Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་སྐོར་ཞིག་གིས་ཉོན།

Posted on 2012-02-13 By ཁ་བརྡ་ 20 Comments on མི་སྐོར་ཞིག་གིས་ཉོན།

མྱི་ལྟིག
ན་ནིང་ནས་བཟུང་བོད་ཁམས་ཕྱོགས་ནས་སེར་མོ་བ་གཙོ་བྱས་པའི་ཕོ་མོ་ལོ་ན་རྒན་གཞོན་མང་ པོ་ཞིག་གིས་རང་ཉིད་ཀྱི་ཚེ་སྲོག་རང་རིགས་སམ། རང་དབང་། ཡང་ན་རྒྱལ་ཁབ་ཀྱི་དོན་དུ་འཇིགས་སྣང་ དང་ཞེད་སྣང་གང་གིས་ཀྱང་མ་ཁོག་པར་རང་ཉིད་ནས་བཟུང་སྤར་འགོ་བརྩམས་པ་རེད། དེ་ནི་སུས་ཀྱང་ འགྲེལ་བཤད་མི་ཐུབ་པའི་འཐབ་རྩོད་ཅིག་གམ་སུས་ཀྱང་བཀའ་བཀོད་མེད་པའི་ཨུ་ཐུག་གི་ཨག་སྐད་ཅིག་ ཅི་ལ་མིོན། དེ་བཞིན་བྱེས་ཕྱོགས་ནས་ཀྱང་གསར་འགོད་གསལ་བསྒྲགས་རེ་དང་། སྐད་འབོད་ཁྲོམ་སྐོར་རེ་ གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་དགོས་དབང་གིས་བྱས་པ་རེད། ཡིན་ནའང་། བར་མཚམས་ཤིག་ནས་བོད་ཁམས་ཀྱི་ལས་འགུལ་སྤེལ་སྟངས་སམ་འགུལ་སྐྱོད་བྱས་སྟངས་དེ་ནི་འཚེ་བ་ཡིན་མིན་དང་། མཇུག་འབྲས་ཡོད་མེད་ཀྱིས་རྩོད་གླེང་བྱེད་འགོ་བརྩམས་པ་རེད།

ངས་བསམས་ན་དེ་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་འཐད་རྩོད་ཀྱི་གྲལ་རིམ་ལས་བརྒལ་ མེད་པས་ཆོག་པར་སྙམ་ལ། ལྷག་པར་དུ་དེ་ནི་རང་རིགས་ལའང་རང་ཉིད་ཀྱི་རིགས་ཞེན་དང་ཚེ་སྲོག་གིས་ གཅེས་པར་ཕོད་པའི་རླབས་ཆེན་གྱི་དཔའ་བོ་དཔའ་མོ་ཡོད་པ་འཛམ་གླིང་གི་མིག་ཡོད་མཁན་དག་དང་། སེམས་ཡོད་མཁན་དག་ལ་བསྟན་པ་རེད། ངས་ད་དུང་འདི་ལྟར་སེམས་ཏེ་རང་ཉིད་ཀྱི་ཕ་མ་གཉིས་དང་། ཕུ་བོ། ཨ་ཆེ། མདོར་ན་རང་ཉིད་ཀྱི་ཤ་ཉེ་འབྲེལ་སུ་ཞིག་གིས་ཀྱང་མི་རིགས་དང་བདེན་པའི་དོན་དུ་རང་ཉིད་ ཀྱི་ཚེ་སྲོག་མེ་རུ་སྤར་རྒྱུ་ཡིན་ཟེར་ན། ངས་འགོག་པར་མི་ནུས་པས་མི་ཚད་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ ངེས་ཡིན། ཡིད་སྐྱོ་བ་ཞིག་ལ་ངའི་ནང་མིའི་ནང་ཕར་ཞོག་ངེད་སྡེ་བའི་ནང་དུའང་རང་ཉིད་ཀྱི་ཚེ་སྲོག་བོད་ མི་རིགས་དང་དེའི་བདེན་མཐའ་གསལ་ཐབས་སུ་ཕུལ་མཁན་ཞིག་ད་སྔ་བྱུང་མ་སོང་།

ངས་འདི་ལྟར་བྲིས་ན་མི་སྐོིར་ཞིག་གིས་ཁྱོད་ཀྱིས་རང་ཉིད་ཅིའི་ཕྱིོར་མེ་རུ་མ་སྤར་བ་ཡིན་ཟེར་ སྲིད་མོད། ཁོ་ཚོར་ངས་ལན་འདི་ལྟར་ལྡོན་ངེས་ཡིན་ཏེ། ང་ལ་བྱེས་མི་ཚོ་དང་འདྲ་བར་རང་ཉིད་ཀྱི་ཚེ་སྲོག་ གཅེས་པར་འཛིན་པའི་སྒེར་སེམས་ཀྱི་ཕུགས་བསམ་དེ་ཡོད་པས་ཡིན་ཟེར་ངེས་ལ། ད་དུང་མི་རིགས་ཀྱི་ འཐབ་རྩོད་ཁ་ནས་གླེང་ནས་འདུག་དགོས་པ་ལས་རང་ཉིད་ཀྱི་ཚེ་སྲོག་བརླག་དགོས་ན་དེ་ནི་ཆབ་སྲིད་ཀྱི་རི་ལུང་མིག་གིས་མ་མཐོང་པ་རེད་ཟེར་ངེས་ཡིན།ཀློག་པ་པོ་དག་གིས་ཀྱང་རི་སུལ་འདིའི་ཆབ་སྲིད་འཁྲབ་སྟངས་ཀྱི་སྒྱུ་རྩལ་དེ་དང་། ཆབ་སྲིད་འཁྲབ་ཡུལ་གྱི་དཀྱིལ་འཁོར་དེ་མཐོང་ན་རེད།
༢༠༡༢ ༢ ༡༣ཉིན་གྱི་དགོང་དྲོ་གློ་བུར་གྱིས་བྲིས།

སྣ་ཚོགས།

Post navigation

Previous Post: སྤྱི་འཐུས་རྒྱུན་ལས་དང་རྡ་སར་གནས་སྡོད་སྤྱི་འཐུས་རྣམས་ཛ་དྲག་ལྷན་འཛོམས་གནང་འདུག
Next Post: དུས་སུ་མཁོ་བའི་གཏམ།

Comments (20) on “མི་སྐོར་ཞིག་གིས་ཉོན།”

  1. མྱི་ཆེན། says:
    2012-02-13 at 12:06 pm

    ཧཧཧཧཧཧཧ དཀོན་མཆོག་གསུམ་མྱི་ལྟིག་ཟེར་བ་དྲང་མོ་ཞིག་ཡིན་ཐག་ཆོད་རེད། ཧྲ་གི

  2. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-02-13 at 12:46 pm

    ཨ་རོགས་མྱི་ལྟིག དྲང་བདེན་ལ་དགའ་བའི་འགྲོ་བ་མིའི་རིགས་ཡོངས་ཀྱིས་ཁོང་ཚོའི་བྱ་སྤྱོད་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་མི་གནང་མཁན་ཞིག་གང་ན་ཡོད། འོན་ཀྱང་ང་ནི་དབྱར་གཞུང་གི་མེ་ཏོག་ལྟ་བུའི་མཛེས་སྡུག་ལྡན་པའི་ཕུ་ནུ་མིང་སྲིང་ཚོའི་ཚེ་སྲོག་ལ་ཕངས་སེམས་སྐྱེ་ཀི། ངོ་མ་ཕངས་སེམས་སྐྱེ་ཀི། དེར་བརྟེན་ངས་འདི་ནས་ཁོང་ཚོ་ལ་ཐུགས་རྗེས་གཟིགས། ད་ནས་རང་ལུས་མེ་སྲེག་གནང་རྒྱུ་འདི་མཚམས་འཇོག་རོགས་ཞུ་ཀི་ཡོད། དེ་ནི་ང་སྙིང་ཉེ་བའི་ཕུ་ནུ་མིང་སྲིང་ཚོའི་ཚེ་སྲོག་ལ་ཕངས་སེམས་སྐྱེས་པས་ཡིན་པ་ལས། ངས་བྱེད་སྟངས་མི་ལེགས་པ་ཞིག་ཏུ་མཐོང་བས་མ་རེད། རང་གི་ལུས་ལ་དཔེ་རེ་བླངས་ཚེ་ང་ལ་ཞེད་སྣང་སྐྱེས་ཀི་འདུག གཞན་གྱི་ལུས་ལ་དཔེ་རེ་བླངས་ཚེ་ང་ཕངས་སེམས་སྐྱེས་ཀི་འདུག ཕངས་སེམས་ཆེན་པོ་སྐྱེས་ཀི་འདུག

  3. ཐུབ་པ། says:
    2012-02-13 at 12:46 pm

    ཧ་ཧ། དངོས་གནས་གོང་མའི་ན་བཟའ་གསར་པ་ཟེར་བའི་སྒྲུང་དེའི་ནང་གི་བུ་ཆུང་དེ་དྲན་སོང་།
    དངོས་གནས་བོན་རྒྱའི་ཚབ་བྱས་ཏེ་བོན་རྒྱའི་གསང་བ་ཕྱིར་ཁྲོམ་བསྒྲགས་བྱས་ནས་འདུག དེ་ལ་རྒྱབ་སྐྱོར་ཡོད

  4. དབང་འདུས། says:
    2012-02-13 at 8:05 pm

    མྱི་ལྟིག་གི་རྩོམ་འདིས་དོན་མདོར་བསྡུས་ན། ཆབ་སྲིད་པ་ཚོས་རང་ཉིད་ལ་གཅེས་སྤྲས་དང་རང་གི་དམིགས་འདུན་བསྒྲུབ་ཆེད་དུ་མིའི་ཚེ་སྲོག་གི་རྒྱུན་གཅོད་ཀྱང་རྗེས་སུ་ཡི་རང་འབུལ་བཞིན་པ་མཚོན་འདུག

  5. བྲག་ཞོལ་སྤེན་པ། says:
    2012-02-14 at 12:38 am

    ཨ་རོགས་མྱི་ལྟིག་ལགས།བོད་ཁམས་ཕྱོགས་ནས་མེར་འགོ་འཛུགས་བྱས་པ་མ་རེད་ད།རྔ་པའི་བཀྲ་བྷེ་དང་ཕུན་ཚོགས་སོགས་ནས་འགོ་བཙུགས་པ་རེད་ད།དེ་རྗེས་ཁམས་ནས་ཀྱང་ཁ་ཤས་བྱུང་ཡོད་པར་གུས་ཞབས་ཚད་མེད་ཡོད།འོན་ཀྱང་།གཙོ་བོ་ད་ལྟ་བར་རྔ་པ་རྫོང་ཁོངས་སུ་བོད་མི་༡༧ཙམ་ནས་རང་ལུས་མེར་བསྲེག་བཏང་ཡོད་པ་ཁྱེད་ནས་ཟུར་ཙམ་གླེང་མི་འདུག་པ་ཁྱད་མཚར།

  6. ལྕགས་འགོར says:
    2012-02-14 at 2:21 am

    ཡང་ཕྱོགས་རིས་ཡང་། ཕྱོགས་རིས་ཀྱི་སྐད་ཆ་ཐོན་ཡོང་གི རེད་རེད། འུ་ཅག་གི་ནང་འཛང་རེ་བྱས་ནས་ལྷོད་ལྷོད་བྱས་ན་དེ་རེད།

  7. ལྕགས་འགོར says:
    2012-02-14 at 2:26 am

    ཡང་ཕྱོགས་རིས་ཡང་། ཕྱོགས་རིས་ཀྱི་སྐད་ཆ་ཐོན་ཡོང་གི རེད་རེད། འུ་ཅག་གི་ནང་འཛང་རེ་བྱས་ནས་ལྷོད་ལྷོད་བྱས་ན་དེ་རེད། ངའི་སྐད་ཆ་དེ་སྐབས་ཀྱི་རྩོམ་པ་པོ་ལ་མིན། དྲ་འབུ་དག་ལ་བཤད་ཡིན། ང་ཐེ་བའི་དྲ་འབུ་དག་གིས་མིང་རྫུན་མ་རེ་སྤྱད་ནས་གཞན་ལ་ངན་སྨོད་བྱེད་རྒྱུ་ལས་ཅི་ཡང་མི་འཇོན་ལ་ཅི་ཡང་མི་ཐུབ།

  8. མྱི་ལྟིག says:
    2012-02-14 at 2:48 am

    བྲག་ཞོལ་སྤེན་པ་ལགས་ཀྱིས་ཉོན།
    ངས་མདོ་སྨད་ནས་འབར་ལུགས་དང་ཁམས་ཕྱོགས་སུ་ཁྱབ་ལུགས།
    ད་དུང་སྟོད་ཕྱོགས་ནས་མ་འབར་ལུགས་སོགས་ཅི་གང་ཡང་བཤད་རྩིས་མེད་པས།
    དེ་བཞིན་ཁྱོད་ཀྱིས་ཞེན་ཁོག་གི་ལྕེབས་ཐག་དེ་བཅད་ན་རེད་ཟེར་བའོ། ད་དུང་
    ངའི་བསམ་ཚུལ་ནི་བོད་ཡུལ་ནས་འབར་ན་ཆོག་པས་དེ་ལ་ཆོལ་ཁ་གང་ནས་འབར་མིན་དབྱེ་རྩིས་མེད།
    རྒྱུ་མཚན་ཁོ་ཚོས་རང་ཉིད་ཀྱི་ཚེ་སྲོག་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཕུལ་བ་ལས་
    ཆོལ་ཁའི་ཆེད་དུ་ཕུལ་བ་མ་ཡིན་པས་སོ།
    དེ་མིན་གྱི་ཀློག་པ་པོ་དག་གིས་ཀྱང་འདིའི་རིགས་ཀྱི་སྐད་ཆ་མ་བཤད་རོགས།

  9. མྱི་ལྟིག says:
    2012-02-14 at 3:23 am

    ཀློག་པ་པོ་ཐུབ་པ་ལགས་ཀྱིས་ག་རེ་བཤད་ཀིན་ཡོད་མེད་ཤེས་མ་སོང་།
    “བོན་རྒྱའི་ཚབ་བྱས་ཏེ་བོན་རྒྱའི་གསང་བ་ཕྱིར་བསྒྲགས”ཟེར་ན་དེ་བས་ཀྱང་གོ་རྒྱུ་ཞིག་མ་རྙེད་དོ

  10. བྲག་ཞོལ་སྤེན་པ། says:
    2012-02-14 at 3:42 am

    ལོ་རྒྱུས་ཀྱི་དོན་དངོས་གང་བཤད་ན་དེ་ཕྱོགས་རིས་ཀྱི་ནང་དྲངས་འགྲོ་བ་འདི་ཡ་མཚན་རེད།ངོས་རང་མདོ་སྨད་པ་ཅིག་མིན་ལགས།འོན་ཀྱང་།བོད་མིའི་ཆེད་ས་གནས་གང་གི་མི་ཚོས་བློས་གཏོང་དང་སྡུག་བསྔལ་མྱོང་གི་འདུག་དེ་ང་ཚོ་བོད་མི་ཅིག་ཡིན་ཕྱིན་བརྗེད་མི་ཉན།དེ་ལས་ལྡོག་ཏེ་དཀའ་སྡུག་མྱོང་བཞིན་པ་དང་བློས་གཏོང་གནང་མཁན་རྔ་པ་མི་མང་གི་གནས་ལྟངས་ཅམ་འཇོག་བྱས་ཏེ་ཁམས་ནས་འགོ་ཚུགས་རེད་ཅེས་བྲིས་པ་དེ་མངོན་སུམ་ལ་བསྙོན་པ་རེད་ད།
    ཁྱོད་ཚོ་ལྟར་ན་བོད་དོན་ལ་སྲོག་བློས་གཏོང་མཁན་དང་ཅི་གང་མ་བྱས་མཁན་གཉིས་ཀ་གཅིག་པ་རེད་དམ།སྲོག་བློས་གཏོང་མཁན་ཚོའི་མིང་དང་ས་གནས་གང་ལ་དམ་དྲག་ཡོད་མེད་སོགས་གླེང་ན་དེ་ཕྱོགས་རིས་སུ་
    འགྱུར་རྒྱུ་རེད་དམ།ཧཧ།དེ་འདྲས་ཁྱད་མཚར་ལ།དེས་ན་བཙན་བྱོལ་བོད་གཞུང་གིས་ཀིརྟི་བླ་མ་ཨ་རིས་གྲོགས་ཚོགས་འཐུས་མི་ཚོར་རྔ་པའི་གནས་སྟངས་འགྲེལ་བརྗོད་དུ་གདན་འདྲེན་གནང་བ་ཕྱོགས་རིས་ཡིན་ནམ།
    ད་དུང་མདོ་སྨད་ནས་འབར་ལུགས་དང་ཁམས་ལ་ཁྱབ་ལུགས་སྟོད་ནས་མ་འབར་ལུགས་སོགས་བྲིས་འདུག་པ་ངའི་སྐད་ཆ་ལ་འབྲེལ་པ་ཅི་གང་མི་འདུག་པས།དེ་ཁྱོད་རང་གི་ནམ་རྒྱུན་གྱི་བསམ་ཚུལ་ཡིན་པར་ངོས་འཛིན་ཡོད།
    ད་ལྟའི་ཆར་གཙོ་བོ་རྔ་པ་རང་སྐྱོང་ས་ཁུལ་དང་དཀར་མཛེས་རང་སྐྱོང་ས་ཁུལ།མགོ་ལོག་རང་སྐྱོང་ས་ཁུལ།ཡུལ་ཤུལ་རང་སྐྱོང་ས་ཁུལ་བཅས་ཀྱི་ནང་རྒྱ་རྒོལ་ཤུགས་ཆེ་བྱུང་བཞིན་པ་མཐོང་ཆོས་མྱོང་གྱུར་རེད།དེ་མདོ་སྟོད་སྨད་དང་དབུས་གཙང་སུས་ཀྱང་ངོམ་སོར་འཁྱེར་རྒྱུ་འདྲ་ཅི་གང་མེད།གཙོ་བོ་ས་གནས་དེ་ཚོའི་མིའི་སྙིང་སྟོབས་དང་ལྷག་བསམ་ལ་ང་ཚོས་གུས་ཞབས་བྱེད་དགོས་པ་ལས།ས་གནས་གཞན་བོད་ཆོལ་གང་སར་དེ་ཙམ་བློས་གཏོང་དང་ཡར་ལངས་བྱེད་མི་ཐུབ་ཀི་མེད་པ་གཅིག་མཚུངས་རེད།དེ་ལ་དབུས་གཙང་དང་མདོ་སྟོད་སྨད་ཀྱི་དབྱེ་བ་གང་ཡང་མེད་པ་རེད།

  11. པ་དོན། says:
    2012-02-14 at 4:19 am

    བྲག་གཞོལ་སྤེན་པ་ལགས། མཐོང་ཆོས་མྱོང་གྱུར་ཟེར་ན་ག་རེ་ཟེར་གི་རེད། ས་ཁུལ་དེ་དག་མི་ཡུལ་མི་ཚོས་དེ་སྔོན་རྒྱ་ལ་ཐུབ་ཚོད་དང་། མནར་གཅོད་བཏང་བའི་ལས་འབྲས་མིག་གི་མཐོང་བཞིན་དུ་མྱོང་བ་རེད་ཟེར་གི་ཡིན་ནམ། ཚིག་དེ་ཤིན་ཏུ་ནས་བློ་ལ་འཐད་པ་ཞིག་མ་བྱུང་། 

  12. བྲག་ཞོལ་སྤེན་པ། says:
    2012-02-14 at 4:43 am

    པ་དོན་ལགས།གོང་ནས་ཅིག་གིས་ནང་སྦྱོང་འབྲི་ས་མ་རེད་ཅེས་པ་ཅིས་མ་བདེན།མཐོང་ཆོས་མྱོང་གྱུར་ཅེས་པ་ས་གནས་དེ་རིགས་ནང་ཞི་རྒོལ་བྱུང་བཞིན་པ་དངོས་གནས་ཡིན་པ་དབང་པོའི་མངོན་སུམ་དུ་གྲུབ་པ།རྟོག་བྲལ་མ་འཁྲུལ་པ་གསར་དུ་མི་བསླུ་མངོན་སུམ་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཅིག་རེད་ཅེས་བཤད་ཀི་ཡོད་མ་གཏོགས།དེ་སྐྱེ་བ་སྔ་མ་དང་ཡང་ན་དུས་སྔ་མའི་སྡུག་བསྔལ་ཕྱིས་སུ་མྱོང་བཞིན་པ་ལྟ་བུ་སུས་བྲིས་འདུག།ངོས་ཀྱི་རེ་བར་ཉིད་ནས་བོད་སྐད་ཡག་པོ་ཅིག་སྦྱང་རོགས་གནང་།

  13. བོད་ལ་ཞེན། says:
    2012-02-14 at 4:58 am

    ལྟས་ངན་ཚོ་ཉོན་ཨ། བོད་ཀྱི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་ལུས་སྲོག་དང་བཅས་པ་བློས་བཏང་བ་དེ་སྐྱག་ཟན་ཁྱོད་ཚོས་ཆོལ་ཁའི་འཐེན་འཁྱེར་བྱེད་སར་བེད་སྤྱོད་གཏོང་བ་ངོ་མི་ཚ་བ། འདས་པོ་ཚོ་ལ་ངོ་མི་ནོངས་སམ། ད་ལྟ་ང་ཚོ་དཔའ་བོ་ཚོ་ཆོལ་ཁ་དང་ལུང་ཚན་གང་ཡིན་རྩོད་པའི་དུས་རེད་དམ། དཔའ་བོ་རྣམས་པས་སྐུ་སྲོག་བཏང་བ་བོད་ས་ཡོངས་དང་བོད་མི་ཐམས་ཅད་ཀྱི་ཆེད་དུ་ཡིན་པ་ལས་ཆོལ་ཁ་གང་རུང་དང་ལུང་ཚན་བྱེ་བྲག་པ་གང་རུང་གི་ཆེད་མ་ཡིན་པ་མི་ཤེས་སམ། ད་ནས་བཟུང་བསམ་བློ་གཏོང་རོགས། སྨྱོ་མེད་ན། བོད་མི་ཡིན་ན་ རྒྱའི་རྒྱུག་ཁྱི་མ་ཡིན་ན། རུས་ནང་རྐང་ཡོད་ན་བསམ་བློ་གཏོང་རོགས།

  14. པ་དོན། says:
    2012-02-14 at 6:54 am

    ངས་ཀྱང་བོད་སྐད་རང་གི་ཐོག་བྲིས་ཡོད་མ་གཏོགས། རྒྱ་མ་བོད་དམ་དབྱིན་མ་རྒྱ་གང་ཡང་བྲིས་མེད། ངས་མཆན་ནང་བྲིས་པ་དེ་བོད་སྐད་མིན་པར་དེ་ལས་ལོགས་སུ་འགར་བའི་བོད་སྐད་གཅིག་ཡོད་ན་ལོས་སྦྱོངས། འོན་ཀྱང་། མིག་མཐོང་བཞིན་དུ་སྡུག་བསྔལ་མྱོང་གི་འདུག་ཟེར་བའི་དམོད་གཏམ་ལས་ལྷགས་པའི་དོན་གཞན་གོ་རྒྱུ་ཨེ་འདུག

  15. པ་དོན། says:
    2012-02-14 at 6:56 am

    ངས་ཀྱང་བོད་སྐད་རང་གི་ཐོག་བྲིས་ཡོད་མ་གཏོགས། རྒྱ་མ་བོད་དམ་དབྱིན་མ་རྒྱ་གང་ཡང་བྲིས་མེད། ངས་མཆན་ནང་བྲིས་པ་དེ་བོད་སྐད་མིན་པར་དེ་ལས་ལོགས་སུ་འགར་བའི་བོད་སྐད་གཅིག་ཡོད་ན་ལོས་སྦྱོངས། འོན་ཀྱང་། མཐོང་ཆོས་མྱོང་འགྱུར་ཟེར་ན་ཚེ་འདིར་བསགས་པའི་ལས་འབྲས་ཚེ་འདིར་སྨིན་པ་རེད་ཟེར་བའི་དམོད་གཏམ་ཙམ་ལས་གཞན་གོ་རྒྱུ་ཨེ་འདུག

  16. བྲག་ཞོལ་སྤེན་པ། says:
    2012-02-14 at 7:19 am

    བོད་ལ་ཞེན་ལགས།ཁྱེད་རང་ཐུགས་དོགས་གནང་དགོས་མེད་ལགས།ཆོལ་ཁ་ཀི་སྐད་ཆ་ཅིག་བཤད་ཀི་ཁོ་རང་ཡོད་པ་མ་རེད།མ་གཞི་ཆོལ་ཁ་ཟེར་པ་དེར་ང་རང་ངོས་ལེན་ཁོ་རང་མེད།བོད་ལ་སྔ་མོ་ནས་གཡས་རུ་གཡོན་རུ།དབུ་རུ་དང་རུ་ལག་བོད་དང་བོད་ཆེན་པོ་སོགས་ས་ཁོངས་བགོ་སྟངས་ཡོད་བཞིན་དུ།བཙན་འཛུལ་པ་སོག་པོས་བོད་བགོ་སྟངས་ཀྱི་ཆོལ་གསུམ་ཟེར་པ་ཨུ་ཚུགས་ཀྱིས་བེད་སྤྱོད་གཏོང་དགོས་པ་གང་ཡིན་ནམ།
    ལར་ད་རེས་ངོས་རང་གི་བསམ་ཚུལ་རྡོ་དོན་བོད་ཀྱི་ས་ཁུལ་གང་དུ་ངོ་རྒོལ་ལས་འགུལ་རེ་རེ་བཞིན་བྱུང་བཞིན་པ་ཁག།ནོར་འཁྲུལ་མེད་པའི་སྒོ་ནས་གསལ་པོ་ཤེས་རྒྱུ་དང་དེ་ཚོ་དེབ་ཐེར་དུ་འཁོད་རྒྱུ་གལ་ཆེན་རེད།གང་བྱུང་མང་བྱུང་དངོས་གནས་མ་མཁྱེན་པར་ཕྱིན་ལོག་ཏུ་བྲིས་བཞག་པ་ཚོར་དགག་བཞག་བྱེད་ཀི་ཡོད།དེ་ཙམ་གྱི་གསལ་བཤད་ཙམ་དམིགས་ཡུལ་ངན་པ་མེད་ན་གཏམ་ཆུང་ཆུང་ཆེན་པོ་ལ་བསྒྱུར་དགོས་མི་འདུག
    པ་དོན་ལགས།
    ཁྱེད་རང་གིས་གོ་བ་གང་འདྲ་ལོག་ལེན་བྱས་ན་སོ་སོས་འདོད་པ་རེད་ལགས།ངོས་སོ་སོས་མཐོང་ཆོས་མྱོང་གྱུར་སྐོར་གོང་དུ་གསལ་བཤད་མཐིལ་ཕྱིན་བྱས་ཡོད་ལགས།

  17. མྱི་ལྟིག says:
    2012-02-14 at 10:14 am

    རྣམ་པ་ཚོས་ལྷག་བསམ་གྱི་ལེགས་སྐྱེས་རེ་བཏེགས་ནས་ཡོང་བར་དགའ་ཡོད་མོད།་
    ཡིན་ནའང་མི་སྐོར་ཁག་ཅིག་གིས་བོད་ཁམས་ཟེར་བ་མདོ་སྟོད་གཅིག་པོར་གོ་བ་ལེན་པ་ནི།
    དངོས་གནས་བཤད་ན་ལོ་རྒྱུས་ཀྱི་མིག་ཟུང་དོག་དྲགས་པ་ལས་གཞན་ཅི་གང་མིན་ནོ།
    དེ་མིན་གྱི་དམའ་འབེབ་ཀྱི་ཆར་བ་བྱོ་མཁན་དག་ལའང་དེ་ཙམ་གྱིས་ཡ་ལན་དང་ལགས་སོ་ཞུ་འདོད་མ་བྱུང་བས་དགོངས་འགལ་མེད་པར་ཞུ།

  18. རྡུལ་ཕྲན། says:
    2012-02-14 at 11:20 am

    རྩོམ་ཡིག་འདི་ལ་ཆོལ་ཁ་དང་། ཡང་ན་ས་ཁུལ་གྱི་རྩོད་པ་སོགས་བྱ་དགོས་ཀྱི་འདུག་སྙམ་པ་ཞིག་རྩད་ནས་མི་འདུག་མོད། ཆོལ་ཁའི་ཞེན་ཁོག་གི་སྨྱོ་ཆུ་སྤྱོད་ཀྱིན་པའི་མི་འདི་ཚོས་མི་མང་པོ་ཞིག་བསམ་ས་ལ་འགྲོ་གི་མི་འཇུག་གི ངོ་མ་སྙིང་ན་གི

  19. བོད་ལ་ཞེན། says:
    2012-02-14 at 11:54 am

    རྡུལ་ཕྲན་གྱིས་བཤད་པ་བདེན།

  20. འདན་མའི་མདའ། says:
    2012-02-14 at 12:47 pm

    རང་ལུས་མེར་བསྲེགས་ཀྱི་ལས་འགུལ་དེ་འཚེ་བའི་ལས་འགུལ་ཞིག་གཏན་ནས་མིན། འཇིག་རྟེན་འདིའི་སྟེང་དུ་འཚེ་མེད་ཞི་བའི་ལས་འགུལ་གྱི་དད་དཔོན་ཆེན་པོ་གནྡྷི་མཆོག་གིས་ཟས་བཅད་ལས་འགུལ་དང་གཅིག་མཚུངས་ཡིན། ད་དུང་ཡང་ཁོང་གིས་རང་སྲོག་བློས་གཏོང་གི་ལས་འགུལ་མང་པོ་ཞིག་སྤེལ་ཡོད། དེ་ལ་འཚེ་བའི་ལས་འགུལ་རེད་ཟེར་མཁན་སུ་ཡང་མེད། གཞན་ལ་འཚེ་བའི་ལས་འགུལ་དེ་ལ་འཚེ་བའི་ལས་འགུལ་དང་འཚེ་བའི་ངོ་རྒོལ་ཟེར་བ་རེད།
    དེ་ཡང་ངོ་རྒོལ་བྱ་ཡུལ་ལམ་དེ་དང་འབྲེལ་བའི་ཕྱོགས་ལ་འཚེ་བའི་ལས་འགུལ་སྤེལ་བ་ཡིན་
    དགོས། མཇུག་འབྲས་ཡོད་མེད་རྩོད་རྒྱག་དགོས་དོན་མི་འདུག མིག་གིས་བལྟས་ན་མཐོང་
    ཚོད་དུ་འདུག རང་གཞན་ལ་དཔེ་བླངས་པ་ཡིན་ན་ཞེད་སྣང་དང་ཕངས་སེམས་ཆེན་པོ་
    ཡོང་བ་རྒྱུ་མཚན་དང་ལྡན་མོད། ཡོངས་ཁྱབ་འགྲོ་བ་མི་ཡི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་
    ལུགས་ཡོད་ཚད་རྩིས་མེད་དང་སྣང་མེད་བྱས། ད་དུང་ཡང་གུང་ཕྲན་རང་གི་བཅའ་ཁྲིམས་དེ་
    དགོས་མེད་གད་སྙིག་དང་མཉམ་དུ་སྤུངས། གཙན་གནོན་གྱི་ཐབས་ལམ་ལ་བརྟེན་ནས་གཙན་
    བསྒྱུར་གྱི་བྱེད་ཐབས་འདི་ལ་ལྟོས་དང་། ཁོང་ཚོས་ཅི་བྱས་ལ་བལྟས་ནས་ང་ཚོ་བསྡད་པ་ཡིན་
    ན། ཁོང་ཚོ་བསམ་ཤེས་བྱེད་ཤེས་མཁན་ཞིག་རེད་དམ། བདེ་འཇགས་ངང་ནས་ང་ཚོ་ལ་རང་
    དབང་དང་ཐུན་མིན་གྱི་ཁྱད་ཆོས་སྲུང་སྐྱོབ་བྱེད་ཆོག་པའི་གྲོས་གཞི་ཞིག་འདོན་ནམ། འདས་སོང་གི་ལོ་རྒྱུས་ནང་མི་རིགས་ཞིག་གཞན་གྱི་དབང་བསྒྱུར་ལ་བརྟེན་ནས་ཉམ་ཉེས་འོག་ཚུད་སྐབས་བདེ་ཐང་ངང་ཉམ་ཉེས་ལས་གྲོལ་བ་ཧ་ལམ་མཐོང་རྒྱུ་མེད། ང་ཚོ་ལ་འགུལ་རྒྱུ་མེད་ན་མ་གཏོགས་འགུལ་དགོས་པའི་དུས་ཚོད་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme