Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མིག་ཆུ་རྡོག་གཅིག་མ།

Posted on 2019-06-13 By ཁ་བརྡ 3 Comments on མིག་ཆུ་རྡོག་གཅིག་མ།

ཆབ་ཚང་འཇམ་དཔལ།

སླད་མེད་པའི་དྲན་གདུང་མིག་ཆུར་གྱུར།
མིག་ཆུའི་ཐིགས་པ་གཅིག་ས་ལ་ལྷུང་བའི་ལྗིད་ཀྱིས།
རི་བོ་ཇོ་མོ་གླང་མ་ཡང་འཕར་ནས་གནམ་ལ་ལྡིང་ཞིང་།
རི་རྩེས་ལྷ་ཆེན་ཚངས་པའི་རྐུབ་ལ་བཙུགས་པས་ཏིང་འཛིན་ཀྱང་ཉམས་པར་བྱས།
གང་ནས་ཀྱང་ལྷུང་བར་མ་ངེས་པའི་མིག་ཆུ་དེར།
ལྷ་ཆེན་ཚངས་པ་དང་། བརྒྱ་བྱིན། དབང་ཕྱུག་སོགས་ཀྱང་ཧང་སང་ནས་ལྟ་བར་བྲེལ།
ལྗིད་ཏིག་གེ་བའི་མིག་ཆུ་དེ།
ངོ་མཚར་ཆེ་བའི་རྒྱུ་གང་འདྲ་ཞིག་ལ་བརྟེན་ནས་བྱུང་ངམ་སྙམ་དུ།
ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་རིང་སྤྱན་བཙུམས་ནས་བཞུགས་པའི་བདག་ཅག་གི་སྟོན་པ་ཆེན་པོས་ཀྱང་གཟིགས་ཙམ་བྱས།
རྫོང་སར་མཁྱེན་བརྩེ་ཡིས་ཀྱང་སྐྲ་རྫུན་ཞིག་གོན་ནས་མིག་ཆུ་གཏོང་མཁན་གྱི་བུ་མོ་དེ་འཚོལ་བཞིན་འདུག་ཟེར།
འདོད་ཆགས་ཆུ་ལྟར་གཡོ་བའི་མགྲིན་པ་བཅུ་པའང་ཉིན་ལམ་ཞག་ཐོག་བརྩེགས་ཏེ་རྒྱུག་ནུར་རེས་ཀྱིས་ལྟ་བར་སླེབས།
མ་ཟད་རྫོང་སར་མཁྱེན་བརྩེ་ཡིས་ཀྱང་སྐྲ་རྫུན་ཞིག་གོན་ནས་མིག་ཆུ་གཏོང་མཁན་གྱི་བུ་མོ་དེ་འཚོལ་བཞིན་འདུག་ཟེར།
ཁག་ཅིག་གི་བསམ་པར་དེ་ནི་སྐར་རྡོ་ལས་མིག་ཆུ་མ་རེད་སྙམ།
ཡང་ཁག་ཅིག་གིས་དྲང་སྲོང་ཛ་ཧའི་ཁ་སྒོ་ནས་གངྒཱའི་ཆུ་ཐིགས་གཅིག་ལྷུང་བ་རེད་ཟེར།
དོན་ངོ་མར་མིག་ཆུ་རེད་དམ། སྐར་རྡོ་རེད། ཡང་ན་གངྒཱའི་ཆུ་ཐིགས་རེད།
གལ་སྲིད་དེ་མིག་ཆུ་ཡིན་ན།
མིག་ཆུ་དེ་གང་ནས་ལྷུང་།
སུའི་མིག་ནས་ལྷུང་།
སུ་ཡི་ཆེད་དུ།
ཅིའི་ཕྱིར་ལྷུང་བ་རེད་དམ།

སྣ་ཚོགས།

Post navigation

Previous Post: རང་བཙན་འཐབ་རྩོད་མུ་མཐུད་གནས་དགོས།
Next Post: རེབ་གོང་སྤེན་དཀར་ཐང་དགོན་གྱི་རྗེ་དོ་ཁ་མའི་སྐུ་བརྙན་བྱིན་ཅན།

Comments (3) on “མིག་ཆུ་རྡོག་གཅིག་མ།”

  1. བདེ་འཇགས་ཕོ་ཉ། says:
    2019-06-13 at 2:06 pm

    གཡབ་ཤེས་ན་རྫོང་གསར་མཁྱེན་རེད།།
    སྨན་བུ་མོ་བརྒྱ་གཡབ་སྟོང་གཡབ་རེད།།
    ཁྲིམས་ཁ་མཆུར་ཐུག་རབས་གོ་རྒྱུ་མེད།།
    གཡབ་མ་ཤེས་དགེ་བཤེས་བྲག་རི་རེད།།
    སྡེའི་ནུ་མ་བརླ་རྐུབ་འཕུར་ཙམ་གྱིས།།
    ས་ཀང་ར་གནམ་ཐང་ནང་ནས་བཟུང་།།
    གཏམ་མྱི་ཁ་ས་ཁྱབ་རྡོ་ཁྱབ་རེད།།

  2. དཔལ་ལྡན། says:
    2019-06-14 at 10:50 am

    ཕོ་བདེ་འཇགས་ཕོ་ཉ་གན་གིས།།
    ས་འདི་ནས་མི་གླེང་དགུ་གླེང་།།
    ཀན་བདེ་འཇགས་མེད་སའི་ས་ལ།།
    ནམ་ཞིག་ལ་ཁྲིད་འགྲོ་མི་ཤེས།།

    དེ་ཁྲིད་ན་བྲག་རིར་མི་འདྲ།།
    ངས་མི་འདྲ་ཟེར་དོན་བཤད་ན།།
    རྒྱུ་ཆེ་བས་རྒྱབ་ནས་སྐྱོར་དགོས།།
    ངོ་ཆེ་བའི་སྙན་ཞུ་ཕུལ་དགོས།།

    དེ་མེད་ན་རྒྱ་ཁྲིམས་ཁ་ནས།།
    ལོ་ཟླ་བ་ཅི་འགྲོ་མི་ཤེས།།
    ངས་མི་ཤེས་ཟེར་དོན་བཤད་ན།།
    ཁྲིམས་འདི་ལ་ཁ་བདེས་མི་ཕན།།

  3. བདེ་འཇགས་ཕོ་ཉ། says:
    2019-06-14 at 2:26 pm

    ཨེ་ཕོ་གསར་དཔལ་ལྡན་ལོ་ལོ།།
    ཁྱོས་དེ་མོ་འཇིགས་པོ་མ་བཤད།།
    ང་རྒོད་པོ་བདེ་འཇགས་ཕོ་ཉ།།
    སྐྲག་ཟེར་བ་ནམ་མཁའི་མེ་ཏོག།།
    ངས་གཡབ་རབས་རྒྱོ་རབས་བཤད་ནས།།
    སེམས་སྣང་སྐྱིད་རླུང་ལ་སྐུར་དུས།།
    ཁྱོས་སྐྲག་རབས་འཇིགས་རབས་ལབ་ནས།།
    འཇིགས་སྐུལ་གི་བསྡད་ན་མི་བཟང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme