Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མིག་རྒྱངས་རིང་པོའི་ཆོས་ཀྱི་ཉམས་ལེན།

Posted on 2014-04-19 By ཁ་བརྡ་ No Comments on མིག་རྒྱངས་རིང་པོའི་ཆོས་ཀྱི་ཉམས་ལེན།

བྱམས་བརྩེ།

དེ་རིང་འཕྲད་སྲིད་པའི་རྙོག་གྲ་ཆུང་ཆུང་ལ་འཇིགས་ནས་སང་ཉིན་ང་ཚོ་ལ་ཡོང་སྲིད་པའི་ཆག་སྒོ་དག་ཅི་ནས་ཀྱང་འཇོག་མི་རུང་བའི་གཏན་ཚིགས་འདི་བཀོད་དེ། བདག་གི་འདས་ཟིནཔའི་མཐོང་ཐོས་མྱོང་གསུམ་དག་གཞི་ལ་བཞག་ནས། བཀླགས་ཟིན་པའི་དཔེ་དེབ་འགའ་ཤས་ལས་ཁུངས་དྲངས་ཏེ། བཤད་འདོད་པའི་སེམས་གཏམ་འགའ་འདིར་འགོད་རྒྱུ་ཡིན། དེ་ཡང་ལོ་ངོ་སྟོང་ཕྲག་འགའི་ཡར་སྔོན་དུ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་དང་། སྟོན་པ་གཤེན་རབས་མི་བོ་ཆེ་རྣམ་གཉིས་ཀྱི་བསྟན་པ་རིམ་བཞིན་བོད་ཁ་བ་གངས་ཅན་ལྗོངས་སུ་ཉི་འོད་ལྟར་དར་ཁྱབ་ཕྱིན་ཏེ་བོད་ཆོས་ལྡན་གྱི་ཞིང་ཁམས་ཞེས་པ་དེ་ཡང་འདི་ལྟར་ཐོགས་པ་ཞིག་ལོས་ཡིན་སྙམ། བོད་དུ་ནང་བསྟན་དར་བ་ནས་བཟུང་དམ་པའི་ཆོས་ཀྱིས་སེམས་ལྡན་སྐྱེ་བོ་མང་པོའི་ཡིད་ཀྱི་རྨོངས་པ་བསལ་ཞིང་། ལུས་ངག་གི་སྒྲིབ་པ་དག་སྟེ། ལེགས་ཉེས་བླང་དོར་གྱི་སྒོ་མོ་གསར་དུ་ཕྱེ་ནས་བདེ་བའི་ལམ་བཟང་བསྐྲུན་ཡོད། ལར་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་“རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན།།”ཞེས་གསུངས་པ་ལྟར། ཁམས་གསུམ་སྐྱེ་དགུའི་ཕན་བདེ་མ་ལུས་པའི་གཞི་རྩ་ཡང་རྒྱལ་བའི་བསྟན་པ་ཡིན་ལ། འགྲོ་བའི་གདུང་བ་ཞི་བའི་སྨན་གྱི་མཆོག་ཀྱང་དེ་ཡིན། དེས་ན་ནང་པ་སངས་རྒྱས་པའི་ཆོས་ནི་སེམས་རྒྱུད་ཀྱི་མི་མཐུན་ཕྱོགས་ཉོན་མོངས་འདུལ་བར་བྱེད་པ་དང། མཐུན་ཕྱོགས་ནས་བློ་ལེགས་པའི་ཕྱོགས་སུ་བཅོས་པའི་ཡང་དག་པའི་ལྟ་གྲུབ་ཀྱི་རྣམ་གཞག་ཅིག་དང་། དེ་ལ་བརྟེན་ནས་མཐར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཐབས་ཤིག་ལ་ངོས་འཛིན་བྱེད་དགོས། དེ་ལྟའི་རྣམ་གཞག་དེ་ཉམས་སུ་ལེན་མཁན་ཞིག་ལ་ནང་པ་ཟེར་བ་ཡིན། དེ་ཡང་༸གོང་ས་མཆོག་གི{ནང་ཆོས་ངོ་སྤྲོད་སེམས་ཀྱི་གསང་བ་ལས}”སངས་རྒྱས་པའི་ཆོས་ཀྱི་གཙོ་བོ་ནི་ཐར་པ་དང་འབྲེལ་བའི་ཆོས་ཤིག་ལ་ནང་པ་སངས་རྒྱས་པའི་ཆོས་ཞེས་བརྗོད་ཀྱི་ཡོད།” ཞེས་གསུངས་ཡོད། དེང་སྐབས་ནང་པ་སངས་རྒྱས་པའི་ཆོས་ནི་ཟུར་གནས་བློ་ལྡན་མང་པོས་ནང་སེམས་ཀྱི་ཚན་རིག་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། (དབྱིན་སྐད་དུ། spirituality) ཞེས་བརྗོད་ཀྱི་ཡོད། འདིས་ཡང་སྙིང་ཅི་ཞིག་མཚོན་གྱི་ཡོད་ཞུས་ན། སངས་རྒྱས་པའི་ཆོས་ནི་ནང་ཤེས་པའི་གནས་ལུགས་ཇི་བཞིན་དཔྱད་ཞིབ་བྱས་ཏེ་ཅི་འདྲའི་སེམས་མ་དུལ་བ་འདུལ་ཐབས་བྱེད་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པ་མཚོན་ཐུབ་ལ། ད་དུང་གནས་ལུགས་དང་རྒྱུ་མཚན། ལུང་དང་རིགས་པ་སོགས་ཀྱི་རྒྱབ་བརྟེན་ཡོད་པའི་ཡང་དག་འགྲན་བྲལ་གྱི་ཚད་ལྡན་ཆོས་ལུགས་ཤིག་ཡིན་པ་གསལ་པོར་མཚོན་ཡོད། དེས་ན་འདི་ལྟ་བུའི་དམ་ཆོས་ཟབ་མོ་རྣམས་ང་ཚོས་དོན་དམ་ལག་ལེན་དངོས་ལ་འཁྱོལ་བ་བྱ་དགོས་པ་ལས། ཕྱི་ཚུལ་རིང་ལུགས་པའི་ནང་པ་ཞིག་ཆགས་ན་ཤིན་ཏུ་ཕངས། དེང་སྐབས་སྐྱེ་བོ་མང་པོ་ཞིག་དེ་ལས་ལྡོག་སྟེ་ཆོས་ཞེས་བརྗོད་སྐབས་ཕྱིའི་ཁྲ་ཁྲ་ཟང་ཟིང་ཡིན་ཤག་གིས་མགོ་བོ་ཡོངས་སུ་རྨོངས་ཡོད། ཆོས་ཞེས་པ་ནི་བཅོས་པའམ་བསྒྱུར་བཅོས་བཏང་བའི་དོན་ཡིན་ཀྱང་། ང་ཚོ་མང་དག་ཞིག་གིས་ཆོས་བྱེད་སྟངས་ནི་ནང་སེམས་རྒྱུད་ལ་ལེན་མི་དགོས་པའི་གོམས་གཤིས་འཇགས་ཏེ། ཆོས་ཤིག་སྒྲུབ་དགོས་ན། ངེས་པར་དུ་དབང་པོ་སྒོ་ལྔའི་མཐོང་ཐོས་མྱོང་གྱི་ཡུལ་དུ་ཡོད་པའི་ཕྱིའི་རྣམ་འགྱུར་གྱི་རིག་བྱེད་ཅིག་ཡིན་པར་བསམ་གྱི་ཡོད། དཔེར་མཚོན་ན། བླ་མ་དང་གྲྭ་པ་ཡིན་ཚེ། ཚོགས་འཚོགས་རྒྱུ་དང་། སྨོན་ལམ་འདོན་རྒྱུ། ཆོས་ཀློག་རྒྱུ། མཆོད་པ་བཞེངས་རྒྱུ། འཆམས་འཁྲབ་རྒྱུ། རྔ་རྡུང་རྒྱུ། བསངས་གཏོང་རྒྱུ་སོགས་གཙོ་བོ་འཛིན་གྱི་ཡོད་ལ། ད་དུང་རྒྱུ་དཔལ་འབྱོར་ཡོད་པའི་བླ་གྲྭ་ཚོས། དགོན་པ་གསར་རྒྱག་དང་། ལྷ་སྐུ་བཞེངས་རྒྱུ། སློབ་གྲྭ་རྒྱག་རྒྱུ། རྒན་གསོ་ཁང་འཛུགས་རྒྱུ་སོགས་ངེས་པར་དུ་མིག་མཐོང་ལག་ཟིན་ཡོད་པའི་ཆོས་བསྒྲུབ་དགོས་ཀྱི་ཡོད། དེ་བཞིན་མི་སྐྱ་ཕོ་མོ་ཚོ་ཡིནའང་། གལ་སྲིད་ཆོས་བྱེད་ཚེ། ཡིན་གཅིག་མིན་གཅིག་གནས་བསྐོར་འགྲོ་རྒྱུ་དང་། མཆོད་མཇལ་བྱེད་རྒྱུ། ཕྱག་འཚལ་རྒྱུ། མ་ཎི་བགྲང་རྒྱུ། ཁ་ཏོན་འདོན་རྒྱུ། བསྐོར་བ་བསྐོར་རྒྱུ། མཆོད་མེ་སྤར་རྒྱུ། བསངས་གཏོང་རྒྱུ། དར་ལྕོག་འཛུགས་རྒྱུ། ཕྲེང་བ་འཛིན་རྒྱུ། དགོན་པ་གྲྭ་ཚང་ལ་སྐུ་འགྱེད་འབུལ་རྒྱུ། ཞལ་འདེབས་འབུལ་རྒྱུ། སྤྲང་འགྱེད་རྒྱག་རྒྱུ་སོགས་དེ་ཙམ་ལ་ཆོས་ཀྱི་ཉམས་ལེན་ཆེན་པོར་རློམས་ཤིང་ཡོད། མ་གཞི་མི་སྐྱ་ཕོ་མོ་ཚོ་ནི་ཆོས་ཀྱི་གོ་རྟོགས་ཀྱང་ཅུང་ཞན་པ་ཡོད་པས་ཁག་ཅི་ལ་ཡོད། ཆོས་ཡང་དག་པ་ཞིག་འགྲེལ་བཤད་སྐྱོན་མཁན་དང་མཇལ་དཀོན་པས་རེད། ཁོང་ཚོའི་ལམ་སྟོན་བྱེད་མཁན་དང་སྐྱབས་འཇུག་ཞུ་ས་གཙོ་བོ་ནི། ལུང་བསྟན་གསུང་མཁན་དང། ལྷ་འབེབ་མཁན། མོ་རྒྱག་མཁན། རྨི་ལམ་བརྟག་མཁན་ཤ་སྟག་རེད་ལ། དེ་ཚོས་སྟོན་པའི་ཐབས་ལམ་བཟང་ཤོས་ནི་གོང་བཞིན། བསྟོད་རྒྱུ། མཆོད་རྒྱུ། སྒྲུབ་རྒྱུ། གསོག་རྒྱུ། འབུལ་རྒྱུ། སྦྱིན་རྒྱུ་བཅས་ཁོ་ན་རེད། དེ་ཡང་༸གོང་ས་མཆོག་གི་{སེམས་ཀྱི་གསང་བ་ལས} ‘‘ང་ཚོ་བོད་པས་བྱབ་བསྐྱལ་ཏེ། དངོས་གནས་བོད་ཀྱི་ནང་ཆོས་ཀྱི་ཞག་རྩི་ཡོད་ས་དེར་སློབ་སྦྱོང་བྱས་ན་དཀའ་ལས་ཁག་པོ་ཡོད་སྟབས། དེ་དག་ཕར་བཞག་སྟེ། སྔགས་དང་འབྲེལ་ཏེ་འབག་གྱོན་པ་དང་། དུང་རྒྱ་བཏང་། གཏོར་མ་འཕེན་པ་སོགས་བྱེད་ཀྱི་ཡོད།”ཞེས་དང་། ཡང་ཁོང་གིས། {ནང་ཆོས་ངོ་སྤྲོད་སྙིང་བཅུད་ལས}“ ལར་ནས་ནང་པའི་ཆོས་ཀྱི་འགྲོ་སྟངས་ནི་སེམས་ལ་བཟོ་བཅོས་བརྒྱབ་ནས་བདེ་སྐྱིད་བསྒྲུབ་རྒྱུ་ཞིག་ཡིན་པ་ལས། སྨོན་ལམ་བརྒྱབ་ནས་བདེ་སྐྱིད་བསྒྲུབ་རྒྱུ་ཞིག་གསུངས་མེད། ང་ཚོས་ནམ་རྒྱུན་ཕྱག་མཆོད་འབུལ་བྱེད་པ་དང་། སྐུ་གསུང་ཐུགས་རྟེན་མཇལ་བ། རང་ཉིད་ཀྱི་ནང་དུ་ངེས་པར་མཆོད་གཤོམས་བསྒྲིགས་པའི་མདུན་དུ་སྨོན་ལམ་བརྒྱབ་པ་དེས་དོན་དག་གྲུབ་ཡོང་བསམ་པ་ལྟ་བུ་བྱས་ན་དེ་ལྟར་མིན།” ཞེས་གསུངས་པའི་གསུང་ཚིག་གི་ནུས་པ་ལས་ཀྱང་ཤེས་ཐུབ། དེ་བཞིན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས། {དུས་ཐོག་ཆར་པ་ལས།} “རྙིང་མ་པ་ཞིག་ཡིན་ན། ཚེས་བཅུ་ཞིག་དགོས་ངེས་པ་རེད། དེ་ནི་གུ་རུ་རིན་པོ་ཆེའི་རྗེས་དྲན་གྱི་དུས་མཆོད་རེད། དེའི་ཐོག་ཏུ་དགུ་གཏོར་ལྟ་བུ་སྒྲུབ་མཆོད་གཅིག་གཉིས་རེ་ཡོད་ན་དེ་རེད། མ་གཞི་དགོན་པ་རྣམས་ཀྱི་བྱ་བ་འདུ་ཁང་ལས་རྒྱུ་གཙོ་བོ་མ་རེད་ལ། ཚོགས་འཚོགས་རྒྱུའང་གཙོ་བོ་མ་རེད།’’ཞེས་བཀའ་ཐེངས་མང་གནང་ཡོད། སྤྱིར་ཡར་ལྷ་དང་བླ་མར་མཆོད་པ་དང་། མར་སྤྲང་པོ་དང་ཡི་དྭགས་སོགས་ལ་སྦྱིན་གཏོང་ནི་བསོད་ནམས་ཀྱི་རྒྱུ་རུ་འགྲོ་ཡི་ཡོད་པ་ནང་བསྟན་དུ་གསལ་ཡོད་ཀྱང་། དེང་སྐབས་ང་ཚོས་ཉིན་རེའི་འཚོ་བའི་ཁྲོད་ནས་ལག་ལེན་ལྟར་གྱིན་པའི་མོ་རྩིས་དང་ལྷ་མཆོད་ཀླུ་མཆོད་དག་ནི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་ཀྱི་སྙིང་པོ་ནི་ཡིན་ཚོད་མི་འདུག བཤད་སྟངས་གཞན་དུ། འདི་དག་གཤེན་བོན་གྱི་ལུགས་སུ་ཡང་གསུངས་ཏེ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས། {མཁས་དབང་བོན་བརྒྱ་རིན་པོ་ཆེའི་གསུང་རྩོམ”པོད་གཉིས་པ་ལས།} “ད་ལྟའི་མོ་རྩིས་དང་ས་དཔྱད།བསངས་མཆོད་དང་ལབ་རྩེ་བརྩིགས་པ། དགྲ་བླར་བསྟོད་ཅིང་ རླུང་རྟ་བསྐྱེད་པ། དགྲ་བྲུབ་དང་གཡང་སྒྲུབ། ཡར་བཅོས་དང་མར་གཏོ། གཤེད་འདུལ་དང་སྲི་མནན། འདུལ་སྦྱོང་གནས་འདྲེན་གྱིས་ཚེ་འདས་ཀྱི་དོན་བྱེད་པ་སོགས་ལག་ལེན་བྱེད་བཞིན་པ་འདི་གཤེན་བསྟན་པའི་ལུགས་ཁོ་ན་ཡིན་པ་ཐེ་ཚོམ་བྲལ།”ཞེས་གསུངས་པས་མཚོན་ཐུབ། གལ་སྲིད་བསྟོད་རྒྱུ་དང། མཆོད་རྒྱུ་ཙམ་དེ་ལྟའི་གལ་ཆེ་བ་ཡིན་ཚེ། བདག་ཅག་གི་སྟོན་པ་དང་དེའི་རྗེས་འཇུག་གི་སྔོན་བྱོན་མཁས་གྲུབ་རྣམས་ཀྱིས་དེ་ལྟ་བུའི་གལ་ཆེན་དུ་བརྩི་དགོས་པ་ལ་བརྩིས་མེད་ལ། ཐ་ན་ཁོང་རྣམ་པས་རྗེས་འཇུག་ཚོ་ལའང་འདི་ལྟར་བྱེད་དགོས་པ་རྩལ་འདོན་མ་གཏང་བ་རེད། མདོར་ན་འདིས་ཀྱང་ཡང་སྙིང་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་བདེན་བཞིའི་འཇུག་ལྡོག་མ་ནོར་བར་ཤེས་ཤིང་། དེར་བླང་དོར་ཚུལ་བཞིན་བྱེད་པ་ཞིག་ལ་གོ་ཡི་ཡོད་པ་རེད། ངོ་མ་ང་ཚོ་ལ་མི་རིགས་གཞན་ལ་མེད་པའི་འདི་འདྲའི་ཆོས་བྱེད་སྟངས་ཤིག་དང་། ལུང་པ་གཞན་ལ་མེད་པའི་སྲིད་སྐྱོང་སྟངས་ཞིག་ཡོད་པ་འདི་ནི་དགའ་དགོས་པ་ཞིག་ཡིན་སྲིད་ཀྱང། དེ་དང་རྗེས་འབྲེལ་གྱི་གྲུབ་འབྲས་ཞིག་ཐོན་ཐུབ་ཀྱི་མེད་པ་འདིའི་སྐོར་ང་ཚོས་སེམས་གཏིང་ནས་བསམ་གཞིག་ནན་མོ་བྱ་དགོས་པའི་དུས་ལ་སླེབས་ཡོད། དེ་ཡང་ས་སྐྱ་པཎ་ཊི་ཏས། “དེ་ལྟར་སྒྲུབ་དང་བསུན་འབྱིན་གྱི། །རིགས་པའི་གཞུང་ལུགས་གང་གིས་ཤེས། །མཁས་པ་དེ་ནི་རྫོགས་པ་ཡི། །སངས་རྒྱས་ཀྱི་ནི་བསྟན་པ་འཛིན།”ཞེས་གསུངས་པ་ལྟར། དོན་དམ་པའི་སངས་རྒྱས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དགོས་ན་དེ་ལྟ་བུ་ཞིག་བྱེད་རིགས་པ་ལས། རྨོངས་དད་དང་ཤེས་དབུལ་གྱི་ཀློང་ནས་བསྟན་པ་དང་འགྲོ་བ་ལ་ཕན་པ་ལྟ་ཅི། མདོར་ན་རང་ཉིད་ཀྱི་མི་ཚེ་འདི་ཡང་དོན་མཐུན་གྱི་ལམ་དུ་བསྒྱུར་ཐུབ་མིན་བཤད་དཀའ་བར་མཐོང་། མཚམས་འདིར་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། དེ་རིང་ངས་བརྗོད་པའི་མཐོང་ཐོས་མྱོང་གསུམ་འབྲེལ་བའི་གཏམ་འདི་ཡང་བྱེ་བྲག་དམིགས་སུ་མ་བཟུང་བར་སྤྱི་ཡོངས་ནས་བཤད་ན་སྟོན་པ་ཤྭཀྱ་ཐུབ་པ་རང་ཉིད་ཀྱི་སྟོན་པར་ཁས་ལེན་མཁན་ཚོས་ཆོས་བྱེད་སྟངས་དང་ཉམས་སུ་ལེན་སྟངས་བསྐོར་ལ་དཔྱད་པ་ཙམ་ཡིན་པ་མཁྱེན་དགོས། མཐའ་དོན་མིག་རྒྱངས་རིང་པོས་དཔྱད་པ་དང། དེ་ལྟར་ཤེས་པའི་སྒོ་ནས་ཉམས་སུ་བླངས་དགོས་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཡིན་པའི་སྡོམ་ལྟ་བུ་ནི་༸གོང་ས་མཆོག་གིས་པཎ་གྲུབ་བསྟོད་ཆེན་ལས། “གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །བདེན་བཞིས་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས། །ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས།”ཞེས་སོགས་ཀྱི་གནད་ལ་འཕིག་པའི་བཀའ་སློབ་དགོངས་དོན་རྣམས་ཡང་ནས་བསྐྱར་དུ་སློབ་སྦྱོང་དང་རང་གི་རྒྱུད་སྟེང་དུ་བསྐོར་ནས་ཐོས་བསམ་སྒོམ་པ་མ་འཕྱུགས་པ་ཞིག་དགོས་རྒྱུ་ནི་མི་ལུས་དོན་ལྡན་ཞིག་གཉེར་བའི་དམིགས་འདུན་གཙོ་བོ་ཞིག་རེད་ལ། དེ་ལྟར་བྱུང་ན་རང་ཅག་རྣམས་ལ་ཆོས་སྲིད་གང་ཐད་ནས་བཀའ་དྲིན་གྱི་བདག་ཉིད་༸གོང་ས་མཆོག་གི་བཀའ་ཇི་བཞིན་སྒྲུབ་པའི་མཆོད་པ་དང་། རང་ཡང་འདི་ཕྱིའི་ལེགས་ཚོགས་ཀྱི་རྨང་གཞི་བཟང་པོ་ཞིག་བཏིང་བ་ཡིན་ཡོང་སྙམ་ནས་བཅོས་ལྷད་མེད་པའི་སེམས་གཏམ་དྲང་མོར་ཐལ་བ་ལགས།། །།

སྣ་ཚོགས།

Post navigation

Previous Post: ཨ་རིའི་རྒྱལ་ཡོངས་དུར་ས།
Next Post: གླིང་ཚ་ཚེ་བརྟན་རྡོ་རྗེ་འདི་ལྟར་རྙེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme