Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་ལྕེའི་ཁྲོད་ཀྱི་བོད་མིའི་གསར་བརྗེ།

Posted on 2012-04-01 By ཁ་བརྡ་ 27 Comments on མེ་ལྕེའི་ཁྲོད་ཀྱི་བོད་མིའི་གསར་བརྗེ།

སྦྲ་རིགས་ཐོགས་མེད།

བརྩེ་འཛུམ་ཞལ་གྱི་གཟི་བྱིན་ཆ་རེས་ཀྱང་།།
བརྟན་གཡོ་རྒུད་པའི་གདུང་བ་ཀུན་སེལ་བ།།
དུས་གསུམ་རྒྱལ་བའི་སྙིང་རྗེའི་རང་གཟུགས་དེས།།
འདི་ཕྱི་ཀུན་ཏུ་ཁྱོད་ལ་སྲུང་གྱུར་ཅིག།

རིགས་ཞེན་གསེར་གྱི་གྱོ་བ་རྣོན་པོ་ཡིས།།
སྙིང་སྟོབས་གླང་ཆེན་སྟོང་གི་སྣ་དྲངས་བའི།།
མི་འཇིགས་སེང་གེ་དཀར་མོའི་མི་རབས་འདིས།།
ཡངས་བའི་ས་ཆེན་འདི་ཡང་འདར་བར་བྱས།།

འདི་སྣང་སྒྱུ་མའི་སོ་ཁྱུན་རབ་འཁོར་བས།།
དུག་གསུམ་གློག་དམར་འཐབ་པའི་གྲོང་ཞིག་ནས།།
སྤྱི་དོན་འོད་ཀྱིས་སྦྲུམ་པའི་རྒྱལ་སྲས་འགའ།
ཕུགས་བསམ་དག་པའི་ཀློང་དུ་བཞུད་ནས་ཐལ།།

གངས་ལྗོངས་གཡང་གི་ར་བ་གདན་དུ་བྱས།།
དཀར་གཙང་ཏི་སེ་ལྷུན་པོ་པུར་དུ་བཟོས།།
རྨ་འབྲི་རྫ་གསུམ་བསྡེབས་པའི་རྒྱུན་བཟང་འདིས།།
དམར་བོ་མེ་ཡིས་འཁྱུད་པའི་སྙན་ངག་འབྲི།།

(དངོས་བྱུང་གློག་བརྙན་ཞིག་བལྟས་རྗེས་ཤར་མར་བྲིས།)

སྙན་ངག

Post navigation

Previous Post: ༅༅།། ས་གཤིས་རིག་པའི་ཟིན་བྲིས་ཐོར་བུ། ༡༽
Next Post: སྐར་མདའ་སུམ་བཅུའི་དབྱེ་མཚམས་ཕྱེ་བ

Comments (27) on “མེ་ལྕེའི་ཁྲོད་ཀྱི་བོད་མིའི་གསར་བརྗེ།”

  1. མེ་ཏོག་དཀར་པོ། says:
    2012-04-01 at 3:49 am

    གྱོ་བ་ཟེར་ན་གང་རེད། གསུངས་དང་།

  2. རྨུ་ཐག་གི་བུ་རྒྱུད། says:
    2012-04-01 at 3:54 am

    གྱོ་བ་ལྕགས་ཀྱུ་རེད།

  3. མེ་ཏོག་དཀར་པོ། says:
    2012-04-01 at 4:09 am

    ཨ་ལེ།

  4. ཧཱུྂ་ཤི་ཕཊ་འགྱེལ། says:
    2012-04-01 at 4:22 am

    སྒྲ་རིགས་རེད་དམ་སྦྲ་རིགས་རེད།

  5. ཧཱུྂ་ཤི་ཕཊ་འགྱེལ། says:
    2012-04-01 at 4:23 am

    ཁྱུན་ཟེར་ན་གང་ལགས།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-04-01 at 4:47 am

    མེ་ལྕེ་མེ་ལྕེའི་ཚིག་ལའང་ཞེད། །
    གསར་བརྗེའི་ཚིག་ལ་དེ་བས་སྐྲག །
    ང་ནི་དེ་འདྲའི་སྡར་མའམ། །
    མིག་རྒྱང་སྲིང་བས་ཡིནད་ཀྱང་སྲིད། །

  7. ལུང་རྟོགས། says:
    2012-04-01 at 5:21 am

    ལྕག་ཀྱུ་ལ་ཀྱོ་བ་ཟེར

  8. མིག་གསུམ་པ། says:
    2012-04-01 at 7:12 am

    ཨ་རོ་སྦྲ་རིགས་ལགས། ད་རེབ་ཀྱི་སྙན་ངག་འདི་ནི་བཙུར་བ་ཞིག་མ་རེད་བཞུར་བ་ཞིག་རེད་འདུག་ག ཆ་ཚང་ཐེངས་གཅིག་བཀླགས་པ་ཡིན།

  9. ཕྱུགས་རྫི says:
    2012-04-01 at 8:23 am

    སྦྲ་རིགས་ལ་ཡག་ཚོད་འདུག་ག

  10. བོད་ཀྱི་བུ། says:
    2012-04-01 at 8:37 am

    སོ་ཁྱུན་མ་རེད་ཟོ་ཆུན་རེད།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-04-01 at 10:13 am

    ལེགས་པ་བས་ཀྱང་མགྱོགས་པ་གཙོ།
    མགྱོགས་པ་བས་ཀྱང་སྙོམས་པ་གཙོ།
    སྙོམས་པ་བས་ཀྱང་དག་པ་གཙོ།
    དེས་ན་དག་པ་གཙོ་བོ་ཡིན།།
    ལྗངས་གཞོན། ༡༩༩༧ སྤྱིའི་འདོན་ཐེངས་ ༩ ཤོག་ ༡༡ ན།

  12. རྔ་བའི་རྒྱལ་སྲས says:
    2012-04-01 at 10:36 am

    རྒོད་ལ་ཤོར་བའི་བདག་གི་ཁ།།
    ཆེན་པོའི་ལུང་དང་མཐུན་པ་མིན།།
    ཚིལ་དྲེག་འཐུག་པ་རེ་འགའ་ཡིས།།
    ཁ་རྨ་ཆེན་པོ་གཏོང་ཡང་སྲིད།།

    དུས་ཀྱི་འཐོར་རླུང་མུན་པའི་རྒྱས།།
    འཛིན་མའི་ངོ་གདོང་ཧྲིལ་གྱིས་བཀབ།།
    གཡོ་ཇུས་རྒོད་པའི་དབྱིནདམག་གིས།།
    མི་ཡུལ་ཁམས་འདི་ཟ་རྔམ་སྐྱེས།།

    ཧ་ཅང་ཁ་ཁུ་སིམ་པོ་ཡི།།
    དབེན་པའི་གྲོང་འདི་འུར་གྱིས་བཀང་།།
    སྒྱོགས་མདེལ་གཏུམ་པོའི་དབལ་ཁ་ན།།
    གོ་ལག་ཞན་པའི་ས྄ེར་སྐྱའི་དབུང་།།

    ཐང་ལ་འགྱེལ་བའི་བོད་རྒན་ཚོའི།།
    ཁྲག་གི་ས་ཆེན་རྫི་བའི་ཉིན།།
    འུར་ཆ་ཆད་པའི་ཡུས་འཇོག་ལས།།
    བསང་གསུར་ལྡན་པའི་ལྷ་ཚོགས་ཀྱིས།།

    “དང་བོ་བརྩམས་པར་མི་བྱ་སྟེ།།
    བརྩམས་ནས་ལྡོག་པར་ག་ལ་རིགས།།”
    ཁ་ཕོ་འདི་ལྟར་དགུང་དུ་བསྒྲགས།།
    མཐུ་དང་རྫུ་འཕྲུལ་བརྩད་ནས་རྒུད།།

    ཞེད་པའི་གློ་སྙིང་ཁ་ལ་འཚངས།།
    ཟས་རིན་ཙམ་ཡང་མི་འཇོག་པར།།
    སུ་འགྱོགས་གང་འགྱོགས་བྱས་ནས་བྲོས།།
    བསམ་གཞིག་སྐྱ་བོའི་ཕྱི་ནང་ལས།།
    ཡིད་ཆད་བརྩེགས་པའི་ལོ་ཟླ་རྙེད།།
    ཤུགས་རིང་འབྱན་འདི་རྫོགས་མཐའ་བྲལ།།
    འདས་སོང་གཏམ་རྒྱུད་རྡོ་ལ་བརྐོས།།
    ༢༠༡༡/༩/༡༥ཉིན། དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་སྐོར་གྱི་དཔེ་དེབ་འགའ་བཀླགས་པའི་རྗེས་ཚོར།།

  13. རྔ་བའི་རྒྱལ་སྲས says:
    2012-04-01 at 10:40 am

    ངའི་མཆན་བུ་འགྲོ་ཐུབ་གི་མི་འདུག་

  14. དཔྱིད་འགོའི་མེ་ཏོག says:
    2012-04-01 at 10:43 am

    རྩོམ་ད་རེད་མུ་མཐུད་དུ་

  15. སྦྲ་རིགས་ཐོགས་མེད། says:
    2012-04-01 at 11:13 am

    བོད་དང་བོད་ཡིག་བཀོལ་སྤྱོད་སྦྱོང་གསུམ་བྱེད་པའི་སྤྱི་ཚོགས་ལས་རིང་དུ་བྲལ་བའི་ལོ་ཟླའི་ནང་དུ་ག་ལེར་བོད་ཡིག་གི་དག་ཆ་དག་ཀྱང་བརྗེད་བཞིན་པ་ཤེས་རྟོགས་བྱུང་། ད་ནས་བཟུང་གཟབ་གཟབ་བྱེད་ངེས་ཡིན།

  16. བཀྲ་ཤིས་དོན་འགྲུབ says:
    2012-04-01 at 11:13 am

    རྒྱལ་བཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབ་དང་ལྷག་བསམ་ནི་ནམ་མཁའ་དང་འདྲ་ན་ཡང་དེ་འདྲ་བོད་པ་ཚང་གི་ལས་དབང་ལ་། ་རྒྱ་མི་ངོས་ནས་ང་ཚོས་དགྲ་བོ་གཅིག་ཅིག་གཉིས་གཉིས་མེད་པ་ཆག་སོང་བསམ་ནས་ལྟས་འདུག།

  17. སྦྲ་དཔལ་ལྡན། says:
    2012-04-01 at 11:21 am

    ཁྱེད་བཞུད་ཤུལ་ན་མིག་ཆུ་མང་།

    རྒྱལ་གཅེས་དཔལ་བོ་འཇམ་དཔལ་ཡི་ཤེས་ལ་ཕུལ།

    མི་ལོ་ང་གསུམ་གྱི་སྡུག་ཡུས་
    སྐད་ཅིག་གིས་འདས་ཀྱང་
    ཁྱེད་ཀྱི་སྙིང་སྟོབས་ཀྱི་བདེན་པ་
    ནམ་ཡང་དཔའ་ཞུམ་མ་མྱོང་བའི་བདེན་རྟགས་དེས་
    ཁ་སང་གི་ གངས་ཅན་ཚང་གི་ལོ་རྒྱུས་དྲན་ལ་
    དེ་རིང་གི་ མི་རིགས་ཤིག་གི་དར་རྒུད་གསོས་པས་
    ཁྱོད་ཀྱིས་སང་ཉིན་གྱི་འོད་སྟོང་ཆེད་
    འདི་ལྟར་ ངེད་ཕུ་ནུ་སྤུན་སྲིང་མང་བོ་
    རྒྱང་རིང་རྒྱང་རིང་དུ་བཞག་ནས་བཞུད་སོང་
    ཁྱོད་སོང་བའི་ཤུལ་ན་
    ངེད་ཚང་གི་སྒོ་ཁར་སྟོང་པར་ལྷག་ལ་
    ཕུ་ནུ་སྤུན་སྲིང་ཚོས་
    ཁྱོད་ཀྱི་བཀའ་དྲིན་དྲན་གྱིན་དྲན་གྱིན་
    མིག་ཟུང་མཆི་མས་བརླན་ཡོད་པར་ཨེ་མཐོང་

    གངས་རིའི་དཔལ་རྒོད་ལགས་
    བདེ་བར་བཞུད་དང་
    ངའི་ཨ་མས་བཤད་ན་
    ཁྱོད་ནི་གངས་རི་ལས་མཚར་ལོངས་བྱུང་ཞིང་
    གངས་རི་ལ་ཡོད་ཚད་ཕུལ་བའི་དཔལ་རྒོད་ཅིག་དང་
    གངས་རི་ལས་གཉོམ་ལག་རྒྱས་ཤིང་
    གངས་རི་ལ་ཟུངས་ཁྲག་ཕུལ་བའི་ཕོ་རྒོད་ཅིག་ཡིན་པས་
    ང་དང་ང་འདྲ་བའི་ཡུལ་གྱལ་བ་ཚོས་
    ཁྱོད་ཀྱི་བདེན་པའི་སྙིང་སྟོབས་ལ་རྗེས་དྲན་བྱེད

    ཁྱེད་བཞུད་ཤུལ་ན་
    མི་ཚོགས་ཀྱི་སྐྱོ་གདུང་གནམ་སའི་བར་ནས་
    དྲན་གྱི་དཔལ་རྟགས་དེའི་གྲུ་ཟུར་རེ་ནས་
    འུ་ཚང་གི་དཔལ་བོ་མང་བོས་མཛད་རྗེས་དྲན་ལ་
    ཁྱོད་དང་ཁྱོད་ལྟ་བུའི་ཚེ་སྲོག་མེ་རུ་སྒྲོན་པའི་
    དཔའ་བོ་ཚོའི་ཤུལ་ན་མིག་ཆུ་འདོན་མཁན་ཧ་ཅང་མང་པས་
    ངས་ནམ་ཡང་ཁྱོད་ཀྱི་མཛད་རྗེས་གླེང་ན་འོས་

  18. ཐུབ་པ། says:
    2012-04-01 at 11:45 am

    བོད་ཡིག་སྐྱོ་ནས་སྐྱོ་རུ་འགྲོ་གི་འདུག ཟོ་ཆུན་ལ་ སོ་ཁྱུན། ཀྱོ་བ་ལ་གྱོ་བ། ད་དངོས་གནས་རྒྱ་མིའི་སྲིད་ཇུས་ལ་ཕན་ཐོགས་འདུག་དཱ།
    བོད་ཀྱི་རིག་གཞུང་དང་སྐད་ཡིག་ཟེར་བ་འདི་ལྟར་ཉམས་རྒུད་དུ་གཏོང་དགོས་པ་རེད།
    ཡིག་ནོར་མཁན་པོར་འགྱུར་གྱིན་འདུག

  19. ཁྱི་ཕྲུག says:
    2012-04-01 at 11:49 am

    སྦྲ་རིགས་གིས་བྲིས་པ་ཡིན་ནམ་ཡང་ལྡོང་ཆུ་ཤེལ་གྱིས་བྲིས་པ་ཡིན་ཁྱད་པར་འབྱེད་དཀའ་་ཚོད་འདུག  སྦྲ་དཔལ་ལྡན་ཟེར་བ་དེས་སྦྲ་རིགས་ལ་འགྲན་བཙུགས་འདུག་ག

  20. དར་རྒྱས says:
    2012-04-01 at 12:21 pm

    བོད་ཀྱི་སློབ་གྲྭའི་སློབ་གསོ་ནང་ངེས་པར་དུ་བོད་ཡིག་སློབ་ཁྲིད་བྱ་རྒྱུ་དེ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། བོད་རིགས་ཀྱི་སློབ་ཕྲུག་ཅིག་ཡིན་ཕྱིན་དང་ཐོག་བོད་ཡིག་ཤེས་པར་བྱེད་དགོས། དེར་བརྟེན་ངའི་ངོས་འཛིན་ལ་བོད་ཀྱི་སློབ་གྲྭ་ཆུང་བའི་ནང་གཙོ་བོ་བོད་ཡིག་སློབ་དགོས། ཀུན་གཟིགས་པན་༧པན་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས།

  21. དར་རྒྱས། says:
    2012-04-01 at 12:27 pm

    བོད་ཀྱི་སློབ་གྲྭའི་སློབ་གསོ་ནང་ངེས་པར་དུ་བོད་ཡིག་སློབ་ཁྲིད་བྱ་རྒྱུ་དེ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། བོད་རིགས་ཀྱི་སློབ་ཕྲུག་ཅིག་ཡིན་ཕྱིན་དང་ཐོག་བོད་ཡིག་ཤེས་པར་བྱེད་དགོས། དེར་བརྟེན་ངའི་ངོས་འཛིན་ལ་བོད་ཀྱི་སློབ་གྲྭ་ཆུང་བའི་ནང་གཙོ་བོ་བོད་ཡིག་སློབ་དགོས།ཀུན་གཟིགས་པན་༧པན་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས།

  22. རྔ་བའི་རྒྱལ་སྲས says:
    2012-04-01 at 12:36 pm

    ཁ རྩོད་ནི་བདེན་གཏམ་རྒྱབ་ཏུ་གཡུག་བྱེད་ཡིན

  23. རྔ་བའི་རྒྱལ་སྲས says:
    2012-04-01 at 12:38 pm

    ང་ལ་ཡང་རྩོམ་ཐུང་ཞིག་ཡོད་ད་ལྟ་ཆུ་ཚོད་མི་འདུག་སང་ཉིན་འགོད་རྒྱུ་ཡིན

  24. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-04-01 at 12:48 pm

    བཀླགས་ཟིན།

  25. ཁ་རོགས་ says:
    2012-04-01 at 1:05 pm

    སྦྲ་རིགས་དང་སྦྲ་དཔལ་ལྡན་གཉིས་སླེབས་འདུག་ སྦྲ་གཉིས་མཉམ་དུ་འཛོམས་པ་དང་པོ་ཡིན་རྒྱུ་རེད

  26. ཀུནདགའ་ནོར་བུ། says:
    2012-04-01 at 1:48 pm

    ཡག་པོ་བྲིས་འདུག ཚང་མ་བཀླགས་ཟིན།

  27. ས་དཀར་རྡོ་རྗེ་ says:
    2012-04-02 at 5:24 am

    ཁྱེད་རྣམས་པ་ཚང་མས་ཚེ་སྲོག་ལ་རིན་མཐོང་སྤྲད་རོགས་་་་་་་བོད་ཁམས་ཀུན་སྨག་རུམ་ན་ལྷུང་དུས་་་ང་ཚོར་ལ་ཆེས་དགོས་པ་ནི་ཤེས་རབ་ཀྱི་འོད་སྣང་ཡིན་པ་ལས་གཞན་གང་ཡང་མིན་
    ཧ་ཅང་བཅས་པས་ཚེ་སྲོག་མ་དོར་རོགས།།

    ཀ་དག་དམ་པའི་ཆོས་ཀྱི་ཁྲིམས་བཞིན་དུ།།
    ཁ་ཁོག་མེད་པར་དད་དམ་གཙང་མ་ཡིས།།
    ག་འདྲ་བྱུང་ཡང་རང་གཞན་ཀུན་གྱི་སྲོག།།
    ང་དང་ཀྱོད་ཀྱི་མི་རྒོལ་རིགས་བཟང་བོད།།

    ཅ་ཅོ་བྲལ་བའི་རྒྱུན་མཚན་རྣམ་དག་ རྣམས།།
    ཆ་ཆོབ་མེད་པར་འཛ མ་གླིང་ལ་བསྒྲོག ས་ཕྱིར།།
    ཇ་ཡིན་ཙམ་གྱི་དུ ས་ཚོད་ཞིག་མིན་པ ར།།
    ཉ་བ་རྒས་པོས་ངང་ རྒྱུན་བཞིན་གནང་ དང།།

    ཏྭ་ལེ་བླ་མ་སྐུ་ ཚད་བཞུགས་པའི་རི ང།།
    ཐལ་ཤལ་རྒྱ་ནག་སེ མས་འགུ་ཐེབ་ཐབས་ བྱས།།
    ད་དུང་དལ་འབྱོར་ མེ་རུ་བཏང་གནང་ན །།
    ན་དུད་འགྲོ་ཡི་སྤྱོད་པའི་རྗེས་སུ་འགྲོ།།

    པ་ཕ་བཟང་པོས་ཤུལ་བཞག་རིགས་གནས་ལ།།
    ཕ་བཟང་བུ་ཚོས་རྟག་ཏུ་སྦྱོང་རོགས་གནང།།
    བ་ཕྱུགས་རྗེས་སུ་ལང་མཚོ་མ་དོར་བ།།
    མ་ཡུམ་གངས་ལྗོངས་སླད་དུ་སློབ་གྲྭ་སོང།།

    ཙ་ཙིག་ལས་ལ་གཡེང་ནས་མ་བཞུགས་པར།།
    ཚ་ཚ་འུར་འུར་ངང་ནས་ལས་ལ་འཇུག།།
    ཛ་ལོང་སྤྱོད་པ་རིང་དུ་དོར་དགོས་ལ།།
    ཝ་མོས་སྟག་རྗེས་མཆོང་ཚུལ་དེས་ཀྱང་ངོ།།

    ཞ་ར་ཞ་བོ་གང་འདྲ་ཞིག་ཡིན་རུང།།
    ཟ་རྒྱུ་མེད་ནས་འཆི་ལ་ཉེར་ན་ཡང།།
    ཡ་མཚན་ཅན་གྱི་དམ་ཆོས་ཡིད་ཆས་ན།།
    འ་ཅག་རང་ལུས་མཆོད་པ་མ་འབུལ་རོགས།།

    ར་བ་གངས་རི་བསྐོར་བའི་ཞིང་ཁམས་ནས།།
    ལ་རྒྱལ་ཅན་གྱི་དཔའ་བོ་དཔའ་མོ་ཚོས།།
    ཤ་དང་ཁྲག་གིས་མཆོད་པ་འབུལ་པོ་རྣམས།།
    ས་ཐོབ་སེམས་པ་རྣམས་ཀྱིས་འདྲེན་པ་མཛོད།།

    ཧ་ཅང་དགའ་བའི་རང་གི་རིགས་གཞུང་སླད།།
    ཨ་ཆད་ཨུ་ཐུག་གང་འདྲ་ཞིག་བྱུང་ཡང།།
    ཧ་ཅང་བཅས་པས་ཚེ་སྲོག་མ་དོར་རོགས།།
    ཨ་ཇོ་ཨ་ཆེ་ཐུགས་བསམ་རྒྱ་ཆེན་མཛོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme