Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་འབར་ནས་འཁྲིས་ལ་སླེབས་སོང་བ་འདྲ།

Posted on 2012-11-232012-11-23 By ཁ་བརྡ་ 1 Comment on མེ་འབར་ནས་འཁྲིས་ལ་སླེབས་སོང་བ་འདྲ།

གངས་དཀར་རྒྱལ་སྲས།

ལོ་བཅུ་གྲངས་སྔོན་ནས་འབར་མྱོང་བའི་རང་ལུས་མེར་སྲེག་གི་ཚ་རླབས་འདི། དེང་སྐབས་གློ་བུར་ཏུ་ཕྱོགས་ནས་ཕྱོགས་སུ་མཆེད་དེ་བོད་ཁམས་གང་སར་ཁྱབ། དྲང་ལྡོག་གཉིས་ཀ་ནས་འགྲེལ་བཤད་སྣ་ཚོགས་རྒྱག་གིན་ཡོད་པ་བཞིན་ངོས་འཛིན་བྱེད་སྟངས་ཀྱང་ཁ་ཁ་སོ་སོ་རེད། མེར་སྲེག་གི་བྱ་འགུལ་འདི་དུས་ཚོད་ངེས་ཅན་ཞིག་འགོར་ན་འདིའི་ངོ་བོ་འགྱུར་ནས་དྲག་སྤྱོད་ཅན་དུ་འགྱུར་རྒུའི་ཉེན་ཁ་ཡོད་པ་ནི་ཆོས་ཉིད་འགྱུར་མེད་ཅིག་གི་གཏན་ཚིགས་རེད། རྒྱུ་མཚན་ནི་མི་ནི་ཉོན་མོངས་གིས་ཀུན་ནས་བཅངས་པའི་སྲོག་ལྡན་རིགས་ཤིག་ཡིན་པས། ཉོན་མོངས་གི་རིགས་དེ་ལ་ཅི་ཙམ་བསྟུན་ཤེས་བྱས་ན་དེ་ཙམ་འཕེལ་ནས་ནམ་ཞིག་ཚོད་འཛིན་དཀའ་བའི་ཚད་དུ་སླེབས་ངེས་པ་ཞེ་སྡང་དང་གཏི་མུག་སོགས་ལས་གསལ་བོར་ཤེས་པ་དེ་རེད། ཉིན་ཞིག་ལག་འགུལ་བའི་དུས་ཚོད་ཅིག་ཤར་བ་ཡིན་ན་དེའི་སྐབས་ཀྱི་དོན་རྐྱེན་སྣ་ཚོགས་དང་དེའི་མཇུག་འབྲས་སོགས་ནི་བློ་ཡུལ་ལ་མི་ཤོང་བ་ཞིག་ཡིན་སྲིད། ང་ཚོ་འཚོ་བཞུགས་པ་དག་གིས་ཉེན་ཁ་ཆེ་ཞིང་མཇུག་འབྲས་བློ་ཡུལ་ལ་ཤོང་དཀའ་བའི་དོན་དག་སྣ་ཚོགས་མི་འབྱུང་བའི་ཆེད་དུ་ལས་ཀ་ཅི་ཞིག་སྒྲུབ་ན་ལེགས་པ་སོགས་ལ་ད་ལྟ་ནས་བསམ་བློ་གཏོང་རན་རེད། ང་ཚོ་འཚོ་བཞུགས་མི་ཉུང་བ་ཞིག་ལ་་བོད་ནང་འབར་བའི་མེ་ལྕེ་དེ་དག་གིས་རང་ཉིད་ཀྱང་དྲོས་ཡོང་བ་འདྲ་བའི་སྣང་བ་ཞིག་སྐྱེས་པའི་མོད་ལ་ཚེ་སྲོག་ཅིག་གིས་སྣོན་པ་རྒྱག་འདོད་ཀྱི་བསམ་བློ་རེའང་འཁོར་ཡོད་ངེས་ལ། སྐབས་དེ་དག་ཏུ་ཆུང་མ་བུ་ཕྲུག་ཕ་མ་དང་གྲོགས་པོ་སོགས་ཡིད་ལ་འཁོར་ནས་ཚོར་བ་དེ་རིམ་གྱིས་ཡལ་སོང་བའང་ཡོད་སྲིད། ཡང་ན། བཟའ་ཚང་ཁ་འཐོར་གྱི་སེམས་སྡུག་གམ་བརྩེ་དུང་གི་སྡུག་ཡུས་མ་ཐེགས་པ། ད་དུང་མངོན་འདོད་མང་བོ་ཞིག་མ་འགྲུབ་པའི་མི་དེ་དག་ལའང་མེ་དྲོད་དེ་དག་གི་འོད་སྣང་ཉེ་སར་སླེབས་པ་འདྲ་བའི་ཚོར་བ་ཡོང་མྱོང་ཡོད་སྲིད་གི་རེད། སྐབས་དེ་དག་ཚོར་བའི་འོག་ཏུ་ལམ་ལ་བུད་ནས་ལག་བསྟར་བྱས་ཟིན་པ་དང་བྱ་འདོད་ཀྱི་ཆོད་སེམས་ཁོག་ལ་ཉར་ནས་དུས་ཚོད་ཅིག་དང་མངོན་འདོད་ཅིག་ལ་སུ་ཞིག་གིས་གང་ཞིག་ན་བསྒུག་ཡོད་མེད་ཁོ་རང་ཉིད་དག་ལས་གཞན་སུས་ཀྱང་མི་ཤེས་པས་ཚེ་སྲོག་གི་ཞལ་འདེབས་བྱེད་འདོད་མཁན་ཚོས་ལག་བསྟར་མ་བྱས་པའི་སྔོན་ནས་བློས་ཐུབ་སུ་ཞིག་གམ་ལར་ཞེན་ཅན་སུ་ཞིག་ལ་སེམས་གཏམ་བཤད་དེ་པར་རྒྱག་པ་དང་བརྙན་ཕབ་དུ་འཇུག་རྒྱུ་ནི་ཁྱོད་རང་འགྲོ་ཁའི་གལ་ཆེ་བའི་སྒྲུབ་བྱ་ཉག་ཅིག་ཡིན། གལ་ཏེ་དེ་ལྟར་མ་བྱས་ན་ཁྱོད་རང་རྡོ་གོར་མོ་ཞིག་གི་རིན་ཐང་ཡང་མེད་པར་འཇིག་རྟེན་དང་འབྲལ་རྒྱུའི་ཉེན་ཁ་ཡོད་ནི་རེད། དཔེར་ན། མི་རིགས་ཀྱི་ཆེད་དུ་གཤེགས་ཟིན་ཡང་མིང་ཙམ་ལས་བརྙན་ཕབ་ཅིག་གང་ན་ཡོད་འདྲ་པར་ཞིག་མ་རེག་དེ་འདྲ་འདུག་པ་ནི་ད་ལྟའི་དངོས་ཡོད་གནས་ཚུལ་ལས་ཤེས་ཐུབ་པ་དེ་འདྲ་རེད། དེའི་རྐྱེན་གྱིས་འདི་ཕྱི་གང་ནས་ཀྱང་གྲ་སྒྲིག་ཡག་པོ་ཞིག་བྱེད་རོགས་གནང་རྒྱུ་ཧ་ཅང་གི་གལ་ཆེན་ཞིག་རེད།

སྣ་ཚོགས།

Post navigation

Previous Post: རེབ་གོང་ཀུན་གླེང་།
Next Post: དབྱིན་ཇི་དང་ཨ་རི་སོགས་ཀྱི་ཐུགས་རྗེ་ལེགས་འབུལ་གྱི་ཉི་མ་ཞེས་པའི་དུས་ཆེན་ཞིག

Comment (1) on “མེ་འབར་ནས་འཁྲིས་ལ་སླེབས་སོང་བ་འདྲ།”

  1. སྲོག་གཅོད says:
    2012-11-24 at 11:03 am

    བདེ་ཅོག་ཅོག་ཅིག་ལབ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme