Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེར་བསྲེཊ་གཏོང་མཁན་ ༣ གྱི་བརྙན་པར་ལག་སོན་བྱུང་།

Posted on 2012-05-092012-05-09 By ཁ་བརྡ་ 24 Comments on མེར་བསྲེཊ་གཏོང་མཁན་ ༣ གྱི་བརྙན་པར་ལག་སོན་བྱུང་།

༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽

རྔ་པ་འཛམ་ཐང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ། སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་དང་ཆོས་འཕགས་སྐྱབས། བསོད་ནམས་བཅས་གསུམ་གྱི་ཁ་ཆེམས་ཡི་གེ་དང་བརྙན་པར་ཞིག་གསར་དུ་ལག་སོན་བྱུང་འདུག དེ་རིང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷགས་པ་ཚེ་རིང་ཚོགས་ཁང་དུ། ཕ་ཡུལ་ཨ་མདོ་མགོ་ལོག་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་འདིའི་ཕྱི་ཚེས་ ༦ ཉིན་བསྟན་པ་ལགས་སུ་ད་ལོའི་ཕྱི་ཟླ་ ༤ ཚེས་ ༡༩ ཉིན་རྔ་པ་འཛམ་ཐང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་བྱས་ཏེ། སྐུ་སྲོག་གྲོངས་པའི་རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་དང་བསོད་ནམས་རྣམ་གཉིས་དང་། དེ་བཞིན་ཕྱི་ཟླ་ ༢ ཚེས་ ༡༩ ཉིན་རང་ལུས་མེར་བསྲེགས་བཏང་སྟེ། སྐུ་གྲོངས་ཟིན་པའི་རྒྱལ་གཅེས་དཔའ་བོ་སྣང་གྲོལ་བཅས་ཀྱི་ཁ་ཆེམས་ཡི་གེ་དང་སྐུ་པར། བརྙན་པར་བཅས་ལག་སོན་བྱུང་བ་རྣམས་ཀློག་འདོན་དང་གཟིགས་འབུལ་ཞུས་སོང་ལ། ཁ་ཆེམས་ཡི་གེ་དེ་ནི། བསྟན་པ་དར་རྒྱས་ལགས་ཀྱིས་ཉེ་ལམ་ཁོང་ལ་བོད་ནས་འབྱོར་བའི་བརྙན་པར་ལས་ཡིག་ཐོག་ཏུ་ཕབ་པ་ཞིག་ཡིན་འདུག

དེའི་ནང་རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱི་ཁ་ཆེམས་ནང་། “ ལ་རྒྱའི་སྙིང་སྟོབས་མ་ཞན་མགོ་བོ་ཁྱོགས། མིང་སྣང་གྲོལ་ང་ཡི་ལ་རྒྱ། ངའི་དྲིན་ཅན་ཕ་ལོ་མ་ལོ༌། ངའི་འདང་ཅན་ཕུ་ནུ་ཉེ་འཁོར། ང་མི་འདུག་འགྲོ་རན་བྱུང་ཐལ། ངས་དྲིན་ཅན་བོད་མིའི་དོན་ལ། ངའི་ཚེ་སྲོག་མེ་ལ་བསྐུར་ནས། བོད་མི་རིགས་ཕོ་མོ་རྣམ་པ། བུ་ང་ཡི་རེ་བ་ཡིན་ན། ཁྱེད་ཚང་མར་མཐུན་སྒྲིལ་ཡོད་དགོས། བོད་ཡིན་ན་བོད་ལྭ་གྱོན་དགོས། དེའི་མི་ཚད་བོད་སྐད་བཤད་དགོས། བོད་ཡིན་ནོ་སེམས་ནས་མ་བརྗེད། བོད་ཡིན་ན་བྱམས་དང་སྙིང་རྗེ་དགོས། ཕ་མ་ལ་བརྩི་བཀུར་དགོས། མི་རིགས་ལ་མཐུན་སྒྲིལ་ཡོད་དགོས། དུད་འགྲོ་ལ་སྙིང་རྗེ་སྒོམ་དགོས། སེམས་ཅན་གྱི་ཚེ་སྲོག་ལ་འཛེམ་དགོས། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག བོད་གངས་ཅན་གྱི་བླ་སྤྲུལ་མཁན་པོ་སོགས་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་རིགས་རྒྱ་ངན་འདིའི་འོག་ནས་ཐར་བར་ཤོག རྒྱ་ངན་འདིའི་འོག་ནས་བོད་ལ་སྡུག་བསྔལ་ཆེ། སྡུག་བསྔལ་དེ་བཟོད་ཐབས་ཧ་ཅང་དཀའ། རྒྱ་ངན་འདིས་བོད་པ་བཙན་བཟུང་བྱེད། ཁྲིམས་ངན་འདིའི་འོག་ནས་འདུག་ཐབས་མེད། རྨ་མེད་པའི་གཅར་རྡུང་བཟོད་དཀའ། རྒྱ་ངན་དེར་བྱམས་དང་སྙིང་རྗེ་མེད། མཐའ་གཞུག་ལ་བོད་ཀྱི་ཚེ་སྲོག་བཅད། རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག ” ཅེས་བཀོད་འདུག
དེ་བཞིན། རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་ལགས་དང་བསོད་ནམས་གཉིས་ཀྱི་ཁ་ཆེམས་ཡི་གེའི་ནང་། “ བོད་མི་རིགས་འདི་གཞན་དང་མི་མཚུངས་བའི་ཆོས་དང་རིག་གནས། བྱམས་དང་སྙིང་རྗེ་ལྡན་པ། གཞན་ལ་ཕན་སེམས་ཆེ་བའི་མི་རིགས་ཤིག་ཡིན། ཡིན་ན་ཡང་། བོད་མི་རིགས་རྒྱ་ནག་གིས་བཙན་བཟུང་དང་དྲག་གནོན་མགོ་སྐོར་བྱས་པས། ང་ཚོ་བོད་མི་རིགས་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྡུག་བསྔལ་དང་། འཛམ་གླིང་ཞི་བདེ་ཡོང་ཆེད་ངས་རང་ལུས་མེར་བསྲེགས་པ་ཡིན། ང་ཚོ་བོད་མི་རིགས་ལ་རང་དབང་མེད་པའི་སྡུག་བསྔལ་འདི། ངས་རང་ལུས་མེར་བསྲེགས་པ་ལས་ཀྱང་སྡུག་བསྔལ་ལྷག་ཏུ་ཆེ། འཇིག་རྟེན་འདི་ན་ཆེས་དྲིན་ཆེ་བའི་ཕ་མ་དང་ཁྱིམ་མི་བཟའ་ཚང་། ཕུ་ནུ་ཉེ་འབྲེལ་རྣམ་པ། ངེད་གཉིས་ཀྱིས་ཁྱེད་ཅག་ལ་འདང་མ་བརྒྱབ་པ་མིན། ངེད་གཉིས་ཁྱེད་ཅག་དང་ཁ་བྲལ་བར་རྔམ་པ་མིན། རང་གི་ཚེ་སྲོག་ལ་གཅེས་སྐྱོང་མ་ཤེས་པ་ཡང་མིན། སེམས་དང་བསམ་པ་མཉམ་པའི་སྒོ་ནས། ངེད་གཉིས་ཀྱིས་སེམས་བསམ་པ་མཉམ་པའི་སྒོ་ནས། བོད་ལ་རང་དབང་ཐོབ་པ། སངས་རྒྱས་ཀྱི་བསྟན་པ་དར་བ། སེམས་ཅན་ལ་བདེ་སྐྱིད་བསྐྲུན་ཐུབ་པ། འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་ངེད་གཉིས་ཀྱིས་རང་ལུས་མེར་བསྲེགས་པ་ཡིན།
ཁྱེད་ཅག་གིས་ངེད གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབ་དགོས། ངེད་གཉིས་རྒྱ་ལག་ཏུ་ཤོར་ཡང་ཁྱེད་ཅག་གིས་ཅི་ཡང་བྱེད་མི་དགོས། ངེད་གཉིས་ཀྱི་ཆེད་དུ་མི་གཅིག་ལ་གནོད་འཚེ་མེད་ན་ངེད་གཉིས་ཀྱི་བསམ་པ་འགྲུབ་པ་ཡིན། ངེད་གཉིས་ཀྱི་ཆེད་དུ་ཁྱེད་ཅག་གིས་སེམས་སྐྱོ་ན། མཁས་བ་དང་མཁན་སྤྲུལ་རྣམས་ཀྱི་ཁ་ཉན་ནས་རིག་གནས་སྦྱང་ན་རིག་གནས་སྦྱོང་བའི་ཁ་ཕྱོགས་མི་ནོར་བ་དང་། རང་རིགས་ལ་དུངས་ཞེན་དང་། རང་གི་རིགས་གནས་ལ་འབད་རྩོན་བྱས་ནས་རང་ཚུགས་མ་ཤོར་བར། རྡོག་རྩ་གཅིག་སྒྲིལ་བྱས་ན་ངེད་གཉིས་ཀྱི་རེ་བ་འགྲུབ་པ་ཡིན། ངེད་གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབ་པར་སྙིང་ནས་རེ་བ་ཡོད། ” ཅེས་བཀོད་འདུག

གསར་འགོད་པ། དོན་གོ

གསར་འགྱུར།

Post navigation

Previous Post: མེར་སྲེག་ལས་འགུལ་གླེང་བ།
Next Post: ཡུལ་ལ་ལོག་ཤོག -(ཞར་བཀོད་ལྔ།)

Comments (24) on “མེར་བསྲེཊ་གཏོང་མཁན་ ༣ གྱི་བརྙན་པར་ལག་སོན་བྱུང་།”

  1. ཨ་རིག་དགེ་མཐོང་། says:
    2012-05-09 at 12:45 pm

    དཔའ་པོ་འདི་ཚོའི་ཁ་ཆེམས་ལ་ལྟོས་དང་། ཚོགས་སྡེ་ཕན་ཚུན་གྱིས་རྒྱལ་དར་ཞིག་ཁྱེར་མ་ཁྱེར་བརྩད་ནས་གསར་འགོད་གསལ་བསྒྲགས་བྱེད་རན་རེད་དམ།

  2. བྷོ་ཊའི་འཁྱམ་པོ། says:
    2012-05-09 at 1:18 pm

    དཔའ་བོ་གཞོན་སྐྱེས་ཁོང་རྣམས་ཀྱི་སྙིང་སྟོབས་དང་ལ་རྒྱ། མི་རིགས་ལ་བཅངས་པའི་བརྩེ་སེམས་དག་ལ་ལེགས་པར་ཉོན་དང་། མི་རིགས་ཀྱི་རྩ་དོན་ཆེད་གོམ་སྐྱོད་དུ་ཕེབས་བཞིན་པའི་གླིང་ཚ་མ་སྨད་གསུམ་གྱི་ཐག་གཅོད་འདིར་རྒྱབ་སྐྱོར་མེད་སྐོར་གྱིས་སྤོབས་སེམས་ཆེན་པོས་གསལ་བསྒྲགས་ཞིག་སྤེལ་འདུག གཞོན་ནུ་ལྷན་ཚོགས། ད་བཟོད་ཐབས་མིན་འདུག ཁྱེད་ཅག་དུས་རྒྱུན་དུ་རང་གིས་ལྟ་བ་དང་། ལངས་ཕྱོགས་མཁོ་ནར་བརྩོད་བསྡད་པ་དེར་ཞེན་པ་ལོག་སོང་། ད་ང་ནི་ཁྱེད་ཅག་གིས་སྒྲིགས་ཁོང་ལས་དགོངས་ཞུས་ཀྱིས་ཉིན་ལྟར་རྩ་དོན་སྤེལ་གྱིན་པའི་སྐྱེ་བོ་ཁོང་ཚོར་གུས་བཏུད་གྱིས་མཉམ་ཞུགས་བྱེད་པར་འགྲོ་མཁན་ཡིན། ད་ལྟ་ལངས་ཕྱོགས་རྩོད་པའི་དུས་མིན་པས། གཞོན་ལྷན་ཁྱེད་ཅག་གིས་མཁྱེན་པར་མཛོད།

  3. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-05-09 at 1:36 pm

    སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།

  4. ཁ་བ་འཚོ says:
    2012-05-09 at 1:47 pm

    ཁ་བརྡ་ཚང་གིས་ཀླུ་སྨྱོན་གྱིས་སྨྱོ་བཤད་རྐྱང་ཕུད་པ་ལས་འདི་འདྲའི་གསར་འགྱུར་དང་བོད་མིའི་བདེ་སྡུག་འབྲི་མཁན་ཕུད་ན་ལེགས།དཔའ་བོ་འདི་དགལ་སྙིང་ཐག་པ་ནས་མྱ་ངན་གུས་འདུད་ཞུ།

  5. དྲ་གཉིད་ says:
    2012-05-09 at 2:01 pm

    དངོས་གནས་མིག་ཆུ་རང་དབང་མེད་པ་ཤོར་སོང་། རྒྱལ་གཅེས་དཔའ་བོ་སྣང་གསལ་ལགས་ཀྱིས། བོད་མི་རིགས་རྒྱ་ངན་འདིའི་འོག་ནས་ཐར་བ་ཤོག རྒྱ་ངན་འདིའི་འོག་ནས་སྡུག་བསྔལ་ཆེ། སྡུག་བསྔལ་དེ་བཟོད་ཐབས་ཧ་ཅང་དཀའ། རྒྱ་ངན་དེས་བོད་པ་བཙན་བཟུང་བྱེད། ཁྲིམས་ངན་འདིའི་འོག་ནས་འདུག་ཐབས་མེད། རྨ་མེད་པའི་གཅར་རྡུང་བཟོད་དཀའ། རྒྱ་ངན་དེར་བྱམས་དང་སྙིང་རྗེ་མེད། མཐའ་བཞུག་ལ་བོད་ཀྱི་ཚེ་སྲོག་བཅད་ཞེས་སོགས་གསུངས་པ་ལྟར་ན་གཞོན་ནུ་ཚོགས་པར་རྒྱབ་སྐྱོར་ཞུ་དགོས་ངེས་རེད།། །།

  6. དངས་བླངས་པ says:
    2012-05-09 at 2:45 pm

    གཞོན་ནུ་ལ་རྒྱབ་བསྐྱོར་བྱོས། འཕྲལ་ཕུག་གཉིས་ལ་ཕན། འདས་པོ་ཚོའི་ཞལ་ཆེམས་གཟིགས། ཕུག་རྒྱང་རིང་པོར་ལྟོས། གཞོན་ནུ་ལ་རྒྱབ་བསྐྱོར་བྱོས།

  7. ཀུན་གསལ་ཟླ་བ། says:
    2012-05-09 at 4:48 pm

    དཔའ་བོ་འདི་དག་ལ་སྙིང་ནས་གུས་བཀུར་ཞུ།།

  8. ཀརྨའི་སྐུ་སྲུང་བ། says:
    2012-05-09 at 6:26 pm

    དཔའ་བོ་འདི་དག་གི་ཞལ་ཆེམ་ལ་གཟིགས་ནས་གཞོན་ནུ་ཚོགས་པ་ལ་རྒྱབ་སྐྱོར་གྱིས་དང་།

  9. བཀྲ་ཤིས་རྒྱལ། says:
    2012-05-09 at 7:00 pm

    དཔའ་བོ་འདི་ཚོའི་སྙིང་སྟོབས་དང་ཁ་ཆེམས་ལ་ལྟོས་དང་། བཙན་བྱོལ་ནང་ངོ་ཚ་མེད་པའི་མི་རེ་ཟུང་གིས་དར་དམར་མགོ་ལ་འཁུར་བ་ཕ་བསད་པར་རྒྱ་རྔ་རྡུང་ཞེས་པའི་དཔེ་ལྟར་མ་ཡིན་ནམ།།

  10. ངག་ཆེན་ says:
    2012-05-09 at 8:04 pm

    བོད་ཀྱི་དཔའ་བོ་སེམས་པ་ཆེན་པོ་ཁོང་རྣམས་པའི་ཞལ་ཆེམ་ནི་གངས་ཅན་པ་ཡོངས་ཀྱི་སྙིང་དབུས་སུ་བཟུང་དགོས་ངེས་རེད། ང་ཚོས་རང་ལུས་མེར་བསྲེགས་མ་ནུས་རུང། བོད་མི་མཐུན་སྒྲིལ་དང་བོད་མིའི་ལ་རྒྱ་ཡ་རབས་བཟང་ཆོས་ལྡན་ཞིག་གནང་དགོས་ངེས་རེད། བོད་ཀྱི་དཔའ་བོ་རྣམས་པའི་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡིད་རང་དང་ མ་འོང་པར་ཉོན་དགྲ་བཅོམ་རྗེས་
    བསྟན་དོན་དུ་ཁྱེད་ལམ་དུ་ཡོངས་ཐུབ་པའི་སྨོན་འདུན་ཞུ། བོད་རྒྱལ་ལོ།

  11. མངའ་རིས་ཕྲིན་ལས། says:
    2012-05-09 at 8:53 pm

    རང་རིགས་ལ་བརྩེ་སེམས་དང་ལ་རྒྱ་ཅན་ཕོ་རྒོད་ཁོང་རྣམས་ཀྱི་ཁ་ཆེམ་རྣམས་བོད་མི་ཡོངས་ཀྱི་སྙིང་ལ་བཅང་ནས་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ་མ་རེད་དམ། སྐྱེ་བོ་སྒེར་དང་། ཚོགས་སྡེ་སུ་ཡིན་རུང་ལས་འགུལ་སྤེལ་ཕྱོགས་དང་། ཕྱིའི་རྣམ་པ་ཙམ་ལ་བཤད་རེས་དང་གཏམ་རེས་རྐྱང་མི་བྱེད་པར། སུ་ཞིག་གིས་བོད་མི་རིགས་ཀྱི་དོན་དུ་ལས་འགུལ་སྤེལ་བར་ཚང་མས་བསྔགས་བརྗོད་དང་རྒྱབ་སྐྱོར་བྱེད་པ་ལས། ཕྱིའི་རྣམ་པ་དང་ཆ་ལུགས་ཙམ་ལ་སྐྱོན་བརྗོད་བྱེད་དགོས་དོན་ཆུང་། ཆབ་སྲིད་ནི་ཡུལ་དུས་གནས་སྐབས་དགོས་པ་དགོས་ཆེད་སོགས་ལ་གཞིག་ནས་ལས་འགུལ་སྤེལ་དགོས་པ་ལས་ག་དུས་ཡིན་ཀྱང་ལག་ལེན་བསྟར་རྒྱུ་དང་། ཁ་ནས་བཤད་རྒྱུ་གཅིག་རང་གིས་བོད་མིའི་རྩ་དོན་འགྲུབ་རྒྱུ་ཨེ་ཡོད།

  12. རུ་ཤུལ་བུ་ says:
    2012-05-10 at 12:04 am

    ཅི་འདྲའི་སྙིང་སྟོབས་ཡོད་ནི་རེད། སྦྱིན་བསྲེགས་གནང་ཚར་བའི་སྐུ་པར་དེ་ལ་བལྟ་འདོད་ཀྱང་སེམས་ཀྱིས་མི་བཟོད་ཀི། ཁོང་རྣམ་པའི་ཞལ་ཆེམས་ཆུ་ལ་མི་སྐུར་བའི་སྨོན་ལམ་འདེབས།

  13. ཐོར་རྒོད་པ་སྤྱན་ཆབ། says:
    2012-05-10 at 1:32 am

    ༸གོང་ས་ཏཱ་ལའི་བླ་མས་སྐྱོབས་ཤིག

  14. གཉིས་མེད་སེངྒེ says:
    2012-05-10 at 2:10 am

    ཁྱེད་ཅག་ཇི་ལྟར་འཁྲུངས་པ་ཁྱེད་ཉིད་ཚོས་མི་དྲན་རུང་། ཁྱེད་ཅག་འདི་ལྟར་གཤེགས་པ་འཛམ་གླིང་གིས་དྲན་ཡོད།

  15. ལ་རྒྱའི་བདག་པོ། says:
    2012-05-10 at 3:00 am

    རྒྱལ་གཅེས་དཔའ་བོ་དམ་པ་ཚོ་ཁྱེད་ཚོས་རྣམ་ཤེས་བདེ་བར་བཞུད་རོགས།ང་ཚོས་ཁྱེད་ཚོའི་ཐུགས་རེ་དང་།ལྷག་བསམ།ཆོད་སེམས།སྙིང་སྟོབས།ཞལ་ཆེམས་བཅས་ཆུ་གཟོད་དུ་མ་བཏང་བར་སྙིང་དབུས་སུ་བཅངས་ཏེ་རང་རང་བསྒྲུབ་ཐུབ་པའི་ལས་འགུལ་ཆུང་ཆུང་ནས་འགོ་བརྩམས་ཏེ་གང་ཐུབ་ཅི་ནུས་གྱི་བོད་དོན་གྱི་བྱ་བ་ཞིག་བསྒྲུབ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན།ཁྱེད་རྣམས་ཀྱི་རྣམ་ཤེས་བདེ་བར་གཟིམ་རོགས།གུས་པས་མིག་མཆུའི་རྡོག་པོ་དེ་དཔང་པོར་བཞག་ནས་༼དེང་ཕྱིན་ཆད་བོད་རིགས་ནང་ཁུལ་ལ་བོད་ཡིག་ཁའི་ལམ་ནས་ཡིག་འཕྲིན་གཏོང་ལེན་བྱེད་པ་ལས་དེ་མིན་སྐད་ཡིག་བེད་སྤྱོད་མི་བྱེད་རྒྱུའི་༽དམ་བཅའ་ཆུང་ཆུང་ཞིག་འབུལ་རྒྱུ་ཡིན།དམ་བཅའ་དེ་དང་འགལ་ན་གུས་པ་ཡང་ཁྱེད་རྣམས་ཀྱི་རྗེས་སུ་འཁྲིད་རོགས།

  16. ལ་རྒྱའི་བདག་པོ། says:
    2012-05-10 at 3:01 am

    ༼བོད་ཡིག་ཁོ་ནའི་༽ཞེས་བཅོ་རོགས།

  17. མདོ་སྨད་པ་བླུན་པོ་ says:
    2012-05-10 at 6:14 am

    རྒྱལ་གཅེས་དཔའ་བོ་ཁོང་རྣམ་པ་མེས་ཚུགས་པའི་སྐུ་པར་དང་ཞལ་ཆེམས་མཐོང་བ་ཙམ་གྱིས་ངོ་མ་མིག་ནས་མཆི་མ་མི་ཡོང་ཀ་མེད་རེད། ཡིན་ན་ཡང་ཚོགས་པ་ཁ་ཤས་དང་། མི་སྒེར་ཁ་ཤས་ཀྱིས་ཁོང་ཚོའི་ཞལ་ཆེམས་ལ་མི་བསམ་པར་བོད་མི་ནང་ཁུལ་ལ་དཀྲུག་ཤིང་རྒྱག་སྟངས་འདི་མཐོང་ཡོང་དུས་ངོ་མ་སེམས་པ་སྐྱོ་ཡང་སྐྱོ་ལ་ཐང་ཡང་ཆད་སོང། མི་ལོ་མང་པོའི་རིང་གཅིག་གི་གཅིག་འགྲིག་མ་སོང། ཉིག་གི་ཉིག་འགྲིག་མ་སོང་རྐྱང་རྐྱང་གིས་མི་ལོ་མང་པོ་བསྐྱལ་ཚར་བ་རེད། ད་སྐབས་བོད་ཕྱི་ནང་གཉིས་ཀར་ཨུ་ཐུགས་ཐབས་ཟད་ཀྱི་ལས་འགུལ་མང་པོ་སྤེལ་ཏེ་མཐའ་མ་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་བོད་ལ་སྡུག་བསྔལ་ཡོད་པ་དང་བོད་མི་ནང་ཁུལ་མཐུན་སྒྲིལ་བྱེད་དགོས་པའི་ཞལ་ཆེམས་བཞག་ཡོད་ནའང་རྒྱལ་སྤྱིས་ཉན་འཇོག་བྱེད་རྒྱུ་ཕར་ཟད་ཐ་ན་ང་ཚོའི་ནང་ཁུལ་ནའང་ད་རུང་མུ་མཐུད་དུ་བྱེད་མ་སོང་དང་འགྲིག་མ་སོང་གི་གྲི་ཁ་ནང་ལ་གཏད་པ་འདིས་ངོ་མ་ཐང་ཆད་དུ་བཅུག་སོང། ཚོགས་པ་ག་གེ་མོ་དང་མི་སྒེར་ག་གེ་མོས་ངོ་མ་བོད་མི་རིགས་དང་བོད་མི་རིགས་ཀྱི་ལ་རྒྱ་བསམ་གྱི་ཡོད་ན་གྲི་ཁ་ནང་ལ་མི་གཏད་པར་ལས་འགུལ་རེ་སྤེལ་ཅི་ཐུབ་བྱེད་རྒྱུ་གལ་ཆེ། དེ་མིན་ད་རུང་གཡོ་འཁྲམ་རྐྱང་རྐྱང་གིས་སྔར་བཞིན་ཆུ་ཚོད་བསྐྱལ་འདོད་དང་། རང་ཉིད་རྐུབ་སྟེགས་ཤིག་ལ་འཐམ་ནས་འདུག་རྒྱུའི་བསམ་བློ་ཙམ་ལས་མེད་ན་མུ་མཐུད་དུ་དཀྲུག་ཤིང་རྒྱོབས་དང་། ང་ཚོས་བལྟ་ཆོག

  18. གནམ says:
    2012-05-10 at 10:07 am

    ད་ཡིན་ན་ང་ཚོའི་འཚེ་བ་མེད་པའི་ལམ་འདི་རྒྱ་ནག་ལ་འཚེ་བ་མི་བྱེད་པའི་ཐབས་ལམ་ཞིག་ལས་རང་མི་རིགས་ཀྱི་ཚེ་སྲོག་ལ་སྔ་འདང་དཔགས་མེད་པ་འདྲ།
    སྐུའི་ཚིག་རོ་འདི་དག་གིས་སུ་ཞིག་ལ་བདེན་དཔང་བྱེད།
    བདེན་དཔང་གི་མ་འདང་བའི་རྒྱལ་ཁབ་ཞིག་ག་ལ་ཡིན།
    རང་རེའི་མི་རིགས་འདི་གཡུལ་ས་ནས་སྐྱེ་ཞིང་གཡུལ་ས་ནས་ཤི་ཐུབ་ན།
    བོད་དམགས་ས་ཡ་དྲུག་གིས་འཁྲུག་པའི་འཛམ་གླིང་འཁྲུག་ཆེན་གསུམ་པ་ཤར་མི་ཐུབ་མ་རེད།
    རྒྱལ་ཁ་མེད་པ་ཞིག་དེ་བས་ཀྱང་མ་རེད།
    སྐད་ཆ་འདི་ལ་ཁྱོ་དགོད་ཤོར་སྲིད།
    དེ་ནི་རང་ལ་སྤོབས་པ་མེད་པའི་དྲི་བ་རེད།

  19. ཆབ་མདོ་ངག་ཕུན། says:
    2012-05-10 at 10:23 am

    དཔའ་བོ་ཁོང་ལ་སྙིང་ནས་རྗེས་དྲན་ཞུ། སྐུ་དཔར་མཐོང་མ་ཐག་སྙིང་ཁོང་ལ་ཟུག་གཟེར་གྱིས་ཁེངས་སོང་།
    ཞི་བདེར་དགའ་བའི་འཛམ་གླིང་མི་མང་རྣམས་ཀྱི་བོད་ཀྱི་དཀའ་རྙོག་ལ་གཟིགས་རོགས་གནོང་དང་། དཔའ་བོ་ཁོང་རྣམ་པ་མི་ལུས་རིན་པོ་ཆེ་མྱུར་དུ་ཐོབ་པའི་སྨོན་ལམ་ཤུགས་དྲག་འདེབས་སོ།

  20. ཆོས་འཕེལ་དར་རྒྱས་ says:
    2012-05-10 at 4:28 pm

    རྔ་བ་སྟོད་སྨད་བར་གསུམ་དུ་དབྱེ་བ་ན་འཛམ་ཐེང་ཟེར་སའི་་ས་ཞིག་མེད་པས་འཛམ་ཐེང་འཛམ་ཐེང་ལ་ངོས་འཛིན་བྱེད་རོགས། ཀྲུང་གོས་༡༩༦༠་ནང་ལ་འཛམ་ཐེང་སོགས་བོད་ཤར་ཕྱོགས་ཀྱི་ཡུལ་ཚོ་མང་བོ་ཞིག་རྔ་བ་རང་སྐྱོང་ཁུལ་ཞེས་མིང་བཏག་ཡོད་པ་རེད། ཡིན་ཡང་དེ་ནི་བོད་རང་དབང་སྐབས་ཀྱི་རྔ་བ་ཟེར་བའི་ས་ཆ་ལས་རྒྱ་ཆེ་བ་ཡིན་པ་དེ་ཧ་གོ་ན་བདག་གཞན་ཀུན་ལ་ཕན།

  21. བསྟན་འཛིན་ says:
    2012-05-10 at 9:51 pm

    འདྲ་པར་ལ་བལྟ་མི་བཟོད་ཀི ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། བར་དོའི་འཇིགས་པ་ལས་ཐར་བར་ཤོག

  22. དྲི་མེད་ལྷག་བསམ། says:
    2012-05-10 at 10:12 pm

    ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།འཔགས་པ་སྤྱན་རིས་གཟིགས་ཀྱིས་ལམ་སྣ་དྲོངས། །ཚེ་འདས་བདེ་བ་ཅན་དུ་སྐྱེ་བར་ཤོག །

  23. གནམ says:
    2012-05-11 at 4:17 am

    ཐག་རིང་ཙམ་ནས་སྐུའི་ཚིག་རོ་འདི་ལ་བལྟས་ན་སྟོན་པའི་རང་གཟུགས་བབས་འདུག
    འདི་ངོ་མ་ཡ་མཚན་རེད་ཡ།

  24. དཔའ་བུའི་རོ་ཤུན། says:
    2012-05-12 at 1:06 am

    དཔའ་བོ་འདི་འཚོས་སྙིང་སྟོབས་དང་ལྷག་བསམ་ལ་གཟིགས་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme