྒྱ་གར་ལག་ནས་ཐར་བ་དང་བྲོས་ནས་གཞིས་གྲོང་གསུམ་པར་ཕྱིན་ཏེ་བོད་མི་ཚོར་བརྡ་བརྒྱབ་ཡོད་པ་དང་། དེ་མ་ཐག་བོད་མི་ཚོ་གནས་ཚུལ་འབྱུང་སའི་ས་རུ་རྒྱུག་པ་དང་། ནོར་བུ་རིའི་ཉེ་འགྲམ་ན་ལྕགས་དྲ་སྐོར་བཞིན་པའི་བོད་མི་སྐོར་ཞིག་གིས་ཀྱང་མཐོང་སྟེ་བུ་མོ་དེ་སྐྱོབ་པར་རྒྱུག་ཡོད།
འོན་ཀྱང་ཁོ་ཚོ་དེར་སླེབས་དུས་རྒྱ་གར་ཕོ་གསར་གཉིས་ཀྱིས་སྦག་སྦག་སྐོར་ཏེ་བྲོས་ཕྱིན་པ་དང་། ཕོ་གསར་གཅིག་དེ་གཅེར་བུར་ཕུད་པའི་བུ་མོའི་སྟེང་དེ་ག་རང་ནས་འཛིན་བཟུང་བྱས་ཡོད། དེ་རྗེས་ཕོ་གསར་དེ་རྒྱ་གར་ཉེན་རྟོག་པར་རྩིས་སྤྲོད་བྱས་མོད། གོ་ཐོས་ལ་ཉེན་རྟོག་པས་དེ་ཙམ་ཡ་བྱེད་ཀྱི་མེད་པར་སྣང་མེད་ལྟ་བུ་བྱེད་ཀྱིན་ཡོད་འདུག་ལ། ལྷག་པར་དུ་གནོད་འཚེ་ཐེབས་མཁན་བུ་མོ་དེའི་ཕ་ཡིན་པར་གྲགས་པའི་རྒྱ་གར་བ་ཞིག་ཡོད་པ་དེས་ཀྱང་གཏུག་གཤེར་སོགས་བྱེད་ཀྱིན་མེད་པར་སྣང་མེད་དུ་བཞག་ཡོད་འདུག

བཙན་གཡེམ་བྱེད་མཁན་གྱི་རྒྱ་གར་བ་གསུམ་པོ་ནི་ཧོབ་ལི་གྲོང་ཁྱེར་ནས་ཡིན་པ་དང་། དེ་ཡང་རྒྱ་གར་རྐང་གསུམ་གླ་འཁོར་གཏོང་མཁན་ཚོས་ཁྲིད་ཡོང་ནས་བུ་མོ་དེ་ཚོ་རྩིས་སྤྲོད་བྱས་ཡོད་ཚུལ་འདུག་པ་དང་། གནས་ཚུལ་འགྲེལ་བརྗོད་ལྟར་ན། དུས་རྒྱུན་བོད་པའི་བུ་མོ་ཚོས་རྒྱ་གར་གླ་འཁོར་གཏོང་མཁན་དེ་ཚོ་དང་ལྐོག་འབྲེལ་བྱེད་བཞིན་ཡོད་སྟབས། གླ་འཁོར་ཁ་ལོ་བ་སོགས་སྐྱག་ལང་ལ་ཤོར་ཏེ་ས་གནས་གཞན་ནས་ཀྱང་ཁོ་ཚོའི་ངོ་ཤེས་མིན་གྱི་ཕོ་གསར་གཞན་ཁྲིད་ཡོང་བཞིན་ཡོད་པ་དང་། ད་ཐེངས་སྟབས་མ་ལེགས་པར་སློབ་ཕྲུག་ཡིན་པའི་བུ་མོ་དེ་ཚོས་དང་ལེན་མ་བྱས་པས་བཙན་པོ་བྱེད་དགོས་ཐུག་པར་མ་ཟད་མི་མང་གི་འཛིན་བཟུང་འོག་ཏུ་ཐེབས་པ་རེད་འདུག

རྒྱུས་ཡོད་ཀྱི་མི་ཞིག་གིས་བཤད་པ་ལྟར་ན། རྒྱ་གར་བའི་གཙན་གཡེམ་གྱི་གནས་ཚུལ་འདི་ལྟ་བུ་དུས་རྒྱུན་བོད་པའི་སྤྱི་ཚོགས་ནང་མང་བོ་བྱུང་བཞིན་པ་དེའི་རྒྱུ་མཚན་ནི། རྒྱ་གར་བ་དེ་དག་གིས་གཅིག་ནས་བོད་མོ་ཚོར་བཙན་གཡེམ་བྱས་ན་ཡང་གཏུག་བཤེར་མི་བྱེད་པ་ཤེས་ཀྱི་ཡོད་པ་དང་། གཉིས་ནས་རྙོག་དྲ་སོགས་བཟོས་ན་ཡང་ཕྱིར་གནོན་ཤུགས་སྤྲོད་ཆོག་ཆོག་ཡིན་པའི་བསམ་བློ་ཡོད་པས། བཙན་གཡེམ་སོགས་མ་བྱས་ན་རང་གར་མ་བྱས་པའི་འདུ་ཤེས་ཡོད་པས་རེད་ཟེར། དེ་བས་ད་ཐེངས་རྒྱ་གར་ཕོ་གསར་དེ་འཇུ་བཟུང་བྱས་སྐབས་ཀྱང་ཁོས་སྐད་འབོད་རྒྱག་གི་ཡོད་ཚུལ་འདུག

གསར་འགྱུར།

Post navigation

Previous Post: སྐབས་༡༥ གྲོས་ཚོགས་ཚོགས་དུས་༩ ༼ཉིན་བརྒྱད་པ།༽
Next Post: ནོར་གླིང་། བོད་ཁྱིམ། སྨན་རྩིས་ཁང་སོགས་ཀྱི་རྩིས་ཁྲའི་གནས་སྟངས་ཞན་ཤོས་རེད།

Comments (4) on “མོན་གྷོ་རུ་རྒྱ་གར་བའི་བཙན་གཡེམ།”

  1. སྤུ་གྲི་རེག་གཅོད། says:
    2015-03-24 at 11:33 pm

    ཧཧཧཧ་བོད་པ་ཚོའི་ཡོད་ཚད་ནས་ཡོད་ཚད་རྒྱ་གར་བ་ལ་སྐྱབས་བཅོལ་ནས་ཡོད། ཚ་བ་དང་ནད་རིག་མང་ལ་རིག་
    རུས་ཀྱི་དབྱེ་འབྱེད་དང་དབུལ་པོའི་ལུང་པ་གང་བའི་ཡུལ་དེ་ལ་འཕགས་པའི་ཡུལ་ཞེས་བོད་པ་ཚོའི་བསྟོད་པ་བྱེད།

  2. ལྷ་བྱ་འཕུར་མ། says:
    2015-03-25 at 4:46 am

    ད་ཡིན་ན་ལྟད་མོ་འདུག

  3. གངས་ལྡོམ། says:
    2015-03-25 at 9:55 am

    གཞིས་ཆགས་འདི་ཚོ་ལ་འདི་དགོས། དེ་མིན་རང་ཉིད་བོད་པ་ཡིན་པའང་བརྗེད་ཀི་ཡོད།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-03-25 at 1:20 pm

    འདི་གསར་འགྱུར་རེད་དམ། སྲང་ལམ་གྱི་དཀྲོགས་གཏམ་རེད། ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme