Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མུ་གེའི་སྒང་ལ་ཟླ་ལྷག ༼4/14 ས་ཡོམ་གོད་ཆག་བྱུང་རྗེས།༽

Posted on 2010-04-18 By དབང་ཕྱུག་ 2 Comments on མུ་གེའི་སྒང་ལ་ཟླ་ལྷག ༼4/14 ས་ཡོམ་གོད་ཆག་བྱུང་རྗེས།༽

________________________________________

བསེ་རུ།

༼ཀློག་པ་པོ་རྣམ་པར་ཞུ་རྒྱུར། ཁམས་སྐྱེ་རྒུ་མདོ་ཡུལ་ཤུལ་མི་མང་འདས་གསོན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་བསྔོ་སྔོན་གསོལ་འདེབས་ཀྱི་ཚུལ་དུ་རྩོམ་ཡིག་འདི་ཚར་གཅིག་བཀླག་རོགས་གནོངས། ༽

སྤུན་ཟླ་ཚོ། འདི་ལྟར། གསུམ་གཅིག་བཞི། བཞི་གཅིག་བཞི། ང་ཚོའི་མི་རིགས་འདི་འགྱེལ་བའི་སྟེང་རྡོག་བརྫིས་དང་། མུ་གེའི་སྒང་ལ་ཟླ་ལྷག་ཅེས་པ་ལྟ་བུར་གྱུར་ན་ཡང་། ང་ཚོའི་ཤ་ཁྲག་རུས་གསུམ་ནམ་ཡང་གཅིག་ཡིན། ང་ཚོ་སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་དང་། སྡུག་གི་ཁུར་པོ་མཉམ་འཁུར་ཡིན། སྤུན་ཟླ་ཚོ། ཐུགས་མ་སྐྱོ།
ཡུལ་ཤུལ་མི་མང་ཚོ། ང་ཚོའི་ལུས་ངག་ཡིད་གསུམ་ཁྱེད་ཚོའི་ལུས་ངག་ཡིད་གསུམ་ལ་ཐིམ་ན་འདོད། སྤུན་ཟླ་ཚོ། ཁྱེད་ཚོའི་ནང་མི་སྤུན་ཉེ་ཡོད་ཚད་ང་ཚོའི་ནང་མི་སྤུན་ཉེ་ཡིན། ང་ཚོ་ཚང་མ་བོད་པ་ཡིན། ང་ཚོ་ཚང་མ་རྩེད་ཐང་གོང་བུ་རི་ནས་འཕག་པའི་སྤྲེལ་ཕྲུག་གི་རིགས་རྒྱུད་ཡིན། ང་ཚོ་ཚང་མ་བྱམས་དང་སྙིང་རྗེའི་བདག་ཉིད་ཡིན། ང་ཚོ་ཚང་མ་ཕྱག་ན་པདྨོས་རྗེས་སུ་བཟུང་བའི་གདུལ་བྱ་ཡིན། བློ་སྤོབས་སྐྱེད་དང་། མིག་ཟུང་མཆི་མས་གང་། གཟུགས་ཕུང་ན་ཟུག་གིས་གཙེས། ཡིད་སེམས་སྡུག་བསྔལ་གྱིས་མནར་ན་ཡང་། དཔའ་མ་ཞུམ། ང་ཚོ་ཚང་མ་ཁྱེད་ཚོའི་གམ་ན་ཡོད། ང་ཚོ་ཚང་མ་ཁྱེད་ཚོ་ལྷན་དུ་ཡོད། ང་ཚོ་ཚང་མ་སེམས་པ་དང་སེམས་པ་སྦྲེལ་ནས་ཡོད།
ཡུལ་ཤུལ་མི་མང་ཚོ། འཛམ་གླིང་ས་ཕྱོགས་གང་སར་ཁ་བ་རི་པ་ཚོས་ངག་ནས་མ་ཎི་འདོན་གྱིན་འདུག་ལ། སྦྱིན་པའི་ཕྱག་ཟུང་ཡངས་པོར་རྐྱོང་གིན་འདུག ཡ་གིའི་རྩ་གསུམ་གྱི་བླ་མ་ནས་མ་གིའི་བན་ཆུང་བར་ཁྱེད་འདས་པོ་རྣམས་ཀྱི་རྗེས་འཇུག་སྒྲུབ་ཀྱིན་འདུག གསོན་པོ་རྣམས་ལ་སྐྱབས་སྨོན་འདེབས་ཀྱིན་འདུག འདི་ཕྱི་བར་དོའི་འཇིགས་པ་ལས་བྲལ་ཕྱིར་བསྔོ་སྨོན་ཡང་འདོན་གྱིན་འདུག ད་དུང་ས་དང་གནམ་གྱི་བར་ནས་མང་པོ་མང་པོ་ཞིག་གིས་འདི་ལྟར་འབྱུང་ཁམས་ལ་འཁང་ར་དང་གཤེ་སྐུར་སོགས་ཀྱང་བྱེད་ཀྱིན་འདུག
ཡུལ་ཤུལ་མི་མང་ཚོ། འབྱུང་བཞི་ལ་སྙིང་རྗེ་མེད་པ་བདེན་ན་ཡང་། འགྲོ་བ་མི་འདི་ཚོར་སྙིང་རྗེ་མེད་པ་ཅི་ལ་སྲིད། རྒྱལ་ཁབ་འདྲ་མིན་དང་། ཚོགས་པ་འདྲ་མིན། མི་སྒེར་ལ་སོགས་པ་གྲངས་ལས་འདས་པ་ཞིག་གིས་ཀྱང་སྦྱིན་པའི་ཕྱག་ཟུང་ཁྱེད་རྣམས་ཀྱི་ཕྱོགས་སུ་རྐྱོང་གིན་འདུག འོན་ཀྱང་ང་རང་ལག་སྟོང་ཞིག་ཡིན་སྟབས། འདི་ལྟར་སྙན་ངག་ཅིག་འབྲི་གིན། ངའི་མིག་ཟུང་མཆི་མས་རབ་རིབ་ཏུ་གྱུར་སོང་། ངའི་སེམས་ཁམས་གྱ་གྱུར་གྱུར་སོང་། ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ།
ཡུལ་ཤུལ་མིང་མང་ཚོ། མདོ་དབུས་ཁམས་གསུམ་གྱི་སེམས་པ་ཁྲི་མ་འབུམ་གྱིས་ཁྱེད་ཚོའི་མཁའ་དབྱིངས་སུ་ལྡིང་གིན་འདུག་ལ། ས་མཐའི་ཡུལ་གྱར་བ་སྟོང་ཕྲག་མང་པོའི་མིག་ཟུང་གིས་ཁྱེད་ཚོའི་དཀའ་སྡུག་ལ་གཟིགས་ཀྱིན་འདུག རྣ་བ་ཐོགས་ཚད་ཀྱིས་ཁྱེད་ཚོའི་ངུ་འབོད་ལ་ཉན་གྱིན་འདུག མདོར་ན། ཡོད་ཚད་ཁྱེད་ཚོའི་ཕྱོགས་སུ་སེམས་ཁྲལ་བྱེད་ཀྱིན་འདུག་ལ། ཕ་ཡུལ་ན་གང་མང་ཞིག་གིས་ཁྱེད་ཚོའི་ཆེད་དུ་ཟས་བཅག་གཉིད་བྲལ་ངང་རྒྱུག་གིན་འདུག
ཡུལ་ཤུལ་མི་མང་ཚོ། མ་བུ་ཁ་བྲལ་དང་། མི་ཤི་ཁྱིམ་སྟོང། ཁྱིམ་གཞིས་རྩ་ཐོར་དུ་སོང་བ་མ་ཟད། ཡིད་འོང་གི་ཕ་ཡུལ་དེ་ཡང་གྱང་ཁོག་ཞིག་རལ་ཏུ་གྱུར་ཅིང་། གཤིན་པོའི་དུར་ས་དང་། ནད་གཅོང་གི་ངུ་འབོད་མང་བའི་མྱ་ངམ་ཐང་ཞིག་ཏུ་གྱུར་ན་ཡང་། སྐྱིད་སྡུག་ནི་འཇིག་རྟེན་གྱི་གོམ་སྟབས་ཤིག་ཡིན་སྟབས། སེམས་མ་ཕམ། ཡིད་མ་ཞུམ། འདི་ནི་འཇིག་རྟེན་ཁམས་ཀྱིས་ང་ཚོར་སྤྲད་པའི་བསླབ་བྱ་ཞིག་དང་འཛམ་གླིང་མི་མང་ལ་ཚོར་བརྒྱབས་པའི་ཉེན་བརྡ་ཞིག་ཀྱང་ཅིས་མ་ཡིན།
ཡུལ་ཤུལ་མི་མང་ཚོ། ཁྱེད་རྣམས་གང་མགྱོགས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་དང་། ལྗང་མདོག་ལྡན་པའི་འཚོ་བ་ཞིག་ལ་རོལ་ཐུབ་པར་རེ་སྨོན་དང་ཡིེད་ཆེས་ཡོད་ལ། ཕྱི་ལུས་པོའི་ནད་རིགས་ཡོད་ཚད་བདེ་བླག་ཏུ་དྲག་བསྐྱེད་ཡོང་བ་དང་། ནང་སེམས་ཀྱི་རྨ་ཁ་ཡོད་ཚད་ཕྱག་ན་པདྨོའི་བྱིན་རླབས་ཀྱི་བདུད་རྩིས་ཉེ་བར་ཞི་སྟེ། དལ་བརྒྱད་འབྱོར་བཅུ་ཚང་བའི་དལ་འབྱོར་མི་ལུས་དེ་ཉིད་སྐུ་ཁམས་བདེ་ཐང་དང་། བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་ལམ་ཡང་རྒྱག་གིན་ཡོད། ད་དུང་གནོད་སྐྱོབ་ངལ་སེལ་གྱི་ལས་དོན་ཁག་གི་ནང་མ་སྐུལ་དང་བླང་ཐོག་གཞན་ཕན་སྒྲུབ་མཁན་གྱི་དགེ་འདུན་པ་དང་སློབ་གཉེར་བ། མི་མང་སོགས་ལ་ཡང་ཁོ་བོས་ཡུལ་ཤུལ་མི་མང་གི་ཚབ་ཞུས་ཏེ་སྙིང་དམར་པོ་བསྟན་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་ན་འདོད། ཐུགས་རྗེ་ཆེ། བཀའ་དྲིན་ཆེ། ཚེ་རིང་ལོ་བརྒྱ། ཁ་དྲོ་བཀྲ་ཤིས། ངའི་མིག་ཟུང་མཆི་མས་བརླན་གྱིན་ལག་ཟུང་འདར་འདར་དུ་སླར་ཡང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ང་ནི་ས་མཐའ་བ་ཞིག་སྟེ། ཕ་ཡུལ་ལ་རྒྱང་ལྟ་བྱེད་ཀྱིན་དུས་འདའ་བའི་སེམས་པ་རྨས་པ་ཞིག་ཡིན། ཡུལ་ཤུལ་གྱི་སྤུན་ཟླ་ཚོ། གནམ་ས་གཉིས་ཁ་སྦྱར་དུ་སོང་ན་ཡང་ང་ཚོ་ནམ་ཡང་མགོ་བོ་སྒུར་མི་རུང་། ངུ་མཚམས་ཞོག་དང་། མིག་ཆུ་ཕྱིས་དང་། སེམས་པ་རྣལ་དུ་ཕོབ་དང་། ངའི་ཕ་ཡུལ་གྱི་སྤུན་ཟླ་ཚོ། ས་མཐའི་གྲུ་ཟུར་འདི་ནས་ངས་སེམས་ཁོང་དུ་བླ་མ་དཀོན་མཆོག་སྒོམ་བཞིན་སྨོན་ལམ་འདེབས། ནད་མུག་འཁྲུག་རྩོད་ཞི་བའི་སྨོན་ལམ་འདེབས། རང་སྐྱིད་མི་སྨོན་ཡོང་བའི་སྨོན་ལམ་འདེབས། འདི་ཕྱི་གཏན་བདེ་ཡོང་བའི་སྨོན་ལམ་འདེབས།
འཛམ་གླིང་གི་མི་མང་ཚོ། ང་ཚོ་ཐུན་མོང་ཐོག་རེ་འདུན་ཞུ། དམ་བཅའ་འཇོག འབྱུང་ཁམས་ཁོར་ཡུག་ལ་བདག་གཅེས་བྱེད་དགོས། འབྱོར་ལྡན་གྱི་རྒྱལ་ཁབ་དང་། ཧམ་སེམས་ཅན་གྱི་ཁེ་ལས་པ། ད་དུང་གཞུང་དང་སྒེར་གྱི་ཚོགས་པ་ཁག མདོར་ན། རང་འབྱུང་ཁམས་སུ་དོ་ཕོག་གཏོང་མཁན་གྱི་རྒྱལ་ཁབ་དང་ཚོགས་པ། མི་སྒེར་སོགས་གང་ན་སུ་ཞུགས་རྣམས་ཀྱིས། རང་འབྱུང་ཁམས་ནི་ང་ཚོ་ཐུན་མོང་གི་ཚེ་སྲོག་ཡིན་པ་དེ་མ་བརྗེད་རོགས། རང་འབྱུང་ཁམས་ཆེན་མོར་རང་རང་གི་ཚེ་སྲོག་ལས་རྩ་བ་ཆེ་བར་བརྩི་རོགས། ས་ཆུ་མེ་རླུང་གི་འཇིགས་པ་ལས་བྲལ་འདོད་ན། རང་འབྱུང་ཁམས་ལ་གཅེས་ཉར་མཛོད་དང་། རང་བྱུང་ཁམས་ལ་སྙིང་རྗེ་མེད་པ་མིན་ཏེ། འགྲོ་བ་མིའི་རིགས་མང་པོ་ཞིག་གི་ནང་སེམ་ཁམས་སུ་སྙིང་རྗེ་དང་གཞན་ཕན། བསམ་ཤེས། ཀུན་ཁྱབ་སེམས་ཁུར་གྱི་ལུས་ཟུངས་མི་འདུག་པས། ང་ཚོ་ཐུན་མོང་ཐོག་རེ་འདུན་ཞུ། རང་འབྱུང་ཁམས་ལ་བདག་གཅེས་བྱེད་རོགས། འདི་ནི་ངའི་ཚེ་སྲོག་ཡིན། འདི་ནི་ཁྱེད་ཀྱི་ཚེ་སྲོག་ཡིན། འདི་ནི་ང་ཚོ་ཚང་མའི་ཚེ་སྲོག་ཡིན།
རང་འབྱུང་ཁམས། འགྲོ་བ་ས་ཡ་ཁྲི་འབུམ་མང་པོའི་ཚེ་སྲོག་གི་བདག་པོ་ཡིན། རང་འབྱུང་ཁམས། ང་ཚོའི་ཚེ་སྲོག་སྐྱོབ་རོགས། ང་ཚོར་སྙིང་རྗེ་སྒོམ་རོགས།
རང་བྱུང་ཁམས། ཁྱེད་ནི་ང་ཚོའི་བླ་སྲོག་གི་བདག་པོ་ཡིན།
འདི་ནི་གཤིན་པོ་རྣམས་ཀྱི་ཁ་ཆེམས་དང་། གསོན་པོ་རྣམས་ཀྱི་རེ་འདུན་ཡིན།
༼སྤྱི་ལོ་༢༠༡༠ཟླ་༤ཚེས་༡༤ཉིན་གྱི་སྔ་དྲོར་མཚོ་སྔོན་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་བྱུང་རྗེས་ས་གནས་ཁག་གི་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་དུ་ཚེས་༡༦ལ་བྲིས།༽

རྩོམ་རིག

Post navigation

Previous Post: ས་ཡོམ་གྱི་ཁྲོད་གནས་པའི་འདས་གསོན་གཉིས་ལ་ཕུལ།
Next Post: རེབ་གོང་གི་གོ་རེ།

Comments (2) on “མུ་གེའི་སྒང་ལ་ཟླ་ལྷག ༼4/14 ས་ཡོམ་གོད་ཆག་བྱུང་རྗེས།༽”

  1. ཀརྨ་རྡོ་རྗེ་ says:
    2010-04-19 at 11:32 pm

    སྐྱེ་རྒུ་མདོ་སོགས་རིགས་དྲུག་གི་སེམས་ཅན་རྣམས་ཀྱི། །
    སྒོ་གསུམ་དུག་གསུམ་བག་ཆགས་དྲི་མ་དང་བཅས་པ། །
    མ་ཎི་ཡིག་དྲུག་གི་རྟ་དབྱངས་གོ་ཐོས་ཙམ་གྱིས། །
    ངན་འགྲོ་གསུམ་དང་སྡུག་བསྔལ་གསུམ་ལས་གྲོལ་གྱུར་ཅིག །

  2. ལྷགབསམ་རྒྱ་མཚོ། says:
    2010-04-20 at 10:45 am

    འདས་པོ་རྣམས་ལ་བསྔོ་སྨོན། གསོན་པོ་རྣམས་ལ་སྐྱབས་འཇུག བསམ་ཤེས་རྣམས་ཀྱིས་སེམས་གསོ་སོགས་གང་དགོས་ཅི་རིགས་དང་། འདས་པའི་ལོ་ཤས་རིང་བོད་མི་སྐྱེ་བའི་གྲངས་ལས་བརྒྱ་འགྱུར་ཀྱི་མི་སེར་འདས་གྲོང་དུ་གྱུར་བའི་ཉམས་པ་གསོ་བའི་ཆེད་དུ་ཚང་མས་སྐྱེ་སྒོ་མི་འགོག་པ་དང་། མིར་ཆགས་པའི་སྲོག་མི་གཅོད་པ། བུ་སྐྱེ་བར་རོགས་སྐྱོར་དང་། བྱིས་པ་གྲངས་མང་སྐྱེ་བའི་ཐད་ལ་འབད་བརྩོན་གནང་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme