Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་ལས་སྤྲེའུ་མཆེད་པའི་བསམ་ཚུལ་མདའ་མོའི་ལྟོང་ཁ།

Posted on 2015-07-242015-07-24 By ཁ་བརྡ་ 4 Comments on མི་ལས་སྤྲེའུ་མཆེད་པའི་བསམ་ཚུལ་མདའ་མོའི་ལྟོང་ཁ།

འདབ་པ་ཚེ་དབང་མགོན་པོ།

 

༼སྤྲེའུ་ལས་མི་མཆེད་པ་ཞིག་མ་ཡིན་པར་མི་ལས་སྤྲེའུ་མཆེད་པའི་བསམ་ཚུལ་མདའ་མོའི་ལྟོང་ཁ།༽

ཁ་བ་གངས་ལྗོངས་ཚང་གི་གནའ་རབས་ཀྱི་དུས་སུ་ལེགས་པར་བྱོན་པའི་མཁས་པ་རྣམས་དང་། དེང་གི་ཆར་འོང་བའི་རིག་རྩལ་པའི་མིང་ཅན་ཚན་རིག་པ་རྣམ་གཉིས་ཀྱིས། ཤིན་ཏུ་ནས་ཡ་མཚན་པའི་གནས་སྟངས་ཤིག་དང་། ཡང་ན་ཡིད་སྐྱོ་དགོས་པའི་གནས་ཚུལ་ངོ་མ་ཞིག་ལ། སོ་སོ་རང་ཉིད་ལ་སེམས་མི་ཤེས་པའི་མཐོང་ཆུང་ངམ། ཡང་ན་སྣང་ཆུང་བྱས་པའི་གནས་སྟངས་ཏེ། འགྲོ་བ་མིའི་སྐྱེ་ཁུངས་ཐོག་མ་དེ་སྤྲེའུ་ལ་ཕུགས་གཏུགས་པ་དང་། ད་དུང་གུ་ཡངས་དང་མཁས་མདོག་གི་རྣམ་པས་འགྲེལ་བཤད་བརྒྱབ་པ་ཞིག་ལ། རང་ཉིད་ཀྱི་རྫས་རྒྱུན་གྱུར་པའི་ཤར་ལྷོ་ནུབ་བྱང་གི་སྤྲེའུ་དེ་དག ཐོག་མར་ལོ་ངོ་ས་ཡ་མང་པོར་ནགས་ཚལ་གྱི་ཁྲོད་དུ་གནས་ཤིང་། དེ་ནས་སེམས་ཅན་གཞན་གྱིས་སློབ་གསོ་དང་ཁ་ཏ་བྱེད་མི་དགོས་པར། ཟས་དང་སྤྱོད་ལམ་སོགས་ལ་བརྟེན་ནས་མ་འགྲིགས་པའི་རྐྱེན་ཆ་རྣམས་ལེགས་བཅོས་དང་བཟང་པོར་བསྟེན་མཁས་བྱས་ནས། སྤུ་རྣམས་བྱི་བ་དང་རྔ་མ་ཆད་པ་སོགས་བྱས་རྗེས་མི་གྱུར་པར་བཤད་ལ།

དེ་ཡང་ཐོག་མར་སྤྲེའི་རིགས་ནི། ནགས་ཚལ་གྱི་ཁྲོད་དུ་ཉམ་ཐག་གི་ངང་ནས་སིལ་ཏོག་སྐྱུར་མོ་དང་། ཤིང་འབྲས་མངར་མོ། མདོར་ན་ཆུ་རྐྱང་གྲང་མོ་སོགས་ལ་བརྟེན་ནས་འཚོ་གནས་བྱེད་མཁན་གྱི་སེམས་ཅན་བྱེ་བྲག་པ་ཞིག་ཡིན་ལ། མཐར་ཕལ་ཆེ་བ་རང་གི་ངོ་བོ་འགྱུར་ནས་ཕར་འགྲོ་ཚུར་འོང་བྱེད་དུས་སུའང། རྐང་པ་གཉིས་ལ་མ་གཏོགས་བེད་སྤྱོད་ཡེ་ནས་མེད་མཁན་མི་ཞེས་པའི་སྐྱེ་བོ་འདི་གྱུར་པར་བཤད་དོ།

 
སྤྲེའི་རིགས་རྒྱུད་དེ་དག་ཤར་ལྷོ་ནུབ་བྱང་གི་ས་ཁུལ་མང་པོ་ཞིག་ལ་གནས་སྤོས་དང་ཁ་ཐོར་རྗེས། ཞིང་ལས་དང་འབྲོག་ལས་གཉིས་ལ་བརྟེན་ནས། འཚོ་གནས་བྱེད་ཤེས་པའི་སྐྱེ་བོ་ཞིག་གི་ངོ་བོར་འགྱུར་བར་བཤད་པ་སོགས་ནི། ཁ་བ་གངས་ལྗོངས་པ་ཚང་གིས་མཁས་རྟགས་དང་། དེང་གི་ཚན་རིག་པས་འཇོན་མདོག་བྱེད་པའི་སྐད་ཆ་གཤའ་མ་ཞིག་ཡིན། དེར་མནོ་བསམ་ཇི་ལྟར་བཏང་ནའང་། སྡིག་ཉེས་ནམ་མཁའ་ནང་མི་ཤོང་བའི་ངན་སྨྲ་ཆེ་ཤོས་ཤིག་དང་། ས་སྟེང་དུ་འགྲེང་བཞིན་པའི་སྐྱེ་བོ་ཀུན་ལ་དམའ་འབེབས་བྱེད་པའི་སྐད་ཆ་རྡུགས་ཤོས་ཤིག་ཡིན་པ་ཙམ་མ་ཟད། ཆོས་དང་འཇིག་རྟེན་གྱི་དོན་ཡོངས་སུ་ཕོངས་ཕྱིར་ལབ་རྒྱུ་དང་གླེང་རྒྱུ་ཅི་ཡང་མ་རྙེད་པར་ལུས་སྐབས། མི་རྣམས་ལ་ཆེས་ལོག་བཤད་དམ། ཡང་ན་ནི་འཁྱོག་བརྗོད་ཀྱི་སྨྲ་བ་སུ་ཞིག་གིས་ཀྱང་སྲང་མི་ཐུབ་པའི་ལྐུགས་རྟགས་ཀྱི་སྐད་ཆ་ངོ་མ་འདི་བཤད་པ་ཞིག་རེད། འདི་འདྲ་བའི་ལོག་བཤད་དང་ངན་སྨྲ་བྱེད་མཁན་ཐོག་མ་སྟེ། འབོད་ན་ཁ་བ་གངས་ལྗོངས་པ་ཚང་གི་སྤོ་རྒན་དང་རྨོ་རྒན་རྣམས་ཀྱི་སྙིང་འདར་གསིག་ཤོར་བའི་སྲོང་བཙན་སྒམ་པོ་ཞེས་པ་དེས། རང་ཉིད་ཀྱི་ཆབ་སྲིད་འཕེལ་རྒྱས་དང་། མངའ་ཐང་ཁོ་ན་དར་ཕྱིར། བྱམས་པ་དང་སྙིང་རྗེའི་བདག་ཉིད་སྤྱན་རས་གཟིགས་ཞེས་པ་ཞིག་ཡོད་ལུགས་དེ་དང་།

དེ་བཞིན་བརྩེ་བ་དང་ནུས་པའི་མྱུར་མ་རྫེ་བཙུན་སྒྲོལ་མ་ཞེས་པ་ཞིག་ཡོད་ལུགས་གཉིས་ཀྱི་རྣམ་སྤྲུལ་གྲགས་པ། ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། མ་བྲག་སྲིན་མོ་གཉིས་བཤོས་པ་ལས་སྤྲེ་ཕྲུག་མང་པོར་མཆེད་ཅིང་། དེ་དག་རིམ་གྱིས་འཕེལ་རྒྱས་སོང་ནས་མཐར་མིའི་འགྲོ་བ་བྱུང་ལུགས་དང་། ཁོང་ཉིད་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ལུགས་བཅས་བཤད་ནས། གདོང་དམར་བ་རྣམས་མགོ་སྐོར་གནམ་ས་བླ་འོག་བསྒྱུར་བ་བཞིན་དུ་བཏང་ཞིང་། དེ་དུས་ཀྱི་མི་རྣམས་ལ་མཚོན་ན་ནི་གནད་དོན་གང་ཞིག་ལ་དཔྱད་པ་བྱེད་པའི་ལུགས་སྲོལ་མེད་ལ། རྒྱལ་པོ་དང་བློན་པོ་སུ་ཞིག་གིས་སྐད་ཆ་འདྲ་ཆ་པོ་ཞིག་བཤད་ན་ཡིད་ཆེས་ཤིང་། ད་དུང་དེ་ལ་ཚད་མ་བཟུང་ནས་ཇི་སྲིད་བསྐལ་པའི་བར་དུ་ཚ་རབས་བུ་རྒྱུད་རྣམས་སུ་ལོ་རྒྱུས་གནས་ཐབས་བྱས་པ་སོགས་མང་བ་དང་། དེ་བས་སྲོང་བཙན་རང་ཉིད་ཀྱིས་རང་ཉིད་ལ་ཆེ་བསྟོད་བྱེད་པའི་ཡིག་ཆ་བཀའ་འཆེམས་ཀ་ཁོལ་མ་ཞེས་པ་དེ་དང་། མ་ཎི་བཀའ་འབུམ་ཞེས་པ་གཉིས་བརྩམས་ནས། བོད་རྣམས་བསྐལ་པ་ནས་ཚེ་རབས་བར་དུ། སྡིག་ཉེས་ཀྱི་མགོ་སྐོར་ཁྲུས་ན་དག་ཐབས་མེད་པ་ཞིག་བཏང་ཡོད།

 
དོན་ངོ་མ་བཤད་ནའང་མིའི་སྐྱེ་ཁུངས་དེ་སྤྲེའུར་ཐུག་པ་རྩ་བ་ཉིད་ནས་ཡིན་མི་སྲིད་པས། ཟས་བཟང་བ་དང་སྤྱོད་ལམ་ལེགས་པ་སོགས་ལ་བརྟེན་ནས་སྤུ་བྱི་བ་དང་། རྔ་མ་ཆད་པ་སོགས་ནི་འཇིག་རྟེན་ཆོས་ཉིད་དང་མི་མཐུན་ཞིང་། དེ་བས་སྤུ་མདོག་ཡག་ཏུ་འགྲོ་དགོས་པ་དང་། རྔ་མ་སྦོམ་དུ་འགྲོ་བའི་ཁྱད་ཆོས་བཅས་ལྡན་དགོས་པ་ལས་ངན་པར་འགྱུར་མི་སྲིད་ལ། གལ་ཏེ་ཟས་དང་སྤྱོད་ལམ་སོགས་ལ་བརྟེན་ནས་དེ་ལྟ་བུ་ཞིག་བྱུང་ཡོད་ན་མཛེ་ནད་དང་འདྲ་ཞིང་། དབང་པོ་སྐྱོན་རྐྱེན་དུ་གྱུར་པ་ཞིག་ཡིན་པ་ལས་བཟང་པོའི་ཆ་ཅི་ནས་ཡིན། དཔེར་ན་མི་རྒས་དུས་སུ་སྐྲ་སེ་བ་དང་ཀླད་དམར་གྱུར་པ། སོ་བུད་པ་སོགས་ནི། དབང་པོ་ཉམས་པ་དང་། ནད་བྱུང་བའི་རྟགས་ཤིག་ཡིན་པ་ལས། ཡར་རྒྱས་འགྲོ་བའི་གནས་ཤིག་མིན་པ་བླུན་པོས་ཀྱང་ཤེས་ནུས་ལ། དེ་བས་ས་བཅུད་དང་རི་བཅུད་ཉམས་པ་ཡིན་ནའང་། རྩི་ཤིང་ནགས་ཚལ་དང་སྐྱེས་དངོས་ཀྱི་རིགས་མི་སྐྱེ་པ་སོགས་ལ་གཞིགས་ནའང་། སྤྲེའི་སྤུ་བྱི་བ་དང་རྔ་མ་ཆད་པ་ལས་མི་འགྱུར་བར་མི་སྲིད་དོ།

 
གལ་སྲིད་གནས་སྟངས་དེ་དག་ལ་བརྟེན་ནས་མི་གྱུར་པ་ཡིན་ན། མི་ཞེས་པ་དེ་སྤྲེའུ་ལས་ཀྱང་ཧང་ཅང་གིས་ཐབས་རྡུགས་པའི་སེམས་ཅན་སྙིགས་རོ་ལྟ་བུ་ཞིག་ཡིན་དགོས་ལ། མཐར་སྤུ་བྱི་བ་དང་རྔ་མ་ཆད་པ་ཙམ་དུ་མ་ཟད་རྐང་ལག་ཡན་ཆད་རྡུམ་དགོས་པར་ཐལ་བ་འབྱུང་བ་སོགས་ཀྱིས། གནས་ཚུལ་དེ་དག་ཡང་དག་མ་ཡིན་པར་ལས་སླ་པོའི་སྒོ་ནས་ཤེས་ནུས་སོ། དེས་ན་སྲོང་བཙན་སྒམ་པོ་སེམས་པ་མ་སྐྱེས་ལྟ་བུར་གྱུར་ནས་ཡུལ་ཡར་ཀླུངས་སུ་བཞུགས་པའི་སྐབས་ཤིག་ན། ནགས་ཚལ་རྣམས་སུ་སྤྲེའི་སྤྱོད་པ་འགའ་ཞིག་ལ་དཔེ་བལྟས་ནས། བོད་རྣམས་ལ་མགོ་སྐོར་གཏོང་བའི་ཆེད་དུ་བོད་མིའི་སྐྱེས་ཁུངས་ཐོག་མ་སྟེ། སྤྲེའུ་ཡིན་པའི་སྐད་ཆ་བཤད་པ་སོགས་ལ། ཕྱིས་སུ་བཙན་པོར་ཞེན་ཁོག་ཆེ་བའི་མི་རྣམས་ཀྱིས་དར་རྒྱས་བཏང་བའི་གཏམ་རྒྱུད་དོན་དབེན་པ་ཞིག་ཡིན་ལ། དེ་བཞིན་ཚན་རིག་པ་རྣམས་ཀྱི་སྣང་ངོར་ཡང་མི་ཞེས་པ་འདི་ནི་རྒྱུ་ཅི་ལས་བྱུང་བ་ཡིན་ནམ། དུས་ནམ་ཞིག་ནས་བྱུང་མིན་བཅས་ལ་བློས་ཤིན་ཏུ་ནས་གཞིགས་པའི་སྐབས་ཤིག་ལ། ཡིད་ཀྱིས་ཐག་ཆོད་པ་དང་སྐད་ཆས་ཁུངས་དག་པའི་བཤད་རྒྱུ་དང་གླེང་རྒྱུར་རྩད་ནས་མ་རྙེད་པར། མཐར་ཅི་བྱ་གཏོལ་མེད་དུ་གྱུར་ནས། མིའི་སྤྱོད་པ་དང་སྤྲེའུའི་སྤྱོད་པ་གཉིས་ཕྱོགས་འགའ་ཞིག་འདྲ་བའི་རྒྱུ་མཚན་དུ་བྱས་ནས། མཁས་མདོག་དང་ཤེས་མདོག་གི་རྣམ་པས་འགྲོ་བ་མིའི་སྐྱེ་ཁུངས་ཐོག་མ་དེ་སྤྲེའུ་ལ་ངོས་འཛིན་པ་ཞིག་ཡིན་ནོ།

 
དེ་ལས་གཞན་པའི་དོན་ཞིག་ལ། ཁོ་བོས་ལེགས་པར་བསམ་ཚེ་སྤྲེའུ་ལས་མི་མཆེད་པ་ཞིག་ནི་མ་ཡིན་པར། མི་ལས་སྤྲེའུ་མཆེད་པར་བཤད་ན་བདེན་པར་སྣང་བས། སྤྲེའུ་ཚོ་ནི་འགྲོ་བ་མི་རྣམས་ལ་ཤིན་ཏུ་ནས་སྡང་ཟུག་ཆེ་བའི་སེམས་ཅན་བྱེ་བྲག་པ་ཞིག་ཡིན་པ་ཙམ་མ་ཟད། གཟིགས་སུ་རུང་བའི་གཅན་གཟན་སྡུག་པ་ཅན་རྣམས་ལ་ཆེས་དངགས་སྐྲག་བྱེད་ཤེས་པ་དང་། ཤིན་ཏུ་ཉམས་ཆུང་བའི་སྲོག་ཆགས་དག་ལ་བརྙས་བཅོས་ཚད་མེད་བྱེད་ཤེས་མཁན་གྱི་སེམས་ཅན་ཞིག་ཡིན་ལ། ལྷག་པར་བུད་མེད་དང་བྱིས་པ་རྣམས་ལ་ཤིན་ཏུ་ནས་མཐོང་ཆུང་བྱེད་ཅིང་། དེ་དག་གི་ལག་ནང་ཟས་དང་དངོས་པོ་ཡན་ཆད་འཕྲོག་ཤེས་ལ། དེ་བས་འཇིགས་སྣང་དང་སྡིགས་ར་བསྐུལ་པ་སོགས་བྱས་ནས་སྐྱེ་བོ་ངན་པའི་རྣམ་འགྱུར་བཞིན་དུ་བསྟན་ཤེས་སོ།

 
ད་དུང་མིའི་རིགས་ལ་སེམས་ཅན་གཞན་དང་མི་འདྲ་བར་དམིགས་བསལ་གྱིས་འགྲན་རྩོད་བྱེད་པ་དང་། གང་ཐུབ་ཅི་ཐུབ་ཀྱི་སྒོ་ནས་ཁ་གཏད་བཅོག་པ་སོགས་བྱེད་ཀྱིན་ཡོད། དེ་ནི་སྔ་དུས་རང་ཉིད་མི་ཡིན་པའི་སྐབས་ཀྱི་གོམས་གཤིས་དང་། འདས་ཟིན་པའི་ལོ་རྒྱུས་ཐོག་ལ་མི་དང་སྤྲེ་གཉིས་དམིགས་བསལ་གྱིས་འབྲེལ་བ་ཡོད་པའི་གོ་བརྡ་རང་བཞིན་གྱིས་ངང་ནས་འཕྲོད་འོང་བའི་གནས་སྟངས་གཤའ་མ་ཞིག་རེད། དེ་བཞིན་མིའི་ཡོད་བྱད་དང་ཅ་དངོས་མཐོང་ཚད་གཏོར་བཅོམ་བྱས་ནས་གནོད་པ་བསྐྱལ་བ་དང་། མི་གཅིག་ཁོ་ནས་ས་སྟོངས་ཤིག་ན་སྤྲེའུ་བསད་པ་དང་འཛིན་པ་སོགས་བྱེད་ཚེ། དེའི་ཉེ་འཁོར་ལ་སྤྲེའུ་མང་པོ་ཞིག་ཡོད་ན་ཕན་ཚུན་རོགས་སྦྲེལ་ནས་ཚུར་རྒོལ་བྱས་ཏེ། གསོད་པ་པོ་དེའི་ཚེ་སྲོག་ཡན་ཆད་ལའང་གནོད་འཚེ་བཟོ་འོང་གི་ཡོད་པ་རྣམས་ཀྱང་། མི་དང་འཐབ་འཛིངས་བྱས་པའི་ཞེ་འགྲས་དང་འཁོན་འགྲས། དེ་བཞིན་ཉམས་མྱོང་བཅས་རྒྱུན་བསྲིང་བྱས་པ་ཞིག་ཡིན།

 
གནའ་སྔ་མོར་མི་རྣམས་གནས་སྐོར་འགྲོ་བའི་ལུགས་སྲོལ་ཡོད་པའི་སྐབས་ན་ལམ་དུ། སྤྲེའུ་ཐུག་དུས་སྤྲེའུ་རྒན་པ་ཞིག་ལ་སིལ་ཏོག་གི་རིགས་དང་། བརྔན་པའི་རིགས་བསྟེར་ན་ད་གཟོད་གཞི་ནས་སྤྲེ་རྒན་དེས་སྤྲེའུ་གཞན་རྣམས་ཁྲིད་ནས་སོང་ཕྱིར། གནས་སྐོར་བ་རྣམས་ལ་ཉེས་ཁ་མི་འབྱུང་བའི་བཤད་སྲོལ་ཡོད་པ་བཅས་ལ་མཚོན་ནའང་། དེ་སྔོན་གྱི་སྐབས་ནས་གྲོགས་འདྲིས་ཆེ་བའི་གནས་ཚུལ་འགའ་ཞིག་ཕྱིར་མངོན་བྱས་པ་ཞིག་ཡིན། ཡང་གནས་སྟངས་གཞན་ཞིག་ལ་སློབ་གྲྭ་ཁག་གི་བུད་མེད་ཉལ་ཁང་ནང་དུ་སྤྲེའུ་རྣམས་འཛུལ་ནས། བུ་མོ་ཚོའི་བརྔན་པའི་རིགས་རྣམས་ཕྲོགས་པ་དང་འཇིགས་སྣང་བསྐུལ་པ་སོགས་བྱས་ནས། ཉལ་ཁང་དེ་ནི་ཧ་ལམ་སྤྲེའུ་ཁོང་རང་གི་ཡིན་པ་ལྟར་བྱེད་ཤེས། དེ་བས་ཀྱང་མི་རྣམས་འཇིགས་སྣང་བྱུང་བ་སོགས་མཐོང་ཚེ། ཁོ་ལྷག་པར་སྤོབས་པ་སྐྱེས་ནས་འཇིགས་སྣང་ཚད་མེད་བསྐུལ་གྱིན་ཡོད་པ་བཅས་ལ་བལྟས་ནའང་། མིའི་སྐྱེས་ཁུངས་འདི་ངོ་མར་སྤྲེའུར་ཐུག་པ་ཞིག་མ་ཡིན་པར་སྤྲེའུའི་སྐྱེས་ཁུངས་དེ་མི་ལ་ཐུག་པར་སྣང་ངོ་།

 
དེས་ན་ཁོ་ཚོའི་ཕ་མེས་དང་ཡབ་མེས་རྣམས་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས། མི་རྣམས་དང་འཚོ་གནས་བྱས་པའི་བརྒྱུད་རིམ་ཁྲོད་ནས་ངལ་རྩོལ་དང་འཐབ་རྩོད་མང་ཞིང་། རིམ་གྱིས་ཚོ་ཁག་མང་པོ་གྱུར་ནས་ལ་ལུང་གང་སར་སྡོད་དུས། སོ་སོའི་འཚོ་གནས་ཀྱི་ཆེད་དུ་ས་ཕྱོགས་གང་སར་བསྐྱོད་དགོས་ཤིང་། སྐབས་རེར་ཆུང་ས་ནས་འཐབ་རྩོད་ཤོར་བ་དང་། ཆེ་ས་ནས་དམག་འཁྲུག་ཤོར་བ་བཅས་བྱུང་ནས། ཕ་མ་རྣམས་ཕན་ཚུན་ཁ་ཐོར་བའི་རྐྱེན་གྱིས་བུ་ཕྲུག་དེ་དག་ཁེར་རྐྱང་དུ་ལུས་ཤིང་སྤྱོད་ལམ་ངན་པ་དང་། བཟའ་བཏུང་མི་ལེགས་པ་བཅས་ལ་བརྟེན་ནས་འཚོ་བ་བསྐྱལ་ཕྱིར་ལུས་ཕུང་ཡོངས་རྫོགས་ལ་སྤུ་སྐྱེས་པ་དང་། རྔ་བ་བྱུང་བ་སོགས་བྱས་ནས་ལུས་པོ་ཐམས་ཅད་ཆུང་དུ་སོང་ཏེ་མཐར་སྤྲེའུ་ཞེས་པ་འདི་བྱུང་བར་སྣང་བ་མ་ཟད། ཁོ་ཚོས་མི་རྣམས་ལ་ཤིན་ཏུ་ནས་སྡང་སེམས་བྱེད་དགོས་དོན་དེ་ཡང་། སྔ་དུས་སྐབས་སུ་སོ་སོའི་ཕ་མས་ལྟ་རྟོག་མ་བྱས་པར་གཡུགས་ནས་སོང་བ་ལྟ་བུར་གྱུར་ཕྱིར། མཐར་ཁོ་ཚོའི་རྒྱུད་ལ་འཁོན་འཛིན་གྱི་བློ་ལྷན་སྐྱེས་པ་ཞིག་ངམ་ངམ་ཤུགས་ཤུགས་ནས་སྐྱེས་ཡོང་པ་ཞིག་ཡིན་ལ། དེའི་ཕྱིར་གནས་ཚུལ་འདི་དག་ལ་ཞིབ་ཏུ་སེམས་ཚེ་སྤྲེའུའི་སྐྱེས་ཁུངས་ཐོག་མ་སྟེ། འགྲོ་བ་མི་རྣམས་ཡིན་པར་ཤེས་རྟོགས་རགས་ཙམ་ཞིག་བྱེད་ཐུབ་པ་ཡིན་ནོ། །

རྩོམ་པ་པོ་འདབ་པ་ཚེ་དབང་མགོན་པོས་སྤེལ།

དཔྱད་རྩོམ།

Post navigation

Previous Post: ནུབ་ཁའི་སྙན་ངག
Next Post: བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་སྐོར།

Comments (4) on “མི་ལས་སྤྲེའུ་མཆེད་པའི་བསམ་ཚུལ་མདའ་མོའི་ལྟོང་ཁ།”

  1. ཤར་པ་ says:
    2015-07-26 at 1:26 am

    ཁྱི་རྒན་ཚེ་དབང་མགོན་པོ་ཁྱོད་། ལྐུག་པ་ལས་ཀྱང་ལྐུག་པ་། གཟའ་ཕོ་ལ་ས་ཀྱང་གཟའ་པོ་ཡིན་པར་གདོང་མ་ཟ་། ཚན་རིགས་པ་ནི་དངོས་ཡོད་བདེན་་དཔང་ཡོད་ན་མ་ཏོག་ཧམ་་བཤད་ནམ་ཡང་བྱེད་པས་། འཇིགས་བརྟེན་འདིར་རྣམ་སྤྱོད་ཡོད་དོ་ཅོག་གིས་ཡིད་ཆས་པའི་རིགས་པའི་ཕུལ་བྱུང་ཞིག་ཡིན་ལ། བོད་མེ་པོ་ཚོས་བཤད་ཚུལ་དེ་སྤོབས་པ་སྐྱེ་དགོས་པ་ཞིག་རེད། ཁྱི་རྒན་ཁྱོད་རང་བོད་རྒྱལ་གསོང་བཙན་སྒམ་པོ་ལ་མ་དགའ་བ་དེ་སྐྱེ་བ་སྔོན་མའི་ལས་ངན་བྱེད་པའི་རྣམ་སྨིན་ཡིན་པར་གོར་མ་ཆག། ཡིག་བརྒྱ་མང་ཙམ་སོགས་ལ་། སྡིག་བཤགས་མང་ཙམ་བྱེད་ན་བཟང་ངོ་ཤར།

  2. ཤར་པ་ says:
    2015-07-26 at 1:27 am

    ཧམ་བཤད་ནམ་ཡང་མི་བྱེད་པས་ཞེས་བཅོས།

  3. BONPO says:
    2015-07-26 at 6:49 am

    རྒྱལ་བ་གཤེན་རབ་མི་བོས་ཐུགས་རྗེས་གཟིགས། འདི་ལྟའི་ལོག་ཆོས་ངན་པ་གཞིལ་བར་ཤོག http://thehimalayantimes.com/latest/10-year-old-sacrificed-to-cure-local-youth-in-nawalparasi-village/

  4. ཀརྡོ་གཉེར་ཕྱག་པ་ says:
    2015-07-26 at 11:02 am

    ཚེ་མགོན་གྱི་མེས་པོ་འགའ་ཤས་བརླག་གཏོར་ཤོརནས་སྤྲེའུར་གྱུར་པ་འདྲ། དེ་འདྲ་ཡང་ཡོད་ཆོག་བགྱིད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme