Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་ལྕེའི་སྟོབས་ཤུགས། ཆུ་སྦྲུལ་གྱི་གནམ་ལོ། སྐྲན་འབིགས།

Posted on 2012-12-272012-12-27 By ཁ་བརྡ་ 2 Comments on མེ་ལྕེའི་སྟོབས་ཤུགས། ཆུ་སྦྲུལ་གྱི་གནམ་ལོ། སྐྲན་འབིགས།

འབྱུང་ཁམས་ཆུ།    ལོ་རྟགས་སྦྲུལ།   ཟླ་བ་འབྲུག    ཞག་པོ་སྤྲེལ་གྱིས་ཚེས་ལ་ཉེ་བའི་སྤྱི་ལོ་ཉིས་སྟོང་བཅུ་གསུམ་གྱི་གནམ་ལོ་འདི་ནི་རང་མི་རིགས་འདིའི་ཆབ་སྲིད་དར་རྒུད་ཀྱི་ལོ་རྒྱུས་ཁྲོད་ནས་ལྟོས་ན་ཆེས་གནད་འགག་རང་བཞིན་ཅན་གྱིི་ལོ་ཟླ་ཞིག་ལ་ཁེལ་ཡོད་པ་ཁྱེད་ཅག་གིས་དམིགས་འདུན་རྒོད་པོ་རྒྱང་ལ་བསྲིང་ཏེ་བློ་རིག་སྒྲེན་པོ་ནང་ལ་སྐོར་བཞིན་བསམ་གཞིགས་རྣལ་བའི་དོ་སྣང་རེ་བྱས་ཨེ་མྱོང་ཞེས་དྲི་གཞི་ཞིག་གིས་མགོ་བསླངས་ཏེ་སྐབས་སུ་བབས་པའི་བརྗོད་འདོད་པ་ནི།

  

 འདི་ནས་རྩིས་པའི་མི་ལོ་༣༦༠་ཡར་སྔོན་སྟེ་ཆུ་སྦྲུལ་སྤྱི་ལོ་༡༦༥༣་ལོར་   ༧ གོང་ས་རྒྱལ་དབང་ལྔ་བ་མཆོག་གི་ཞབས་ཀྱི་པདྨོའི་སེན་རྡུལ་སྨད་ཕྱོགས་རྒྱ་ཡི་ཡུལ་ཁམས་ཆེན་པོར་བཀོད་ནས་རྒྱ་སོག་མན་གསུམ་གྱི་གདུལ་བྱ་དུང་ཕྱུར་མང་པོ་ཆོས་ཀྱི་སྨིན་གྲོལ་ལ་བཀོད་ཅིང་ཕན་ཚུན་འཁྲུག་རྩོད་དང་སྙོགས་འཛིང་མེད་པར་ཞི་བདེའི་ལམ་ལ་དྲངས་ནས་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་ནས་ཕྱིར་རང་ཡུལ་ལ ཕེབས་པའི་ལོ་ཟླ་དེ་ཡིན་པ་མ་ཟད།     རྒྱ་ནག་གོང་མ་ཧྲུན་ཀྲི་ཡིས་

༧་གོང་ས་མཆོག་ལ་བཛྲ་ངྷ་ར་ཞེས་པའི་གསེར་ཡིག་གི་མཚན་བསྟོད་ཕུལ་ཏེ་རྒྱལ་ཁབ་ཕན་ཚུན་བར་ལ་གསེར་ཟམ་ལྟ་བུའི་མཆོད་ཡོན་གྱི་འབྲེལ་བ་བཙུགས་པའི་ལོ་ཟླ་དེ་ཡང་རེད། 

               དེའི་བཞིན་དུ་འདི་ནས་རྩིས་པའི་ལོ་ངོ་༢༤༧་གྱི་ཡར་སྔོན་སྟེ་ཆུ་སྦྲུལ་སྤྱི་ལོ་༡༧༦༦་ལོར་པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་མཆོག་གིས་མཛད་པའི་འཕྲིན་ལས་སྲིད་མཐར་བསྐྱངས་ཏེ་རྒྱ་བོད་ཧོར་གསུམ་གྱི་མི་མང་ཡོད་དོ་ཆོས་ཀྱི་མངའ་འོག་ཏུ་བཅུག་ཅིང་འཐབ་རྩོད་དང་མུ་གེ་སོགས་ཀྱི་སྡུག་བསྔལ་ལས་གྲོལ་ཏེ་མེས་པོ་དཔོན་ཞིང་གི་མཛའ་འབྲེལ་སླར་གསོ་མཛད་པའི་ལོ་ཟླ་དེ་ཡིན་མ་ཟད་རྒྱ་ནག་གོང་མ་ཁང་ཤི་ཡིས་པཎ་ཆེན་ཨར་ཏི་ནི་ཞེས་པའི་ལོ་རྒྱུས་ཀྱིས་སྲུབ་མི་ཐུབ་པའི་མཚན་འཕར་དང་གསེར་ཐམ་གྱི་འཇའ་ས་བཅས་གནང་པའི་ལོ་ཟླ་དེ་ཡང་རེད། 

        དེ་དང་དེའི་ཕྱིར་དུ།    འཆར་ལ་ཉེ་བའི་ཆུ་སྦྲུལ་གྱི་གནམ་ལོ་འདི་ནི།    གཞིས་བྱེས་བོད་མི་ཡོངས་ཀྱི་རེ་སྙེགས་དང་འདས་སོང་དཔའ་བོ་རྣམས་ཀྱི་ཁ་ཆེམས།  འཛམ་གླིང་ཞི་བདེར་ཡོང་བའི་གཞི་མ་བཅས་ཀྱི་ཆེད་དུ་མཐུན་སྒྲིལ་ནི་སྟོབས་ཤུགས་ཀྱི་གཞི་རྩ་ཡིན་པའི་བདེན་དོན་ལ་གཞུང་སྒེར་དང་ཚོགས་སྡེ་ཡོད་དོ་ཅོག་གིས་ལག་རྡང་གཅིག་སྦྲེལ་དང་ནུས་ཤུགས་གཅིག་འདོན་གྱི་སྒོ་ནས་ཁ་གདང་མཆེ་བ་གཙིགས་པའི་དུག་སྦྲུལ་ནག་པོ་མགོ་ལྔ་ལྟ་བུ་མི་ལོ་དྲུག་ཅུའི་རིང་ལ་བོད་མི་ས་ཡ་དྲུག་གི་ཁྲག་ཟུངས་འཇིབ་པའི་དམར་བོའི་སྲིད་ཇུས་ངན་པའི་སྐེ་རྩ་རེ་རེ་ནས་བཅད་དེ།   མགོ་ནག་གདོང་དམར་བོད་ཀྱི་དཔའ་ངར་དང་གཉིས་ཕན་དབུ་མའི་ལམ་གྱི་བདེན་སྟོབས་ལ་བརྟེན་ནས་ ༧་གོང་ས་ཞི་བདེའི་དེད་དཔོན་ཆེན་པོའི་ཞབས་ཀྱི་པདྨོ་རང་ཡུལ་ལ་དགའ་བ་འབུམ་ལྡན་དང་བཅས་གདན་འདྲེན་ཞུ་སྟེ།     རྒྱ་ནག་པོའི་ཡུལ་ཁམས་ཐམས་ཅད་ལ་དམ་ཆོས་བདུད་རྩི་བསིལ་མའི་དངོས་གྲུབ་ཀྱི་གནང་བ་སྩོལ་བཞིན་མུན་ནག་གི་ཞིང་ཁམས་ན་འཚོ་བའི་དམངས་སེམས་དུང་ཕྱུར་མང་པོ་ཞི་བདེའི་ལམ་ལ་བཀོད་ཏེ།     པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོ་བོའི་རིགས་ཞེན་གྱི་དཔའ་པོ་དང་དཔའ་མོ་ཡོད་ཚད་སྡུག་རྩུབ་དང་མནར་གཅོད་ཀྱི་བཙོན་འོག་ལས་གྲོལ་ཏེ་དགུང་གི་ཉི་ཟླ་ལྟ་བུ་རྒྱལ་བ་པཎ་ཆེན་རྣམ་གཉིས རྩེ་ཕོ་བྲང་པོ་ཏ་ལའི་གསེར་ཁྲི་མཐོ་པོར་མངའ་གསོལ་ནས་ས་སྟེང་གི་དམྱལ་བ་ལྟ་བུ་སྡུག་བསྔལ་གྱི་མུན་པ་སྟུག་སའི་བོད་ཡུལ་དུ་རང་དབང་དང་འཚེ་བ་མེད་པའི་བདེ་སྐྱིད་ཀྱི་ཉི་མ་ཞིག་བསྐྲུན་རྒྱུ་ནི་དུས་རབས་ཀྱི་འཕེལ་འགྱུར་དང་རྒྱལ་སྤྱིའི་གནས་བབས།  རྒྱ་ནག་གི་སྲིད་ཇུས།   བོད་ནང་གི་གནས་སྟངས།   ལོ་རྒྱུས་ཀྱི་སྔ་ཕྱི།   རྟེན་འབྲེལ་གྱི་རྟགས་མཚན་སོགས་གང་ལ་ལྟོས་ནའང་ཆུ་མོ་སྦྲུལ་གྱི་གནམ་ལོ་འདི་ནི་གཞིས་བྱེས་བོད་མི་ཡོངས་ཀྱིས་ནམ་ཡང་ཡན་གར་དུ་གཏོང་མི་རུང་བའི་དུས་ཚོད་ཀྱི་གོ་སྐབས་ཐེངས་གཅིག་ཡིན་པའོ།།       

                  རྒྱུ་མཚན་དེའི་ཕྱིར་ན།  རང་རེའི་སྲིད་སྐྱོང་བ་གཙོ་བའི་ཞི་བདེ་དང་དྲང་བདེན་གྱི་རྒྱབ་དཔུང་འཚོ་བའི་འཛམ་གླིང་ཡུལ་ཕྱོགས་ཁག་གི་སྲིད་དོན་པ་དང་ཤེས་ཡོན་པ་མང་པོ་ཞིག་གིས་དོན་གྱི་ཕུགས་དང་གྲོས་ཀྱི་སྙིང་ནས་བཟུང་སྟེ་བླ་ན་མེད་པའི་ཕུགས་འདུན་གྱི་ལྗང་སྨྱུག་གསར་བ་ཞིག་འབུ་དགོས་ན།  འཇིགས་ཤུན་བྲལ་བའི་བློ་སྤོབས་དང་དཔའ་ངར་གྱེན་དུ་འབར་བའི་མེ་ལྕེ་བཞིན་དགུང་དུ་འཕྱོ་དགོས་བ་ནང་བཞིན་ལྕགས་ནག་གི་གོང་བུ་བཞིན་དུ་མཁྲེགས་འཛིན་གྱི་ལྟ་བ་རྒོད་པའི དམར་ཕྱོགས་ཀྱི་སྲིད་ཇུས་ལ་གཡོ་བསྐྱོན་དང་སྒུལ་ཤུགས་གཏོང་ནུས་པའི་ལས་འགུལ་རབ་དང་རིམ་པར་བང་བསྒྲིག་ནས་བཞག་ཡོད་པ་འདི་ཡང་ལོ་རྒྱུས་ཀྱི་གནད་འགག་འདི་ལྟ་བུ་ཞིག་ལ་ཁེལ་ཡོད་པ་ང་ཚོ་ཡུལ་གྱེར་བ་རྣམས་ཀྱིས་ངེས་པར་དུ་ཤེས་དགོས་པའི་གནད་འགག་ཅིག་རེད།

     ལྷག་པར་དུ།   ལ་རྒྱ་དང་སྙིོང་སྟོབས་ཀྱིས་བརྟས་ཤིང་སྤོབས་པ་དང་ཁོག་དཔུང་གིས་གཟེར་བའི་གཞིས་ལུས་ཀྱི་སྤུན་ཟླ་ཚོ།     ཇི་ལྟར་ཐབས་སྡུག་ཅིང་ངན་སྐྱུགས་ཀྱི་ལྟོ་ཟས་ཟ་བར་མི་བྱེད་པའི་གངས་སེང་དཀར་མོའི་རིང་གཤིས་ལ་ནམ་ཡང་བཙན་འཛུལ་དང་བཤུ་གཞོག་གི་མདུན་ནས་གཉའ་མི་སྒུར་བའི་གཡུ་རལ་སྔོན་པོའི་དཔའ་སྙིང་འབར་ཏེ།    མི་ལོ་དྲུག་ཅུའི་རིང་ལ་བྱམས་བརྩེ་དང་བཟོད་སྲན་གྱིས་གབ་པའི་སྙིང་སྟོབས་གསོན་པོ།    མི་ལོ་དྲུག་ཅུའི་རིང་ལ་གཞིས་བྱེས་ཡ་བྲལ་དུ་གྱུར་བའི་དྲན་གདུང་གིས་སྤར་བའི་མེ་ལྕེ་དམར་པོ །   གློ་བུར་གློ་བུར་དུ་ཆེས་རླབས་ཆེ་བའི་མི་རིགས་འདིའི་འབྱུང་བའི་ཟུངས་ཁྲག་གི་གཏིང་རུམ་ན་འཕྱོ་ཞིང་།      གློ་བུར་གློ་བུར་དུ་དཔའ་མཛངས་རྟུལ་ཕོད་པའི་མི་རིགས་འདིའི་རུས་པའི་རྐང་མར་གྱི་ཕུགས་གསེང་ནས་རྡོལ་ཏེ།  དགྲ་ནག་དུང་ཕྱུར་བཅུ་གསུམ་གྱི་སེམས་ཁོངས་ན་འཕྱོ་བའི་ཞེ་སྡང་གི་རྦ་རླབས་བསྲེགས་ཅིང་སྐམ་པར་བྱས་ཏེ་གདོད་ནས་ད་ལྟའི་བར་དུ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་དུ་བྱུང་མ་མྱོང་པའི་མེ་ཕུང་གི་རྡོ་རིང་གསོན་པོ་ཞིག་བཞེངས་པ་མ་ཟད་གོ་ལ་ཟླུམ་པོའི་གཞི་ཁྱིམ་དྲོན་མོ་འདིའི་ནང་དུ་ཞི་བདེ་དང་རང་དབང་བསུ་བའི་སྐྱ་རངས་མཁའ་མཐའ་ནས་གསལ་བར་བྱས་པའི་དུས་སྐབས་ཤིག་ལ་སླེབ་ཙ་ན།   ང་ཚོ་བློ་ཕམ་དང་བག་འཁུན་མེད་པར་རང་དབང་དང་བདེན་དོན་གྱི་འབོད་སྒྲ་དབྱིངས་སུ་གྱེར་ནས།   སྔར་ལས་ལྷག་པའི་འཐབ་རྩོད་ཀྱི་ནུས་པ་ཆེར་བསྐྱེད་དང་སྤྱི་མཐུན་གྱི་བསོད་ནམས་ཆེར་བསེགས་བྱ་དགོས་པ་མ་གཏོགས།  སྐད་ཆ་སྡུག་ས་ཞིག་ནས་བཤད་ན།  འདས་ཟིན་པའི་ལོ་རྒྱུས་ཁྲོད་ཀྱི་ཆུ་མོ་སྦྲུལ་གྱི་གནམ་ལོ་དག་ནི་བོད་ཁམས་འདིར་ཆེས་འཇིགས་སུ་རང་བྱུང་གི་ས་ཡོམ་དང་མི་སྡུག་པའི་ནད་ཡམས་སོགས་ཀྱིས་གནོད་འཚེ་དང་གོད་ཆགས་རབ་དང་རིམ་པར་བྱུང་བ་མ་ཟད།    ལྷག་པར་དུ།    འདི་ནི་ཡར་ལ་བརྩི་བའི་ཆུ་མོ་སྦྲུལ་གྱི་གནམ་ལོ་སྟེ་སྤྱི་ལོ་༡༨༩༣་ལོ་ནི། བོད་ཡུལ་གྱི་རང་དབང་ཡོངས་སུ་བཅོམ་ཞིང་རིགས་མཐུན་གྱི་སྤུན་ཟླ་ས་ཡ་གཅིག་ལྷག་དམར་བསད་དུ་གཏོང་བའི་གཤེད་མིའི་གཏེ་བོ་སྟེ་དུག་ཅན་སྦྲུལ་མགོ་ལྔའི་ཐོག་མ་མོའོ་ཙེ་ཏུང་སྐྱེས་པའི་ལོ་ཟླ་དེ་ཡིན་པའང་ང་ཚོས་ཞོར་ལ་ཤེས་དགོས་པ་གལ་ཆེའོ།།

        གང་ལྟར་ཀྱང་།     མི་ལོ་དྲུག་ཅུ་རིང་ལ་འཇིགས་ཤུམ་བྲལ་བའི་ཡབ་མེས་ཚོའི་དཔའ་ངར་དང་ཚེ་སྲོག་གིས་འཐབ་རྩོད་བྱས་པའི་བདེན་དོན་གྱི་འབོད་སྒྲ་རེ་རེ།   ཕྱི་ལུས་ཀྱི་སྲོག་དབུགས་ཆད་ཀྱང་རྣམ་གཤིས་ཀྱི་མིག་ཟུང་བཙུམ་མ་ཐུབ་པའི་གཤེགས་ཟིན་པའི་དཔའ་བོ་ཚོའི་ཁ་ཆེམས་རེ་རེ།  ཡ་མ་བླ་ཡི་མྱ་ངན་གྱི་གཡོ་གར་རེ་རེ་སྟེ་རྡ་སའི་སྲིང་བར་ནས་ཁྲོན་སྐོར་རེ་དང་རང་མི་རང་སྟེང་ལ་བསྒྲགས་གཏམ་རེ་སྤེལ་བའི་དུས་ཐུང་གི་ཚོར་བ་ཙམ་གྱིས་ནམ་ཡང་ཚབ་མཚོན་བྱེད་མི་ཐུབ་པར་རང་དབང་གི་འཐབ་རྩོལ་དང་རྒྱལ་ཁབ་ཀྱི་རྩ་དོན།  མི་རིགས་ཀྱི་འགན་འཁྲི་སོགས་ནི་ཇི་འདྲའི་རླབས་ཆེ་བའི་ལས་འགན་ལྕི་མོ་ཞིག་ཡིན་པ་ནང་བཞིན།   ཆུ་མོ་སྦྲུལ་གྱི་གནམ་ལོ་འདི་ལ།  ང་ཚོ་ཚང་མས་ལ་རྒྱའི་སྙིང་སྟོབས་སྤོབས་པས་བཏེགས་ཤིང་མཐུན་སྒྲིལ་གྱི་དཔུང་བ་དམ་དུ་སྦྲེལ་བཞིན།   རང་ས་རང་ལ་དབང་ཞིང་།  རང་དཔོན་རང་གིས་བྱེད་པའི་ཞི་བདེའི་རང་ཁྱིམ་ཞིག་མ་བསྐྲུན་པའི་བར་དུ་གཞོམ་ཞིག་བྲལ་བའི་མི་རིགས་འདིའི་སྙིང་ཁུང་གི་དམ་བཅའ་ནི་ནམ་ཡང་འཇིགས་མི་སྲིད་པའི་རྡོ་རྗེ་བྲག་རི་བཞིན་དུ་བརྟན་དགོས་པ་མ་ཟད།    དགྲ་ནག་ཚང་གི་བཙན་འཛུལ་དང་དམར་གསོད་དྲག་པའི་སྡུག་རྩུབ་ཀྱི་འོག་ནས་མི་རིགས་འདི་གསད་ཅིང་གཏུབ་སྟེ་བཙན་པོའི་རིགས་རྒྱུད་རྩར་བཅད་བཏང་ཡང་སླ་སྟེ།      ང་ཚོའི་ཕུགས་འདུན་དང་རང་དབང་ནམ་ཡང་འཕྲོག་མི་ཐུབ་པའི་ཡིད་ཆེས་དང་སྙིང་སྟོབས་ད་ལྟ་ནས་ང་ཚོའི་བླ་སྲོག་གི་རྒྱ་རུ་འདེབས་དགོས་སོ།།

དཔྱད་རྩོམ།

Post navigation

Previous Post: རྨི་ལམ་འོད་གསལ་ལས། ཨེ་མ་ཧོ། །
Next Post: ཉི་མ་མེད་ན་གོན་པར་ནང་མ་དགོས་པ་འདྲ། ཁྲོ་གཏུམ།

Comments (2) on “མེ་ལྕེའི་སྟོབས་ཤུགས། ཆུ་སྦྲུལ་གྱི་གནམ་ལོ། སྐྲན་འབིགས།”

  1. འཇམ་གཅེས says:
    2012-12-29 at 6:39 am

    ངོ་མ་རྩོམ་ཡིག་འདི་ནི་སྡེབ་སྦྱོར་དང་བརྡ་དག་གི་ཐད་ནས་ཆེས་ཕུལ་དུ་ཕྱིན་འདུག །ཡིན་ན་ཡང་རྩོམ་པ་པོ་རང་ཉིད་ཀྱིས་ཀླད་པའི་ནང་དུ་རྨོངས་དད་དང་བག་ཆགས་ངན་པ་མང་ཙམ་ཡོད་ཚོད་འདུག་པས་ཕྱིས་སུ་བཅོས་ཐབས་སུ་འབད་གལ་ཆེའོ།།

  2. རྒྱལ་ཁམས་ says:
    2012-12-29 at 10:07 pm

    ཨ་ཁ་ཁ་་་་་ ངེས་བསམ་ན་ཁ་བ་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་གྲངས་ལས་འདས་པ་ཞིག་ད་ལྟ་ཡང་ཞུགས་ཡོད་གཞིར་བཞག་གི་ཡོད་ཀྱང་་་ གང་ཟག་དག་འཛིན་གྱི་རི་བོ་གངས་རི་ལས་ཀྱང་མཐོ་བའི་མིག་ལོང་བྱེ་ཐང་རུ་འཁྱམས་པ་འདི་ལ་སམ་ན་་་་ རྒྱལ་བ་དང་པན་ཆེན་མ་རྟོགས་མེད་པར་ལྟ་མཁན་དེ་དག་ལ་གཞིགས་ན་ཕལ་ཆེར་རང་དབང་ཞིག་འཐོབ་ན་ཡང་ འཆམ་མཐུན་དེ་ཧ་བཅང་དཀའ་སོང་་་་ རྒྱ་མི་ཡིན་ཚད་དགྲ་རུ་ལྟ་ན་དེ་ལས་ཀྱང་དཀའའོ།
    སྙིང་རྗེ་གྱབ་ཏུ་བཞག་ནས་ཞི་བདེ་མདུན་དུ་འཚོལ་བ་ལ་ངོ་མཚར་རོ་་་་་་་
    སྔོན་་་་་ ༡༩༧༠ ལོར་རྒྱལ་ས་ལྡི་ལིར་དགོང་ས་མཆོག་གི་གཏམ་བཤད་ཞིག་གནང་བའི་ནང་་་
    ངས་བོད་རང་གཙན་དེ་རྒྱ་གར་གྱི་རྒྱལ་ས་ནིའུ་ལྡི་ལི་རུ་ལེན་གྱི་གསུང་འདུག་ན་་་་་ ད་ནི་འགྱུར་བ་ཕྱིན་མཚར་བ་རེད་བོད་པ་དག་་་་་་ དབུ་མ་པ་ཡིན་ནོ་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme