Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་འཁོར་གཅིག་པུ་གྲོང་ཁྱེར་དུ་ཁེར་བུར་ལྷག

Posted on 2020-05-10 By ཁ་བརྡ No Comments on མེ་འཁོར་གཅིག་པུ་གྲོང་ཁྱེར་དུ་ཁེར་བུར་ལྷག

འདྲེ་གླེན་པ། (ཨོ་གླིང་།)
 
འཛམ་གླིང་དུ་སྐད་གྲགས་ཆོད་པའི་ནེའུ་ཡོག་གྲོང་ཁྱེར་ལ་ལྟོས་དང་
མི་མེད་ལུང་སྟོང་དུ་ལུས་པའི་རྫ་ཁོག་ཅིག་དང་འདྲ
རི་སྤྱང་ལྟ་བུའི་འགྲུལ་སྐྱེལ་མེ་འཁོར་རེ་རེས་ཁོག་སྟོང་དུ་ཁྱེད་ལ་ངུ་འབོད་བྱེད 

སེཌ་ཎཱེ་ཟམ་ཆེན་ཡང་དུར་ཁྲོད་ཅིག་དང་འདྲ་བར
རྒྱ་མཚོའི་ཁ་གཏད་དུ་ཁྱེད་ལ་སྐྱོ་ཉམས་སྟོན

ཕཱེ་རེ་སིལ་ལྟོས་དང་
གློ་བུར་དུ་ཨཱེ་ཧྥུལ་ལྕགས་མཁར་གཅིག་པུ་ཁེར་བུར་ལྷག་སྟེ
རྒྱང་རིང་གི་རྣམ་དག་ཁཱེ་ཐོ་ལི་ལ་མིག་ཆུ་ཤམ་ཤམ་དུ་གཏོར 

པཱེ་ཅིན་ནི་སྔར་ལྟར་སྒེའུ་ཁུང་མེད་པའི་མཁར་ཤུལ་ཞིག་གོ
ཝུ་ཧཱན་གྱི་གྲི་ཐོགས་ལྷ་རྗེ་རེ་རེ་གློ་བུར་གློ་བུར་དུ་སྒེའུ་ཁུང་མེད་པའི་ཕོ་བྲང་དུ་གཟིམས

མཆན། 
ནེའུ་ཡཱོག་New York ནི་འཛམ་གླིང་དུ་སྐད་གྲགས་ཆོད་པའི་ཨ་རིའི་གྲོང་ཁྱེར་ཞིག་ཡིན།   ནམ་རྒྱུན་གྲོང་ཁྱེར་དེར་མི་འབོར་ས་ཡ་བཅུ་དགུ་ལྷག་ཅིག་གཏན་སྡོད་བྱས་ཡོད་པ་དང་འཛམ་གླིང་གི་ཡུལ་སྐོར་སྤྲོ་འཆམ་པ་མང་ཤོས་འགྲོ་སའི་གྲོང་ཁྱེར་ཞིག་ཡིན་མོད།  དགྱ་ནད་ཨང་བཅུ་དགུ་པ་འདིའི་རྐྱེན་གྱིས་འདས་པའི་ཟླ་གཅིག་ལྷག་གི་ནང་དུ་གྲོང་ཁྱེར་གྱི་མི་ཚོགས་ཡོངས་སུ་བརླགས་ཤིང་གྲོང་ཁྱེར་ཧྲིལ་བོ་མི་མེད་ཁོག་སྟོང་དུ་ལུས་པའི་རྫ་ཁོག་ཅིག་དང་འདྲ།  འདི་ནི་གྲོང་ཁྱེར་ནེའུ་ཡཱོག་གི་ལོ་རྒྱུས་སུ་བྱུང་མ་མྱོང་བའི་གོད་ཆགས་ཤིག་ཡིན།   

སེཌ་ཎེ་ཟམ་ཆེན་Sydney Harbour Bridge ནི་སྤྱི་ལོ་1932ལོར་གསར་འཛུགས་བྱས་པའི་འཛམ་གླིང་དུ་མིང་གྲགས་ཆེ་བའི་ཨོ་གླིང་གི་ལྕགས་ཟམ་ཆེན་པོ་ཞིག་ཡིན།  ནམ་རྒྱུན་གྲོང་ཁྱེར་དེར་མི་འབོར་ས་ཡ་ལྔ་ལྷག་གཏན་སྡོད་བྱེད་ཅིང་འཛམ་གླིང་ཡུལ་སྐོར་སྤྲོ་འཆམ་གྱི་གནས་མཆོག་མིང་གྲགས་ཆེ་བ་ཞིག་ཡིན།   དགྱ་ནད་ཨང་བཅུ་དགུ་པའི་དབང་གིས་སྲིད་གཞུང་གིས་མི་མང་ལ་ཁྱིམ་སྡོད་བཀའ་རྒྱ་བཏང་རྐྱེན་འདས་པའི་ཟླ་གཅིག་ལྷག་གི་ནང་དུ་གྲོང་ཁྱེར་ཧྲིལ་བོ་ཁུ་སིམ་མེར་གྱུར། 

པཱེ་རེ་སི་Paris ནི་མིའི་རིགས་ཀྱི་ལོ་རྒྱུས་ཧ་ཅང་རིང་བའི་ཧྥ་རན་སཱིའིFrance ་རྒྱལ་ས་ཡིན།  ཨཱེ་ཧྥུལ་  Eiffel  Towerནི་སྤྱི་ལོ་1888ལོར་ཧྥ་རན་སཱི་གསར་བརྗེ་བྱུང་ནས་ལོ་བརྒྱ་འཁོར་བའི་དྲན་རྟེན་དུ་གསར་འཛུགས་བྱས་པའི་ལྕགས་མཁར་ཞིག་ཡིན། དགྱ་ནད་ཀྱི་རྐྱེན་པས་ནམ་རྒྱུན་མི་འབོར་ས་ཡ་གཉིས་ལྷག་གནས་སྡོད་བྱེད་སའི་མི་ཀུན་སྤྲོ་འཆམ་དུ་འགྲོ་བའི་གནས་མཆོག་དེའི་ཉེ་འཁོར་ཡོད་ཚད་ཁུ་སིམ་མེར་གྱུར། ཁཱ་ཐོ་ལིག་Catholicནི་ཧྥ་རན་སིའི་གདོད་མའི་ཆོས་ལུགས་ཏེ་ཡེ་ཤུའི་ཆོས་ལུགས་ཀྱི་ཆ་ཤས་ཤིག་གོ། 

པཱེ་ཅཱིན་北京ནི་དགྱ་ནག་དམར་གཞུང་གི་རྒྱལ་ས་ཡིན། 
ནམ་རྒྱུན་མི་འབོར་ས་ཡ་ཉེར་གཅིག་གནས་སྡོད་བྱེད་ཅིང་འཛམ་གླིང་ཁྱོན་ཡོངས་སུ་དམ་དྲག་དང་ཞེད་སྣང་ཆེ་ཤོས་ཀྱི་རྒྱལ་ས་ཡིན།  པཱེ་ཅིན་སྲིད་གཞུང་གིས་ནམ་རྒྱུན་སྲིད་གཞུང་མགོ་རྟིང་སློག་པར་དོགས་ནས་རང་བྱུང་ཁམས་ཀྱི་གོད་ཆགས་དང་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཆབ་དཔལ་རིག་གསུམ་དང་བཅས་པའི་གནས་ཚུལ་ཆ་ཚང་ལ་ཧ་ཅང་གསང་རྒྱ་དམ་པོ་བྱེད་ཅིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐྱོ་ཤོས་ཀྱི་རྒྱལ་ཁབ་རྩེ་གྲས་ཡིན་པས།   ད་ཐེངས་ཀྱི་དགྱ་ནད་ཨང་བཅུ་དགུ་པའི་ཁྲོད་ནས་ལྷག་ཏུ་ཡང་འགྲོ་བ་མིའི་ཐོབ་ཐང་ཛ་དྲག་ཏུ་ཆགས་པའི་རྒྱལ་ཁབ་ཨང་དང་པོར་གྱུར་ཏེ།   འཛམ་གླིང་ཁྱོན་ཡོངས་ནས་ཁ་རྡུང་དྲག་པོ་གཏོང་ཞིང་ཕྱི་འབྲེལ་ལ་དོ་ཕོག་ཤུགས་ཆེན་འགྲོ་རྒྱུ་ཡིན་པ་ཡོངས་གྲགས་སུ་ཆགས། 

གསལ་འདེབས། 

དགྱ་ནད་ཨང་བཅུ་དགུ་པCOVID-19 ནི་འཛམ་གླིང་དམག་འཁྲུག་གཉིས་པའི་རྗེས་ཀྱི་འཛམ་གླིང་གི་དཀའ་ངལ་ཆེ་ཤོས་སུ་གྱུར་ཞེས་འཛམ་གླིང་མཉམ་འབྲེལ་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གོ་ལ་སྤྱི་ལ་ཡོངས་ཁྱབ་ཏུ་བསྒྲགས།     འཛམ་གླིང་གི་ནད་དུག་ཆེད་མཁས་པ།   ཚན་རིག་པ། ཆབ་སྲིད་དཔྱད་བརྗོད་པ་སོགས་ཐུན་མོང་གིས་དགྱ་ནག་གིས་ནད་དུག་སྔོན་འགོག་དུས་ལྟར་བྱེད་མ་ཐུབ་པ་དང་གསང་རྒྱ་བྱས་ཏེ་གོ་ལ་སྤྱི་ལ་འགན་མ་ཁུར་བའི་སྟབས་ཀྱིས་ད་ལྟའི་གནས་སྟངས་ངན་པ་འདི་བྱུང་ཞེས་གཅིག་མཚུངས་སུ་སྨྲས། གང་ལྟར། དགྱ་ནག་གི་གྲོང་ཁྱེར་ཝོས་ཧཱན་ནས་ཐོན་པའི་ནད་དུག་ཨང་བཅུ་དགུ་པ་འདི་ནི་དུས་རབས་ཉེར་གཅིག་པའི་མིའི་རིགས་ཀྱི་ལོ་རྒྱུས་སུ་འགོད་པའི་དཀའ་ངལ་དང་རྙོག་རྫོབ་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་པ་གདོན་མི་ཟ་བས་ན།   ང་ཚོ་བོད་མི་རིགས་ཀྱིས་ཀྱང་ནད་ངན་འདིར་ཐ་སྙད་འདོགས་སྟངས་དང་ལོ་རྒྱུས་ཡིག་ཚགས་སུ་འགོད་སྟངས་བཅས་ལ་ཐུགས་བསམ་ནན་གྱིས་གཏོང་དགོས་པ་ནི་ཧ་ཅང་གི་གལ་འགངས་ཆེ་བར་མཐོང་། 
དགྱ་ནད་ཨང་བཅུ་དགུ་པའི་འདས་པའི་ཟླ་གསུམ་ལྷག་གི་ཉམས་མྱོང་ལས་ང་ཚོས་རྙེད་པ་ནི་འཛམ་གླིང་སྤྱིའི་ཆབ་དཔལ་རིག་གསུམ་ལ་སྔོན་བྱུང་མྱོང་མེད་པའི་འགྱུར་བ་ཤུགས་ཆེན་འགྲོ་བཞིན་པ་དང་མ་འོངས་པར་དེ་ལས་ལྷག་པའི་འགྱུར་བ་འགྲོ་ངེས་པ་སོགས་ལ་བརྟེན་སྤྱི་ཡོངས་ནས་རིག་པ་རྣོན་པོས་གྲ་སྒྲིག་ཨང་གསར་ངེས་པར་དུ་དགོས་སྙམ།   

28/4/20ཉིན་ལས་ཞོར་དུ་ཨོ་གླིང་གི་གནས་མཆོག་རི་སྔོན་པོ་ནས། 

སྙན་ངག

Post navigation

Previous Post: དགྱ་ནད་ལས་ཀྱང་འཇིགས་སུ་རུང་བ་དེ།
Next Post: ལྷ་ས་ནས་སྐེ་ལ་ཁ་བཏགས་སྒྲོན་མཁན་དེ་སུ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme