Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་ཡི་གཤོག་པ་དང་གནམ་གྱི་མིག་ཆུ།­­

Posted on 2012-03-17 By ཁ་བརྡ་ 4 Comments on མེ་ཡི་གཤོག་པ་དང་གནམ་གྱི་མིག་ཆུ།­­

ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་ཕུལ།

ཀླུ་ཚང་གུ་རྒྱལ་གྱིས་།

  བོད་ཁ་བ་ཅན་གྱི་མེ་ཡི་གཤོག་པ་བརྐྱངས་ཏེ་གཤོག་ལྕག་གིས་མཚོ་དང་མཚོ་མོ་རྒུལ་དུས་།   རྡ་སའི་རི་ངོགས་ཀྱི་འདས་ཟིན་པ་ཐམས་ཅད་སླར་ཡང་སད། མ་བུ་གསུམ་གྱི་རྨི་ལམ་ནང་གི་ཉི་རྩེ་དེས། བར་སྣང་སྟོང་བ་ནས་འོད་ཀྱི་གཟེགས་མ་ལན་འགར་གཙུབས་ཏེ།  འཚོ་བ་བློས་གཏོང་དང་བརྩེ་དུང་བློས་གཏོང། བཟའ་ཚང་བློས་གཏོང་དང་བུས་ཕྲུག་བློས་གཏོང་། ཕྱི་རྒྱལ་བློས་གཏོང་སོགས་ཀྱིས་རླབས་ཆེ་བའི་ཨ་མའི་སེམས་ཀྱི་རི་རབ་སྐྱོར་ནས་སྲུང་ཆུང་མའི་རྐང་བའི་ན་ཟུག་གི་རྨ་ཁ་བསྡམ་། རང་གི་སྐྲ་ལོ་ལས་གཅེས་པའི་གོམ་པ་རེ་རེ་། ཉི་མ་ལྷ་ས་དང་ལྷ་སའི་མི་དམངས་ཚོའི་མདུན་དུ་ནུར། ཕྱིར་མིག་ཁྲོད་ཀྱི་ཕྱི་སྡོད་བོད་མི་ཚོའི་འོས་འགན་གྱི་ལམ་སྣེ་ལྕིད་པོ་ཞིག་དྲུད་དེ་ཤོར་།

ཡིན་ཡང་། རྗེས་ལུས་ཐེབས་སོང་།   དུས་ལ་བབ་པའི་འོས་འགན་གྱིས་ཕྲག་པ་ཡང་ཡང་རྡུང་ཀྱང་ང་ཚོ་འགུལ་མ་ནུས།  མཚམས་སྤྲིན་ལྟར་ཚ་ལམ་ལམ་འབར་བའི་ངོ་གདོང་གི་རི་མོ་འདིས་།  ཁྱེད་མ་བུ་གསུམ་གྱི་མདུན་སྐྱོད་ཀྱི་འདྲ་པར་མཐོང་ཐེངས་རེ་ལ། ཅི་བྱ་སྟོད་བྲལ་དུ་གྱུར་།  ཅི་ཡང་མ་ཚོར་བའི་ཚུལ་གྱིས་རང་ཉིད་ཁོ་ན་རི་བོའི་ཕག་དང་རྒྱ་མཚོའི་གཏིང་ལ་ཡུབ། སུས་ཀྱང་མཐོང་མི་ཐུབ་པ་འཇིག་རྟེན་ཡིན་པས་ང་ཚོ་འཇིག་རྟེན་དང་ལྷན་དུ་སྦོས་ན་འདོད།

མ་བུ་གསུམ་གྱི་བློ་སྟོབས་ལས་འཁྲུངས་པའི་རྐང་འོག་གི་ས་གཞི་འདི་ལ་གནམ་གྱིས་མིག་ཆུ་ཕབས་། ཕལ་ཆེར་བྱ་བྱེའུ་ཚོགས་ཀྱི་ཀྱང་གདུང་སེམས་མཉམ་སྐྱེད་ཅེས་པ་སྐད་ཆ་ཞིག་གོ་མ་མྱོང་ནའང་། དགོང་ཁ་ནས་ཉི་ནུབ་ཀྱི་མཚམས་སུ་གཤོག་པ་སྐྱངས་ཏེ་བོད་ཡུལ་དུ་འཕུར་ཅེས་པའི་སྣང་ཚུལ་ཞིག་ཁྱེར་འོངས་པ་འདྲ།  ཡིན་ཡང་ང་ཚོ་ད་དུང་འདུག་གི་ཡིན། ཧ་ལམ་རྨས་ཟིན་པ་ཞིག་དང་འདྲ་བར་འདུག་གི་ཡིན།

ཡིན་ཡང་། ཉི་མ་ལྷ་ས་ཡོད། མེ་ཡི་གཤོག་པ་ཡོད། གནམ་ནས་བབས་པའི་མིག་ཆུ་ཡོད། མ་བུ་གསུམ་གྱི་ཤ་ཁྲག་རུས་གསུམ་ཡོད་། སུས་ཀྱང་མཚོན་མི་ཐུབ་པའི་མ་བུ་གསུམ་ཡོད་པ་ནས་། ང་ཚོར་ཅི་ཡང་མེད་པ་ཚོར་། འཇིག་རྟེན་གྱི་སྐྱེས་བོ་མང་ཤོས་ཀྱིས་རང་གི་སེམས་ཀྱི་གཙང་ངོགས་སུ་དུང་ཞེན་ཞེས་པའི་རྩིག་པ་དཀར་བོ་ཞིག་བྲིས་ཡོད་ཟེར་མོད་།  དོན་གྱིས་ཁྱེད་ཚོ་འདི་ལྟར་ལམ་ལ་ཞུགས་དུས་། ཕར་འགྲོ་ཚུར་འོང་གི་དུས་འགྱུར་གྱི་ལམ་སྣེ་ར་བཟི་བ་དང་འདྲ། སུས་ཀྱང་མི་མཐོང་བའི་ཁུལ་གྱིས་གཞན་ཞིག་ལ་ལྟ་ཁུལ་བྱ་དགོས་བྱུང། དུས་ཚོད་ཀྱི་མདའ་རྩེར་ཟུག་པའི་ཉེས་པ་དེ་དག མ་བུ་གསུམ་གྱིས་ཀུ་ཡངས་སུ་གཏོང་ནའང་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པ་རེད།

སྣ་ཚོགས།

Post navigation

Previous Post: བོད་བརྒྱུད་ནང་བསྟན་དར་སྤེལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐའེ་ཝན་དུ་འཚོགས་པ།
Next Post: དྲག་དམག་ཁྲོད་ཀྱི་རེབ་གོང་ཤར་སྤྲུལ་གྱིས་གསུང་བཤད་དང་འཇམ་དབྱངས་དཔལ་ལྡན་གྱི་གཅེན་པོ།

Comments (4) on “མེ་ཡི་གཤོག་པ་དང་གནམ་གྱི་མིག་ཆུ།­­”

  1. རྔ་བའི་རྒྱལ་སྲས། says:
    2012-03-17 at 3:32 am

    ཡག་པོ་རེད་སྟོད་གླུ་ལེན་་་་་་ཡེ་ཡེ་ ༡ བུ་དཔའ་བོ་མཛད་རྗེས་ཅན་པོ།། ༢ཁྱིམ་འཁོར་བ་རྒྱང་དུ་འཕངས་སོང་།།
    ༣ལུས་ལ་རྒྱའི་ཆེད་དུ་བཞག་བྱུང་།། ༤རྒྱ་དམར་པོའི་བཙོན་དུ་བཟུང་ཡང་།། ༥དཔའ་ཞུམ་མེད་སྙིང་སྟོབས་ཅན་པོ།།
    ༦བོད་ཁ་བའི་གཟི་བརྗིད་ཡིན་ནོ།། ༧དཔའ་ཡ་མེད་མ་བུ་གསུམ་གྱིས།། ༨ལུས་ལོངས་སྤྱོད་བོད་པའི་དོན་དུ།།
    ༩གཏོང་ནུས་པ་གླིང་ཚ་མ་བུ།། ༡༠ ལམ་དཀའ་ངལ་རྒྱབ་ཏུ་གཡུག་དེ།། ༡༡བོད་ཁ་བའི་བདེན་དོན་ཆེད་དུ།།
    ༡༢ས་ནག་པོ་འཕྲེད་ཀྱི་བཅད་ནས།། ༡༣ རྒྱང་རིང་བའི་ཕ་ཡུལ་ཕྱོགས་ལ།། ༡༤ གོམ་མི་བདེ་འཁྱལ་འཁྱོར་ངང་གི།།
    ༡༥དལ་མོ་ཡུན་གྱི་བགྲོད་སོང་།། ༼རྔ་བའི་རྒྱལ་སྲས་ཀྱིས་བཟི་གཏམ་དང་ལྷན་དུ་ཆང་ཁང་སྣང་བ་སྐྱིད་པའི་ནང་ནས་བྲིས་སོ།།༽

  2. ཀླུ་བཙན says:
    2012-03-17 at 6:30 am

    བོད་ཀྱི་བདེན་དོན་ཆེད་དུ་ཡོད་ཚད་ནས་ཡོད་ཚད་བློས་བཏང་བའི་རྒྱ་ཆེན་དཔའ་བོ་དང་དཔའ་མོ་རྣམས་ལ་སྙིང་ནས་གོས་འདུད་ཞུ་་་་་་་

  3. ཇ་མ་ says:
    2012-03-17 at 9:47 am

    བོད་མི་དམངས་ཀྱི་མེ་རྒོད་གསར་བརྗེ་ལ་རྒྱལ་ཁ་མྱུར་དུ་ཐོབ་པར་སྨོན།

  4. འབྲོག་རིན་པོ་ཆེ། says:
    2012-03-17 at 10:16 pm

    མེར་སྒྲོན་ཞི་རྒོད་ནམ་ཡང་རྒྱལ་གྱར་ཅིག ཞི་བདེ་གོམ་བགྲོད་ཕུགས་འདུན་མྱུར་འགྲུབ་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme