Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་ལྕེ་ལྷ་སར་མཆེད། རྒྱལ་ཚོགས་གང་དུ་ཡོད།

Posted on 2012-05-29 By ཀླུ་ 12 Comments on མེ་ལྕེ་ལྷ་སར་མཆེད། རྒྱལ་ཚོགས་གང་དུ་ཡོད།

པར།

Post navigation

Previous Post: མིག་སྒྲིབ་རྒྱལ་དཀྲོགས་ལས་འགུལ་ས་གནས་ ༥༥ ནང་སྐྱོད་འདུག༼པར༽
Next Post: བདེན་པ་ངོ་མ་དང་སངས་རྒྱས་ཀྱི་བདེན་པ།

Comments (12) on “མེ་ལྕེ་ལྷ་སར་མཆེད། རྒྱལ་ཚོགས་གང་དུ་ཡོད།”

  1. མགོན་པོ་ཕྱག་གཉིས་པ། says:
    2012-05-29 at 4:26 pm

    གོ་དོན་ཅན་གྱི་རི་མོ་འདི།
    སུ་ཞིག་གི་རྣམ་དཔྱོད་ཀྱི་ཐོན་དངོས་རེད?
    སུ་ཞིག་གི་བསྡུས་བརྗོད་ཀྱི་སྙན་ངག་རེད?

  2. འདོད་ལྷ་ཁམས་པ། says:
    2012-05-29 at 7:34 pm

    བྱ་བ་ག་རེ་ཡིན་ན་ཡང་ཉམས་མྱོང་གཞི་ལ་འཇོག་ཐུབ་ན་རྗེས་འགྱོད་འབྲས་སྟོང་གི་གནས་ཚུལ་འབྱུང་རྒྱུ་ཉུང་ཉུང་ཡོང་གི་རེད། དོན་དག་དེ་མི་སྒེར་ལ་དེ་འདྲ་ཡིན་པ་མ་ཟད་སྤྱི་ཚོགས་སྤྱི་ལ་ཡང་དེ་འདྲ་རེད། ལྷག་པར་རང་དབང་འཐབ་རྩོད་གི་སྐབས་ལ་དེ་འདྲ་རེད། བྱ་བ་གང་ཞིག་རེ་བའི་ཡུལ་ཡིན་པ་དང་། བྱ་བ་གང་ཞིག་རེ་བའི་ཡུལ་མིན་པ། བྱ་བ་གང་ཞིག་ལ་ལག་པ་དངོས་སུ་འགུལ་དགོས་པ་དང་། བྱ་བ་གང་ཞིག་ལ་སྨོན་ལམ་དང་ཁ་འདོན་གིས་འགྲུབ་ཐུབ་པ། དེ་ཚོ་ཚང་མ་རང་གི་ཀླད་པའི་ནང་ཤོང་ཐུབ་ན་རྗེས་ཕྱོགས་གི་བྱ་བ་ལ་ཁོང་ཁྲོ་དང་འགྱོད་སེམས་དགོས་དོན་མེད།
    གནས་ཚུལ་མང་པོ་ཞིག་གི་རྐྱེན་པས་རྒྱལ་ཚོགས་ལ་རེ་བ་བྱེད་རྒྱུ་མེད་པ་དེ་སྔ་མོ་ཉམས་མྱོང་ཐོབ་ཡོད་པ་ཞིག་རེད། གལ་སྲིད་ཆུ་དཀྲོགས་ནས་མར་ཐོན་རྒྱུ་མེད་པ་ཤེས་རྗེས་དོན་དག་དེར་རེ་བ་བྱེད་རྒྱུ་མེད་པ་མ་ཟད། ཁེངས་ར་དང་ཁོང་ཁྲོ་ལངས་པ་འང་དོན་མེད་སྡུག་རྒྱོང་ཡིན། ང་ཚོའི་ལས་ཀ་དེ་ཉ་འཛིན་རྒྱུ་ཡིན་ པར་ཆ་བཞག་ན་ཉ་ཁོ་ན་བསམ་སྟེ་གྲ་སྒྲིག་གཞན ་པ་མེད་ན་ཉ་ཡག་པོ་ཞིག་འཛིན་དཀའ་རེད། རྒྱ་མཚོ་དང་མཚེའུ་ལ་དཔག་པའི་ཉ་དྲ་ཞིག་མ་མཐར་ཡང་གྲ་སྒྲིག་དགོས་པ་རེད།

  3. གནམ་ལྕགས་རྡོ་རྗེ says:
    2012-05-29 at 10:14 pm

    འདོད་ལྷ་ཁམས་པ་ལགས། ཁྱེད་ཀྱི་གསུང་པ་བདེན་པ་མོད། འོན་ཀྱང་གྲ་སྒྲིག་གཞན་པ་མེད་ན་ཉ་འཛིན་དཀའ་པོ་རེད་གསུང་པ་དེ་བོད་པའི་ཚིག་ངོ་མ་དེ་ཁྱེད་ཀྱིས་སྐྱར་ལོག་གནང་བ་ངས་མཐོང་བྱུང༌། ཁྱེད་ཀྱིས་ཆབ་སྲིད་གྱི་ཟློས་གར་འཁྲབ་ཤེས་པའི་ཁུལ་ཡིན་ན་ང་ཚོ་ལ་སློབ་སྟོན་གནང་ན་ལེགས་ཆ་དེས་ཉ་འཛིན་རྒྱུ་ལས་སླ་བོ་ཡོད་སྲིད། དེ་མིན་མི་རུང་བ་དང༌། མི་ཆོག་པ། མི་མཐུན་པ། མི་ཤེས་པ། མི་ཐུབ་པ། མི་སྲིད་པ་དགག་ཚིག་ཤ་སྟག་བཤད་པ་ལས་འདི་མ་བྱེད་གདམས་ཀ་འདི་རེད། འདི་གྱིས། འདི་ཡིན། འདི་འདྲ་བྱས་ན་བཟང་སོགས་ཀྱི་གདམས་ཀ་དེ་སུས་ཀྱང་སྟེར་གྱི་མེད་པ་གནའ་རབས་ཀྱི་ལུགས་སྲོལ་དགག་པའི་བསྒྲུབ་པ་དེས་ད་བར་ཡུལ་འཁོར་ནོར་རྫས་རང་དབང་བདེ་སྐྱིད་ཚང་མ་དགག་དགག་གིས་རྫོགས་ལ་ཉེ་བ་འདི་ཁྱེད་ཀྱིས་མཁྱེན་པར་མཛོད་ཅིག་གུ།

  4. སྤྲིན་དཀར་གྲོང་ཚོ། says:
    2012-05-30 at 4:16 am

    ཁ་བའི་རྒྱལ་ཁབ་དམག་གིས་བསྐོར་དུས་མཉམ་འབྲེལ་རྒྱལ་ཚོགས་གང་ཡོད།།
    ཁ་བའི་མི་རིགས་དམར་གསོད་བྱེད་དུས་མཉམ་འབྲེལ་རྒྱལ་ཚོགས་གང་ཡོད།།
    ཁ་བའི་རིགས་གཞུང་མེ་སྲེག་བྱེད་དུས་མཉམ་འབྲེལ་རྒྱལ་ཚོགས་གང་ན་ཡོད།།
    ཁ་བའི་ཡུལ་གང་རོ་ཡིས་བཀང་དུས་མཉམ་འབྲེལ་རྒྱལ་ཚོགས་གང་ན་ཡོད།།

  5. འདོད་ལྷ་ཁམས་པ། says:
    2012-05-30 at 6:57 am

    ཀ་ཡེ་གནམ་ལྕགས་ལགས།
    ངའི་ཤོད་པའི་སྐད་ཆ་དེ་ལ་ནོར་འཁྲུལ་ཅིག་ཡོད་ན་དགོངས་དག
    ངས་རང་གི་སེམས་ལ་དྲན་པའི་ཐད་ཀར་གྱི་བསམ་ཚུལ་དེ་མཆན་དུ་བཏབས་པ་ཙམ་ཡིན། ཆབ་སྲིད་ཟེར་པ་དེ་འཁྲབ་ཤེས་པ་ཕར་ཟད། རྣ་བས་ཐོས་པ་ཙམ་གྱིས་གཡས་གཡོན་གང་ལ་ཕྱོགས་དགོས་མི་ཤེས་པར་མགོ་བོ་འཁོར་མཁན་གྱི་མི་དེ་འདྲ་ཞིག་ཡིན།
    ཆབ་སྲིད་ཟེར་པ་དེ་ཤེས་དགོས་ན་རྣོ་ལྕགས་ལྟ་བུའི་རིག་པ་དང་། ཆུ་ཤེལ་ལྟ་བུའི་བསམ་བློ་ཞིག་མེད་ན་ལས་ཀ་དེ་ལོ་རྒྱ་ལ་བསྒྲུབ་ཀྱང་འབྲས་བུ་ཐོན་དཀའ་རབས་ཟེར། དོན་དག་དེས་ཆབ་སྲིད་ཤོད་མཁན་དང་ཆབ་སྲིད་ཤེས་མཁན་ལོག་ག་ཡིན་པ་ཤོད་པ་རེད། གཞན་དག་གི་ལོ་རྒྱུས་ལ་བལྟས་ན་ཆབ་སྲིད་ཟེར་པ་དེ་ལམ་གྱི་དྲང་ཐད་དུ་སོང་ན་བསླེབས་པ་ཞིག་ཡིན་ས་མ་རེད།
    བོད་མི་ཚོར་སྔོན་ཆད་ནས་གཏམ་དཔེ་འདི་འདྲ་ཞིག་ཡོད་པ་རེད། དཔེ་འདི་ལ་གོ་བ་གཏིང་ཟབ་མོ་ལེན་ཆོག་པ་འདུག ལམ་དང་གཞུ་མོ་འཁྱོག་ན་ལེགས། །གཏམ་དང་མདའ་མོ་དྲང་ན་ལེགས། །ཚིག་དོན་འདིས་སྐད་ཆ་ཁ་གསང་ནས་ཐད་ཀར་གསལ་པོར་ཤོད་དགོས་པ་དང་། ཡང་ཆབ་སྲིད་སོགས་ལ་ཐད་ཀར་དང་ཁ་ཐུག་ཡག་པོ་མེད་པ་བསྟན་པ་རེད། ད་དུང་ཤོད་སྲོལ་གཞན་ཞིག་ལ། རྔ་རྡུང་སྟངས་དང་འཆམ་འཁྲབ་སྟངས་ཟེར་པ་ཞིག་ཀྱང་ཡོད། སྐད་ཆ་འདི་དག་གིས་བྱ་བ་ག་རེ་ཡིན་ནའང་གནས་ཚུལ་ལ་བལྟས་གིན་བལྟས་གིན་མ་གཏོགས་བདེན་པ་དང་དྲང་པོ་རྐྱང་པས་བརླག་འཁེལ་གི་མེད་པ་དེ་བརྡ་བསྟན་པ་རེད།

  6. གནམ says:
    2012-05-30 at 8:54 am

    ཚོད་དཔག་མ་བྱེད། ཡིན་པར་མ་སྙམ།
    རེ་བ་རྒྱག་ས་གཅིག་པོ་རེད། འུ་ཚོའི་མྱི་འདི་བཀུར་ན་དགའ་བ་ལས་ཁེངས་ར་ལ་སུ་དང་སུ་ཡིན་ན་དགའ་ནི་མ་རེད།
    དེ་ཁྱོས་ལོས་ཤེས།
    འབོད་སྐུལ་འདྲ་ཡོད་ན་ཁེངས་ར་མེད་པར་ཁོ་ཚོའི་ལྟག་སྒོ་ལ་ཨེ་ཐོན་ལྟོས།

  7. སྤྱང་ཤོག་བཀྲ་ཤིས says:
    2012-05-30 at 10:19 am

    གནམ་རྒན་མ་མཁྱེན། ང་ཚོ་བོད་མི་རིགས་ལ་སྡུག་བསྔལ་འདི་འདྲ་མྱོང་དགོས་པ་ལས་ག་རེ་བྱས་པ་ཡིན་ན། རྒྱ་ནག་པ་འདི་ཚོ་སྡིག་ལས་ཁོ་ན་བྱས་ཀྱང་རླུང་རྟ་དར་བ་ལ། ལས་འབྲས་ལ་། ལས་འབྲས་ལ། འཇིག་བརྟེན་འདིར་གཟིགས་གནང་དང། ངས་ཁ྄ེད་ཀྱི་དྲང་བདེན་ལ་ཡིད་ཆེས་ཡོད།

  8. བསྟན་འཛིན་ says:
    2012-05-30 at 11:18 am

    རྒྱལ་ཚོགས་གཤིན་ཡུལ་ན་ཡོད། ད་རུང་ལོ་མང་ཞིག་ལ་སྐྱེ་བ་ལེན་ཐུབ་ས་མ་རེད།

  9. ཀླུ་སྨྱོན། says:
    2012-05-30 at 2:06 pm

    རྒྱལ་ཚོགས་མ་རེད་རྒྱ་ཚོགས་རེད།།
    རེ་བ་བྱས་པ་ནོར་འཁྲུལ་རེད།།

  10. བོད། བཙན་པོའི་བུ་རྒྱུད། says:
    2012-05-30 at 5:33 pm

    རེ་བ་རྒྱང་དུ་གཏད་པས། མིག་གོང་དམར་པོར་གྱུར་སོང་། མིག་ཆུའི་ཕྲེང་བ་གཏོར་བཞིན། ལམ་ལ་ཆས་དགོས་འབྱུང་སྲིད།

  11. jampas says:
    2012-05-31 at 12:35 am

    སྔོན་གནས་གོ་དོན་ཅན་གྱི་རི་མོ་རེད་འདུག་་་་་་་རི་མོ་དེ་ཁྱོས་བཟོས་པ་ཡིན་པས་གཞན་གྱི་བཟོ་པ་རེད་་་་་ཁྱོད་ཀྱིས་བཟས་པ་ཡིན་ན་རི་མོ་དེ་ལ་འགྲེལ་བཤད་ཞིག་ཡོད་ན་ཡག་པོ་ཡོད་ས་རེད་་་་་་་་་་་་འགྲེལ་བཤད་བོད་ནབྱིན་རྒྱ་གསུམ་གྱི་ཐོག་ཏུ་བཀོད་དང་བཟང་།

  12. ཉལ་དགའ། says:
    2012-05-31 at 8:54 am

    རྒྱལ་ཚོགས་མིག་ལོང་མ་རེད་དེ། །
    རྒྱལ་ཚོགས་མིག་སྒྲིབ་རྒྱ་དངུལ་རེད། །
    ཨ་སྒོར་ཡོ་སྒོར་འགྲིབ་པའི་དུས། །
    རྒྱ་སྒོར་བསྟན་པ་དར་བས་རེད། །

    རྒྱལ་ཚོགས་མིག་སྒྲིབ་ཕྱེ་བསམ་ན། །
    རྒྱ་རྫས་རྒྱ་ལམ་ནང་དུ་གཏོར། །
    རྒྱ་སྐུབ་བརྒྱ་སྡེའི་མིག་མདུན་ཁྲོམ། །
    རྒྱ་སྒོར་དམྱལ་བའི་ཡུལ་དུ་སྐྱུར། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme