Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེར་སྲེག་གི་ནུས་སྟོབས། ༼གློག་བརྙན་དུམ་ཚན་གཉིས་ཡོད༽

Posted on 2012-11-182012-11-19 By ཁ་བརྡ་ 18 Comments on མེར་སྲེག་གི་ནུས་སྟོབས། ༼གློག་བརྙན་དུམ་ཚན་གཉིས་ཡོད༽

མཁོ་འདོན་པ། རྨེའུ་དཀོན་རྒྱམ།

གློག་བརྙན་།

Post navigation

Previous Post: དྲང་གཏམ་རྣ་བའི་བདུད་རྩི། སྤྲུལ་སྐུ་ཨོ་རྒྱན་ལ་བསྤྲིངས་པ།
Next Post: འཇིག་རྟེན་འདི་དང་ཐག་རིང་ཞིག་ན་་་་་་་་་འབར་བཞིན་པའི་བོད།

Comments (18) on “མེར་སྲེག་གི་ནུས་སྟོབས། ༼གློག་བརྙན་དུམ་ཚན་གཉིས་ཡོད༽”

  1. གནམ says:
    2012-11-18 at 6:31 am

    ཀི་རྟིའི་ཨ་ཁུ་དེའི་སེམས་ཁམས་ལ་ཡུས་བཤད་དགོས་པའི་དཀའ་ངལ་ཞིག་ཡོད་ས་རེད། ཡིན་ན་ཡང་དཀའ་ངལ་དེ་ང་ཚོའི་དཔའ་བོ་དཔའ་མོ་སུ་ལ་ཡང་མེད་པ་རེད། བྱས་ཙང་སྐད་ཆ་དེ་འདྲ་གོ་བ་ལས་མ་གོ་ན་དགའ་བ།

  2. གཅན་ཡེ་རྒྱམ་ says:
    2012-11-18 at 7:02 am

    ཁ་བདེ་བོ་དང་རྒྱ་དམར་གྱི་ལག་ཆར་འོས་པའི་བཀའ་མོལ་དེ་ཚོ་འདིར་གོ་འདོད་མི་འདུག

  3. ཇ་མ་ says:
    2012-11-18 at 8:23 am

    ཁ་བཤད་དོན་ལ་གནས་ཐུབ་ན་ཡག་པོ་རེད། དེ་མིན་སྟོང་བཤད་རྒྱབ་ནས་གང་ཡང་ཡོང་རྒྱུ་འེ་ཡོད།

  4. སྟག་སྨྱོན། says:
    2012-11-18 at 9:01 am

    གཞོན་ནུའི་ཚོགས་ཟུར་སྒོ་དྲུག་ཟེར་བ་འདིས་བོད་ཀྱི་གཞོན་ནུ་ལྷག་ཚོགས་གཏོར་རྒྱུའི་རེ་ངན་དང་འབད་བརྩོན་བྱས་པ་རེད། མི་ངན་འདི་བོད་ཀྱི་པོ་དཔའ་མོའི་སྐོར་ལ་གང་ཡང་བཤད་རྒྱུའི་འོས་བབ་ཡོད་པ་མ་རེད། ངོ་ཚ་མེད་པར་ད་དུང་བོད་ཟེར་ནས་ཅིག་བཤད་ཁུལ་བྱེད་ཀྱི་འདུག པར་མཐོང་ནས་ཚིག་མགོ་གླེང་བ་དང་ཉན་མེད། མི་ངན་འདི་རིགས་ལ་ཅི་ཉན། གདོང་པ་རྫོར་པོ་དེ་སྟན་ནས་ཅིག་བཤད་ཁུལ་བྱེད་ཀྱི་འདུག

  5. མེ་ཏོག་དཀར་པོ says:
    2012-11-18 at 9:51 am

    སྟག་སྨྱོན། ཡ་སྟག་སྨྱོན།

  6. འཇམ་གཅེས says:
    2012-11-18 at 10:23 am

    སྐུ་ཞབས་བློ་བཟང་ཡེ་ཤེས་དང་། ཤེས་རབས་ཚེ་རྡོ། སེར་སྨད་བློ་དགའ་གསུམ་གྱི་གནས་ལུག་ལྡན་པའི་བཀའ་མོལ་གནང་འདུག །ད་སྒོ་དྲུག་ཡིན་ན་རང་ངོ་རང་གིས་མ་ཤེས་པས་ཁ་ཁྲེལ་མེད་ཞིག་ལས་རིན་ཐང་སྐར་གང་མི་འདུག །

  7. སྲིན་པོ་རྫ་རྒན། says:
    2012-11-18 at 10:33 am

    བཤད་ངོ་མ་སེར་སྨད་བློ་དགས་གོ་རྒྱུ་ཉན་རྒྱུ་གཉིས་ཀ་ཡོད་པ་ཞིག་བཤད་ཡོད་ཀི

    དེའི་ཕན་གི་གླེང་སྟངས་ལ་བལྟས་པ་ཡིན་ན། རྫ་ཁྲ་ཡག་ཕར་ནང་རིག་གི་་་ ་་་

    སྒོ་དྲུག་གིས་འགོ་ཁྲིད་མཁན་མེད་ནས་མ་འགྲིག་ནི་རེད་ལབ་ཐ

    གསར་རུ་དེས་འདི་ནས་བོད་ནང་ལ་ལམ་སྟོན་ལངས་ཕྱོགས་གསལ་པོ་མེད་ཀི་ཟེར་ཀོ་གི

    ཨ་ཁུ་དེས་སེ་འབྲས་དགེ་གསུམ་གྱི་ཐག་ཉེ་ན་ཡོད་པའི་མི་མང་ལ་ཤ་འདྲིས་པགས་འདྲིས་ཀྱི་ཚོར་བ་མེད་པར་བཤད་ཐ།

    འཚེ་མེད་ཞི་བ་ཚང་གི་གསར་རུ་དེས་ད་སླེབས་ས་ལ་སླེབས་ཡོད་རེད་ཟེར།

    མི་ཉི་ཤུ་མཉམ་དུ་འཛོམས་ནས། འདི་ཙམ་ལས་ཤོད་མེད་ན། ཤུ་རེ་ཁོ་རེད།

  8. ལྷ་བྱ་ནག་པོ། says:
    2012-11-18 at 10:58 am

    རྨེའུ་དཀོན་རྒྱམ་སོགས་ཀྱིས་འདི་ལྟར་སྤྱི་ཚོགས་ཁྲོད་ཀྱི་བོད་དོན་ལས་འགུལ་བ་དག་ལ་གླེང་མོལ་ལམ་བསམ་ཚུལ་ཕྱོགས་གཅིག་ཏུ་བསྡུས་ཏེ་འགྲེམས་སྤེལ་བྱས་པར་དགའ་སོང་། གང་ཡིན་ཟེར་ན། གློག་བརྙན་འདིའི་རིགས་ངེད་ཚང་གི་དཔོན་སྟེགས་ཅན་དག་གིས་མཐོང་སྲིད་པ་རེད། དེའི་རྐྱེན་བྱས་ཏེ་ཁོང་ཚོའི་ཀླད་པར་འགུལ་བསྐྱོད་གསར་པ་རེ་གཏོང་ཡང་སྲིད། བཙལ་བྱོལ་བོད་ཀྱི་དཔོན་པོ་དག་གིས་བོད་མི་མང་པོས་རང་སྲེག་མེ་མཆོད་དུ་འབུལ་བར་རྒྱ་ནག་གཞུང་གིས་འགན་ཁུར་དགོས་ཚུལ་དང་། རྡ་སའི་གཙུག་ལག་ཁང་དུ་མཆོད་མེ་བརྒྱ་མཆོད་འདྲ་འབུལ་ཁུལ་བྱེད། ཆོས་ལུགས་ཀྱི་ལྟ་བའི་ངོས་ནས་བཤད་ན་ཤི་བོ་རྣམས་ལ་མཆོད་མེ་དང་མ་ཎིའི་རྫོང་བ་རེ་དགོས་མོད། གཉན་འཕྲང་ཅན་གྱི་དུས་ཚོད་འདིར་བོད་དོན་ལས་འགུལ་གསར་པ་ཞིག་ཏུ་གོམ་པ་མདུན་དུ་སྤོ་བའི་དུས་ལ་བབས་སོང་བ་མ་རེད་དམ། ཨ་ཤུ་རེ་ཁོ།

  9. ལྷ་བྱ་ནག་པོ། says:
    2012-11-18 at 11:02 am

    གོང་གི་མཆན་ཁག་ཅིག་ལ་མིག་གཤེར་ཙམ་བྱས་པ་ཡིན། ཡིན་ན་ཡང། ཁག་ཅིག་གིས་གནས་ལུགས་ཀྱི་དོན་མི་བཙལ་བར་གང་ཟག་སྒེར་བ་ཞིག་གི་མིང་བཟུང་སྟེ་དེའི་སྐྱོན་རྐྱང་རྐྱང་བཙལ་འདུག དེ་ལས་མཚམས་རེར་གང་ཟག་དེའི་ཡོན་ཏན་གྱི་ཕྱོགས་ལའང་བསམ་བློ་རེ་གཏོང་རོགས་ཞེས་འབོད་བསྐུལ་ཞུ། །

  10. ལྷ་བྱ་ནག་པོ། says:
    2012-11-18 at 11:42 am

    ངས་གོང་གི་མཆན་བྲིས་ཏེ་སྐར་མ་ཁ་ཤས་ལས་མ་འགོར་བར་དག་མཆན་ཐོབ་སོང་། །ཁ་བརྡ་ཚང་འདི་ངོ་མ་མྱུར་གི། ཁ་བརྡའི་དྲ་བདག་རེ་གཉིས་ཀྱིས་དུས་ཚོད་ཉེར་བཞིའི་རིང་དྲ་ཐོག་ཏུ་བྱ་ར་བྱས་ཏེ་བསྡད་ཡོད་པ་འདྲ། །ཨ་རི་བས་དུས་ཚོད་ནི་དངུལ་ཡིན་ཞེས་བཤད། དུས་ཚོད་དངུལ་དུ་བརྩི་བའི་ཡུལ་ལུང་དེ་འདྲ་ཞིག་ནས་རང་ལ་ཁེ་མེད་ལས་དོན་གྱི་བྱ་བ་འདི་ལྟར་གཉེར་བཞིན་པར་བཀའ་དྲིན་ཆེ། ངས་ཁྱོད་ཚོར་ངོ་བསྟོད་གཏན་ནས་མིན། ངོ་བསྟོད་བྱ་དགོས་དོན་ཡང་མེད། གནས་ལུགས་ཙམ་བཤད་པ་ཡིན། །

  11. ལོ་མ་ལྗང་ཁུ་། says:
    2012-11-18 at 12:22 pm

    གཏམ་བཤད་མང་ཆེ་བ་ཟུར་བཟའ་རྐྱང་རྐྱང་རེད་།

  12. དྲ་གཉིད་ says:
    2012-11-18 at 12:42 pm

    བརྒྱད་ཅུ་གྱ་བདུན་ནས་ཉི་སྟོང་བརྒྱད་ཀྱི་བར་ལྷ་སའི་ནང་བོད་མི་ག་ཚོད་དམར་གསོད་བྱས་པ་དང་། ག་ཚོད་བཙོན་འོག་ཏུ་ཚུད་པ་རྣམས་མ་བརྗེད་ན་ཡ་གེ།།

  13. འཇམ་གཅེས says:
    2012-11-18 at 11:29 pm

    རེད་ཡ་༨༨་ནས་༢༠༠༨བར་དུ་ལོ་རེ་ནས་རེ་ནས་མདོ་སྟོད་སྨད་ནས་ཡོང་མཁན་དག་ལ་དམ་དྲག་ཆེ་རུ་བཏང་བ་དང་ཕྱིར་འབུད་སོགས་བཟོ་དགོས་དོན་གང་ཡིན་ནམ། རྒྱུ་རྐྱེན་གང་ཡིན་ནམ། ལྷ་སའི་ཡུལ་མི་ཚོ་ཉེན་ཁ་དང་རྙོག་གླེང་མེད་པར་གནས་ཐུབ་དོན་གང་ཡིན་ནམ། དེ་ཚོ་ཚང་མ་ཞིབ་འཇུག་གནང་་དང། གཟུར་གནས་ཡིན་ན་་་་་་་་་་་་

  14. རེབ་ཐོག་མདའ says:
    2012-11-19 at 2:06 am

    སྤྱིའི་ཆ་ནས་ཡག་པོ་རེད།་ ཡིན་ཡང་ད་ཐེངས་གི་འདུ་འཛོམས་འདིས་ཐོག་ལ་བདག་གི་བསམ་ཡོད་པ་བཞིན་གཞོན་སྐྱེས་ཤེས་ཡོན་པ་ཟེར་ན་ཡང་རེད་བསམ་བློ་བ་ཟེར་ན་ཡང་རེད། མང་པོ་ཞིག་སླེབས་མེད་པའི་ཚོར་བ་ཞིག་བྱུང་། རྗེས་ཕྱོགས་ཤེས་ཡོན་པའི་ཚོགས་འདུས་གཙོ་དོན་དེ་རིགས་གཞུང་།སྐད་ཡིག། ཕ་སྐད་སོགས་གི་སྐོར་ལ་གླེང་སློང་དང་གྲོས་བསྡུར་བྱེད་ཐུབ་ན་དངོས་གནས་མིང་དང་མཚུངས་པའི་ཚོགས་ཆེན་ཞིག་རེད་བསམ་གི། ད་ཐེངས་གི་ཚཽགས་ཆེན་གི་མིང་དེ་ཧ་ཅང་རླབས་ཆེན་ཞིག་བཏག་འདུག་ཀྱང་ཚོགས་འདུས་བརྗོད་བྱ། བགྲོད་གླེང་། ད་དུང་བརྙན་ཐུང་འདིའི་ནང་དུ་བསམ་ཚུལ་འཆད་པའི་མི་བུ་དག་གིས་རྒྱབ་ལྗོངས་དང་་མི་གཞིའི། ཤེས་ཡོན་དང་བསམ་བློ་ཆ་ནས་མདངས་གི་མེད་པའི་མི་བུ་ཡང་ཁ ཤས་ཤིག་ཡོད་པ་མཐོང་སོང་། མ་འོངས་པ་གལ་སྲིད་ད་དུང་འདི་འདྲའི་ཚོགས་ཆེན་སྐོང་འཆར་ཡོད་ན།་སྤྲེའུ་ནག་པ་དང་རྡོ་རྗེ་དབང་ཕྱུག་ད་དུང་གཞན་རོང་བོ་བློ་བཟང་སྙན་གྲགས་སོགས་ལྟ་བུ་ངེས་བ་དོན་ཀྱི་བོད་རང་གི་རིག་གཞུང་གི་ཕྱུག་པའི་མཁས་པ་དག་སྐད་བཏང་ནས་བཀའ་སློབ་རེད་གནང་ཐུབ་ན་ཧ་ཅང་དགེ་མཚན་ཆེ་བར་འདོད།མ་ཟད་བུད་མེད་སྨྱུག་ཐོག་པ་མང་ཙམ་སླེབས་ཐུབ་ན་བསམ་ཡོད་འོན་ཀྱང་བདག་གིས་མཐོང་མ་སོང་། གཅིག་བྱས་ན་ཡོད་སྲིད་། བསམ་ཚུལ་ཙམ་ཡིན། ཚོགས་ཆེན་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཡོད།

  15. ཀརྡོ་གཉེར་ཕྱག་པ་ says:
    2012-11-19 at 2:17 am

    མེར་སྲེག་བཀག་སྡོམ། འགན་ལེན། བཙན་བྱོལ་བའི་འཇོན་མི་འཇོན་གྱི་སྐད་ཆ་བཤད་ནས་མ་སྡོད་ཨེ། ་་་་

  16. ཀརྡོ་གཉེར་ཕྱག་པ་ says:
    2012-11-19 at 2:19 am

    བོད་མིར་སྙིང་སྟོབས་ཡོད་ཟེར། གཉིས་པ་གང་ཟག་ཡོད་ཟེར། བསམ་བློ་ཡོད་དམ་མེད། ཟེར།

  17. ཀརྡོ་གཉེར་ཕྱག་པ་ says:
    2012-11-19 at 2:22 am

    རང་ལུས་མེར་སྲེག་བྱས་དོན་ལ་བཙན་བྱོལ་འགན་ཡོད་དམ་མེད། འགན་འཁུར་ཐུབ་བམ་མི་ཐུབ་ཟེར་ན། ག་རེ་ཟེར་བགྱིད་ཡོད་བོད་ཀྱི་གཞོན་སྐྱེས་ཀླད་མེད་ཚོ།

  18. གསང་གྲོལ། says:
    2012-11-19 at 3:03 am

    སྒྱུ་རྩལ་བ་རྟ་མགྲིན་དང་རྩོམ་པ་པོ་རྨེའུ་དཀོན་རྒྱམ་གཉིས་ཀྱིས་འདི་ལྟ་བུའི་བརྙན་འཕྲིན་གང་མང་བཟོས་དང་བཟོ་བཞིན་པར་རྗེས་སུ་ཡི་རངས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme