Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་ལྕེ་འདིས

Posted on 2012-04-23 By ཁ་བརྡ་ 6 Comments on མེ་ལྕེ་འདིས

མི་ཉག་དུང་བརྡ།

གཅིག

མེ་ལྕེ་འདི་དམྱལ་བའི་གཏིང་རྡོ་ནས། སྲིད་པའི་རྩེ་མོ་ནས། ཕྱོགས་བཞི་མཚམས་བརྒྱད་ནས་འབར་ཡོང་གི མེ་ལྕེ་འདི་ལས་འབྲས་དཔང་དུ་བཙུགས་ནས། མཆོག་གསུམ་སྐྱབས་སུ་བཟུང་ནས། སྐྱེ་བ་སྔ་ཕྱི་ཚད་གྲུབ་བཟུང་ནས་འབར་ཡོང་གི མེ་ལྕེ་འདི་མི་གྲངས་དུང་ཕྱུར་བདུན་ཅུའི་སེམས་ཁམས་ནས་མཆེད་ཅིང་། དུས་རབས་ཉེར་གཅིག་པར་བསགས་པའི་སེམས་ཀྱི་འབག་བཙོག་ཐམས་ཅད་འཚིགས་ནས་འབར་ཡོང་གི མེ་ལྕེ་འདིས་ཤར་ཕྱོགས་པ་དང་ནུབ་ཕྱོགས་པའི་རང་རང་གི་ཆོས་པ་དང་སྲིད་སྐྱོང་དབུ་ཁྲིད་སོགས་ལ་རང་ལྟ་མཆོག་འཛིན་དང་འཐེན་འཁྱེར་སྡང་སེམས་ཀྱིས་ཕོག་པའི་དུག་གི་འདབ་ལོ་ཡོད་རྒུ་རྨང་ནས་འཚིགས་ཡོང་གི མེ་ལྕེ་འདིས་ང་དང་ཁྱོད་ཀྱི་བར་ཐག་གི་གྱང་རྙིང་དེ་འཚིགས་ཡོང་གི ཁོ་དང་ཁོང་གི་བར་གྱི་ཉེ་རིང་གི་རས་ནག་གྲུ་གང་མ་དེའང་འཚིགས་ཡོང་གི མེ་ལྕེ་འདིས་དེ་རིང་གི་འཛམ་གླིང་མི་དམངས་ཡོངས་ཀྱི་སེམས་ངོགས་ན རང་དབང་དང་མང་གཙོ། དྲང་བདེན་སོགས་ཀྱི་སླད་མེད་པའི་ས་བོན་ཞིག་བཏབ་ཡོང་གི མེ་ལྕེ་འདིས་འགྲོ་བ་ཐུན་མོང་ལ་མཁོ་བའི་ཕན་ཚུན་བསམ་ཤེས་དང་སེམས་འགུལ་ཐེབས་པའི་སྙིང་དབུས་ན་ཚ་ཤུར་ཤུར་གྱི་ཟུག་གཟེར་རེའང་རྒྱས་སུ་བཅུག་ཡོང་གི

གཉིས

མེ་ལྕེ་འདིས་བོད་མི་རིགས་ཀྱི་ཁྱད་ནོར་ཆོས་དང་རིག་གཞུང་། ལེགས་བྱང་སློབ་གསོ་དང་བཅས་པ་ཐལ་རྡུལ་དུ་བརླག་འདོད་ཀྱི་རྣམ་ཤེས་ནག་པོ་དེ་འཚིགས་ཡོང་གི མེ་ལྕེ་འདིས་རྔམ་རྔམ་བརྗིད་བརྗིད་ཀྱི་བོད་མིའི་སེམས་པ་གཙང་མ་དེ་མཁའ་རུ་བཏེགས་ཡོང་གི མེ་ལྕེ་འདིས་ཆོལ་གསུམ་སྤུན་ཟླ་མིང་སྲིང་ཚོའི་ལག་རྡང་དམ་དུ་བཅིངས་ཤིང་འཆམ་མཐུན་གྱི་སེམས་ཁམས་དྭངས་མ་འདི་ལྷོད་ལ་བབ་ཏུ་བཅུག་ཡོང་གི མེ་ལྕེ་འདིས་སྔར་ལས་ལྷག་པའི་སྤུན་ཟླ་ཕན་ཚུན་གྱི་མཛའ་བརྩེ་དང་ཡིད་ཆེས སྙིང་སྟོབས། ཆེར་མཐོང་སོགས་ཀྱི་སྟོབས་ཤུགས་ཟབ་ཏུ་བཏང་ཡོང་གི མེ་ལྕེ་འདིས་འུ་ཚོ་རྩམ་ཟན་བོད་རིིགས་ཡོངས་ཀྱི་ཕུགས་འདུན་གཅིག་དང་རྨི་ལམ་གཅིག།རྐང་ལམ་གཅིག འཚོོ་བ་གཅིག་གི་ངོས་འཛིན་ཇེ་གསལ་དུ་བཏང་ཡོང་གི མེ་ལྕེ་འདིས་བོད་མི་ས་ཡ་དྲུག་གི་རྣམ་ཤེས་གཅིག་དང་བསམ་བློ་གཅིག འཆི་སེམས་གཅིག སྐྱེ་བ་གཅིག་གི་དཔང་པོ་བྱེད་དུ་བཅུག་ཡོང་གི མེ་ལྕེ་འདིས་བོད་མིའི་སེམས་ཁམས་དམར་ལྡིང་འདི་ཤཱཀྱ་སེང་གེ་ནས་མཆེད་ཅིང་སེམས་པ་ཆེན་པོ་མང་པོ་མང་པོ་ཞིག་བརྒྱུད་པའི་འཚེ་མེད་ཀྱི་མི་གཤིས་བླ་ན་མ་མཆིས་པ་ཞིག་ཡིན་པར་དེ་རིང་གི་འཛམ་གླིང་མི་དམངས་ཡོངས་ལ་ར་སྤྲོད་བྱེད་དུ་བཅུག་ཡོང་གི མེ་ལྕེ་འདིས་ས་སྒང་ཆེན་མོ་འདིའི་སྟེང་དུ་དེ་ལས་ལྷག་པའི་འཐབ་རྩོད་ཀྱི་ནུས་ཤུགས་བརྟན་ཅིང་གུ་ཡངས་ཀྱི་བསམ་བློ་སླད་མེད་ཅིག་དང་། སྐྱེ་འགྲོ་ཡོངས་ཀྱི་རང་གཤིས་དང་མཐུན་པའི་དཔུང་འདེགས་ཤིག་མེད་པར་ངེས་པ་ཆེན་པོ་རྙེད་དུ་བཅུག་ཡོང་གི མདོར་ན་མེ་ལྕེ་འདི་ནི་འཁོར་བའི་བླ་སྲོག་ཡིན། ཞི་བའི་འཚོ་བཅུད་ཡིན།

གསུམ

མེ་ལྕེ་འདི་གནམ་བདེ་སྒོ་མོ་ཆེ་ནས་མཆེད་ཅིང་རྒྱ་ནག་མི་མང་ཚོགས་ཁང་ཆེན་མོ་ནས་འབར་ཡོང་བའི་མི་ཡུལ་ལ་མཐོང་དཀོན་པའི་མེ་ལྕེ་ཞིག མེ་ལྕེ་འདི་ཡི་རྩ་བ་དེད་དེ་རྩེ་མོར་བསྙེགས་ན། སངས་རྒྱས་ཆོས་ལུགས་ཀྱི་བཤད་ཚུལ་ཞིག་སྟེ། མ་རིག་པའི་དགྲ་བོས་འབར་བའི་མེ་ལྕེ་ཞིག་ཡིན་ཟེར། ཡིན་ནའང་། ང་ཚོ་སོ་སོ་སྐྱེ་བོ་ཚུར་མཐོང་ཚོའི་སྣང་ཚུལ་ལ། འཛམ་གླིང་རྒྱ་ཆེ་མི་མང་གིས་མཐོང་ཚུལ་ལ། མའོ་ཡི་ཀླད་གཞུང་ནས་བརྒྱུད་དེ་ཏིང་གི་སྙིང་ཁམས་དང་། ཅང་གི་སྲོག་རྩ། ཧུའུ་ཡི་ལག་མགོ་ནས་འབར་ཡོང་བའི་དམར་ལྷོག་ལྷོག་གི་མེ་དཔུང་སོ་ལྔ་ཞིག མེ་ལྕེ་འདི་རྒྱ་རིགས་མི་གྲངས་དུང་ཕྱུར་བཅུ་གསུམ་གྱི་མིག་མདུན་ནས་འབར་ཡོང་བའི་དྲང་བདེན་མ་ཡིན་པའི་སྲིད་དབང་སྒེར་སྤྱོད་རིང་ལུགས་ཀྱི་ཐེར་འདོན་གྱི་མེ་ལྕེ་ཞིག མེ་ལྕེ་འདི་པེ་ཅིང་དམར་ལུགས་དང་རྡ་སའི་རིང་ལུགས་གཉིས་ཀྱི་འགལ་འདུ་སྟོན་པའི་མ་འོངས་པའི་རྨི་ལམ་ཞིག མེ་ལྕེ་འདི་ནམ་ཡང་རྒྱ་རྒྱ་ཡུལ་ན་སྐྱིད བོད་བོད་ཡུལ་ན་སྐྱིད་པའི་ལོ་རྒྱུས་ཀྱི་དན་རྟགས་ཀྲོང་ངེར་བསླངས་པའི་མེ་རི་ཞིག མེ་ལྕེ་འདི་ནམ་ཡང་རྒྱ་གུང་ཁྲན་ལ་མི་དབང་བའི་བོད་པ་ཚང་གི་མེ་ལྕེ་ཞིག མེ་ལྕེ་འདི་པེ་ཅིང་གཞུང་གིས་དུས་རབས་ཉེར་གཅིག་པའི་རྒྱ་རིགས་ན་གཞོན་རྣམས་ལ་མི་འདོད་བཞིན་དུ་གཞན་ལ་སྟོན་དགོས་བྱུང་བའི་བཙན་འོག་གི་ཚ་ལུམ་ལུམ་ཀྱི་ངོ་པགས་སྲ་མོ་ཞིག མེ་ལྕེ་འདི་དྲང་བདེན་གྱིས་འཚོ་བའི་རྒྱའི་མི་བུ་དག་ལ་སེམས་འགུལ་ཐེབས་པའི་མེ་རླབས་ཤིག མེ་ལྕེ་འདི་སྒེར་གཅོད་སྲིད་གཞུང་ཞིག་གི་སྙིང་རྩ་གས་པའི་སྔ་ལྟས་ཤིག

སྣ་ཚོགས།

Post navigation

Previous Post: ༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་དོན་རྐྱེན་གླེང་བ།
Next Post: བྱེད་སྟངས་མ་ཤེས་པའི་སྐུའི་འཁྲུངས་སྐར།

Comments (6) on “མེ་ལྕེ་འདིས”

  1. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-04-23 at 9:44 pm

    མི་ཉག་པ་ཁྱེད་ཀྱི་རྩོམ་ཡིག་དེ་ལ་རིན་ཐང་དང་གཟི་བརྗིད་ཀྱི་འོད་སྣང་རབ་ཏུ་འཚེར་གྱིན་འདུག་་་་་་་་་་་་་་
    མུ་མཐུད་བཞིན་དུ་འབྲི་རོགས་ཞེས་འབོད་བསྐུལ་ནན་གྱིས་ཞུ་བཞིན་ཡོད་ཐུགས་ལ་འཇགས་རོགས་ཨ་་་་་་་་་་་་་་་་་་་་་་་་་་ཚོར་ཤུགས་ཀྱི་བྲོ་བ་ལྡན་པ་སེམས་ཁམས་ལ་སྙིང་སྟོབས་ཀྱི་རྦ་རླབས་དྲག་ཏུ་གཡོ་བའི་ནུས་ཤུགས་ཤིག་རང་བཞིན་གྱིས་གཏེར་གྱིན་འདུག་་་་་་་་་མི་ཉག་པ་ད་དུང་་་་་་་་་་་ད་དུང་་་་་་་་་་་་་་་་་་་ད་དུང་་་་་་་་་་་་་་་་་

  2. མི་ཉག་དུང་བརྡ says:
    2012-04-24 at 4:10 am

    དྲ་གྲོགས་ལགས
    ཁྱེད་ཀྱིས་བདག་གི་བསམ་ཚུལ་ལ་ཐུགས་སྣང་དང་བསྔགས་བརྗོད་བྱས་འདུག་པས། སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། ཕྲན་ལ་མཚོན་ན་རྩོམ་རིགས་ཀྱི་སྐོར་ལ་ཉམས་མྱོང་དང་། བྱང་ཆ་སོགས་གང་ཡང་མེད་ཀྱང་ཉེ་ཆར་བོད་ཀྱི་སྣོད་བཅུད་དང་བཅས་པ་འཇིག་ལ་ཉེ་བའི་གོད་ཆག་ཁྲོད། ཁོང་རྣམ་པས་ལུས་ངག་ཡིད་གསུམ་གྱི་བློས་བཏང་འདིར་ཅི་མི་སྙམ་པའི་སེམས་ཚོར་དྲག་པོས་ཁ་བརྡ་ཙམ་ཡིན།

  3. མིག་གསུམ་པ། says:
    2012-04-24 at 6:06 am

    མེ་ལྕེ་འདི་ཧི་མ་ལ་ཡའི་ཕར་རྒྱབ་ནས་དྲག་ཏུ་མཆེད་པའི་ལོ་མང་སྡུག་གི་མནར་བ་ཞིག མེ་འདིས་མདོ་དབུས་ཁམས་གསུམ་གྱི་དཔུང་པ་གཅིག་ཏུ་སྒྲིལ་ཏེ་འདི་ཕྱིའི་སྐྱབས་གནས་ལ་དད་སེམས་བཅོས་མིན་སྐྱེས་པའི་བདེན་རྟགས་གཤའ་མ་ཞིག མེ་ལྕེ་འདི་ཚེ་སྲོག་ཞུན་སྡོང་བྱས་པའི་གོ་ལའི་ཡང་སྟེང་གི་ཚེ་འབར་སྔར་མེད་ཅིག མེ་ལྕེ་འདི་ཡོད་པས་བྱམས་བརྩེ་ཡི་རྟོག་པ་བརྙེས་པའི་དབུ་ཁྲིད་དག་གིས་འཕྲིན་པ་བརྗིད་པོ་ཞིག་ཧུའུ་ལ་བཏང་ཡོད མེ་ལྕེ་འདི་ཡོད་པས་བདེན་པ་ར་སྤྲོད་ཀྱི་གསར་འགོད་པའི་བརྙན་ལམ་ནས་ཉམ་ཆུང་བོད་མིའི་སྣང་བརྙན་ཚེ་སྲོག་ལ་བརྩི་མཐོང་བྱེད་མཁན་དག་གི་མིག་ལ་བསྟར་ཡོད

  4. སྦྲ་དཔལལྡན says:
    2012-04-24 at 8:33 am

    གོང་གི་མི་ཉག་དུང་བརྡ་ཞེས་བའི་གསར་་བྱུང་རྩོམ་པ་པོ་ཞིག་གི་རང་ཉིད་ཀྱི་རྣམ་དཔྱོད་ལས་བྱུང་བའི་རྩོམ་ཐུང་འདི་མཐོང་ནས་བདག་གིས་ཀྱང་ཁོང་གི་རྩོམ་ཡིག་དེའི་སྐོར་ལ་སྐད་ཆ་འགའ་བཤད་འདོད་བྱུང་། སྤྱིར་རྩོམ་པ་པོ་ཞིོག་ཡིན་ན་རང་ཉིད་ཀྱི་སེམས་འདུ་ཡོད་ཚད་པྱི་རུ་བཏོན་ནས་སྙན་ངག་འབྲི་རྒྱུ་ནི་སྙན་ངག་པས་ཁྱད་ཆོས་ཡིན་ལ་རྩོམ་པ་པོ་ཁོང་གིས་ཀྱང་རང་ཉིད་ཀྱི་སེམས་ཚོར་ལས་བྱུང་པའི་རྩོམ་ཡིག་འདི་ལ་བརྗོད་བྱ་དང་རྗོད་བྱེད་གཉིས་ཀྱི་ཆ་ནས་འབུར་དུ་ཐོན་འདུག་ལབ་ན་འུད་ཤོད་དུ་མི་འགྲོ་སྙམ། འོན་ཀྱང་རྩོམ་པ་པོའི་གོང་གི་ལྷུག་རྩོམ་དེ་ལ་ག་ལེར་བལྟས་ནས་བཤད་ན་རྩོམ་པ་པོས་མིང་ཚིོག་འགར་བོད་ནང་གི་རྩོམ་པ་པོ་རེ་ཟུང་གི་ཤུགས་རྐྱེན་ཐེབས་མེད་དམ་སྙམ་པའི་ཚོར་སྣང་བྱུང་། གང་ཡིན་ཟེར་ འཆམ་མཐུན་གྱི་ སྤྱི་ཚོིགས་དང ་ཞེས་པ་ལ་སོགས་དམར་ཕྱོགས་ཀྱི་ལྟ་བ་གོམས་པའི་རྩོམ་པ་པོ་ཁ་ཤས་ཀྱི་ཁ་ན་ནམ་རྒྱུན་འདི་ལྟར་སྣང་མོད་ད་དུང་ངས་བལྟས་ན་ཚིག་འདི་དག་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་ཐ་སྙད་རེ་མིན་ནམ་སྙམ། གོང་གི་འདི་དག་ནི་བདག་གི་རྩོམ་པ་པོ་ལ་བསམ་ཚུལ་གྱི་ཚུལ་དུ་བྲིས་པ་མ་གཏོགས་མཐའ་གཅིག་ཏུ་ནོར་འདུག་ཟེར་བ་མིན་ལ་ཉིད་ཀྱི་རྩོམ་ཐུང་འདིའི་གོ་རིམ་དང་སྐད་ཆའི་སྒྱུ་རྩལ་སོགས་ལ་བདག་གིས་གདང་འཇོག་ཚད་མཐོན་པོ་བྱེད་གྱི་ཡོད།

  5. དཔལ་ཁོ། says:
    2012-04-24 at 11:01 am

    ངས་བལྟ་སྟངས་ནོར་མེད་ན་གོང་གི་རྩོམ་ཡིག་འདི་སྐུ་ཞབས་ ཨ་འཇམ་ གྱི་རྩོམ་གཤིས་ཡིན་པ་འདྲ།

  6. མི་ཉག་དུང་བརྡ says:
    2012-04-25 at 2:54 am

    ཁྱེད་ཀྱིས་ལྟ་སྟངས་ནོར་མི་འདུག
    མུ་མཐུད་ནས་ལྟ་རོགས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme