Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་ལ་ནད་ཡམས་ཕོག་པ།

Posted on 2011-05-21 By དབང་ཕྱུག་ 5 Comments on མི་ལ་ནད་ཡམས་ཕོག་པ།

རྩོམ་པ་པོ་རྒྱ་བཀྲ་དོན།

དུས་རླུང་ཤུགས་ཀྱིས་ལྡིང་བའི་སྔ་ནུབ་ཏུ
ཉི་མ་ཤར་སྟངས་ལས་ནད་ཡམས་ཤིག་གང་སར་ཁྱབ
མིའི་སེམས་སུ་ཕོག་སོང་ལ ཁ་ལྕེ་ལའང་ཕོག་སོང་
ཡིན་ནའང མི་འདི་དག་གིས་རང་སེམས་རང་གིས་གསོས་ཏེ
ཁ་ལྕེ་ལྐུགས་མེད་ཚུལ་གྱི་གནས་ལུགས་རེ་ཟུང་བགྲང་ཁུལ་བྱས

ནད་ཡམས་འདིས མི་གསོད་པ་ནི་ཆོས་ཉིད་དུ་གཏོགས་པས
ནད་ཡམས་འདི་ནི་ཨེ་ཙི་ན་ཚ་དང་ཀུན་ནས་འདྲ་སྟེ
ཁང་ཁྱིམ་མེད་པའི་མི་དག་གིས་ཤིན་ཏུ་ནས་གཟབ་དགོས

མི་འདི་དག་གིས་རང་ཉིད་ལ་ནད་ཡམས་ཕོག་ཡོད་པ་ཤེས་ནའང
གནས་ལུགས་དང་ཁོར་ཡུག་ལ་ཁ་གཡར་ནས་བདག་སྐྱོང་བྱེད་ཀྱི་མི་འདུག
ནད་ཡམས་འདིས མི་གསོད་སྟངས་ནི་ཁྱད་མཚར་ཞིག་སྟེ
ཐོག་མར་ཁ་ལྕེ་ལྐུགས་པར་འཇུག་ངེས

ཅིས་ཀྱང་འབད་དགོས་པ་དང བསམ་ཀྱང་མི་བཟོད་པ་དེ
མི་མངོན་པའི་ཚུལ་གྱིས་སླེབས་པའི་ནད་ཡམས་འདི་ཉིད

ནད་ཡམས་འདི་ཕོག་ཚར་དུས་ལུས་སེམས་ལ་བྲེལ་ཤ་མི་འདུག་ཟེར
འདི་ནི ང་ཚོ་འཇིགས་ཡེར་བའི་ནད་ཡམས་ཀྱི་བྱེད་ནུས་རེད

སྙན་ངག

Post navigation

Previous Post: བསམ་ཤོག་བསྡུ་ལེན་གྱི་ལས་རིམ།
Next Post: ཡབ་མེས་གོང་མའི་གཟི་བརྗིད་དྲན་བྱུང་།

Comments (5) on “མི་ལ་ནད་ཡམས་ཕོག་པ།”

  1. ཇ་མ་ says:
    2011-05-21 at 2:32 pm

    འདི་སོ་མི་ཤེས་གི

  2. པད་དཀར་ཕོ་ཉ། says:
    2011-05-21 at 3:48 pm

    《རྩོམ་ཡིག་འདི་ཁ་བརྡའི་དྲ་ལམ་ནས་ཐེངས་འགར་བསྐུར་ཀྱང་། ཕར་འཕྲོད་མི་འདུག་སྟབས། མཆན་བུའི་སྒེའུ་་ཁུང་ནས་ཕར་མི་རྫོང་ཐབས་མེད་བྱུང་》
    འདིར། ཁ་བརྡའི་རྩོམ་སྒྲིག་པ་མཆོག་གིས་གཙོས། དྲ་ཚིགས་ཀྱི་གླིང་ཀ་རུ་སྙན་རྩོམ་སྒྱུ་རྩལ་གྱི་དཔལ་ལ་རོལ་བའི་མཁས་དབང་རྣམ་པ་ཚོ་ལ་ཞུ་རྒྱུར། ཁོ་བོ་ནི། སྐྱེས་སྦྱངས་ཀྱི་ཤེས་རབ་དམན་ཞིང་། འཇོན་ཐང་མེད་པའི་སྐྱེ་བོ་ཐ་ཤལ་བ་ཞིག་ཡིན་པས། ལྷན་རྒྱས་ཚོའི་མཛད་སྤྱོད་ཀྱི་ཐད་ལ་ཇུས་གཏོགས་བྱེད་པ་ནི། འཇིག་རྟེན་གཏམ་དཔེར། ཐུབ་དབང་གི་དྲུང་ནས་ཤཱ་རི་བུས་ལུང་འདྲེན་། ཞེས་པའི་ཚུལ་ལས་མ་འདས་ཀྱང་། ལུགས་ཀྱི་བསྟན་བཅོས་ལས། ཕན་པའི་གྲོགས་དང་ཕན་པའི་གྲོས།།གང་ནས་འབྱུང་བའི་ངེས་པ་མེད།།ཅེས་གསུངས་པ་བཞིན། སྐབས་རེར་བླུན་པོ་བདག་ལྟ་བུའི་ངག་ནས་ཀྱང་། ཕན་པའི་སྐད་ཆ་རེ་འགའ་ཙམ་ཡང་འབྱུང་མི་སྲིད་པ་མིན་པས། གཤམ་དུ་རང་ཉིད་ཀྱི་བསམ་འཆར་འགའ་ཞིག་ཡིག་རིས་སུ་དགོད་པར་འདོད་པ་ལགས་ན། ཁྱེད་དྲན་དབང་རྣམ་པ་ཚོས། མན་ཤེལ་གྱིས་ཆུའི་རྙོག་མ་བགྲུང་བའམ། ངང་པས་ཆུ་དང་འོ་མའི་དབྱེ་བ་འབྱེད་པའི་ཚུལ་གྱིས་ཐུགས་བརྟག་གང་ལེགས་གནང་བར་རིགས། ཕྲན་ནམ་རྒྱུན་རྩོམ་ཡིག་གི་རིགས་བཀླག་རྒྱུར་སྤྲོ་བ་ཆེ་ལ། དེ་བས་ཀྱང་དཔྱད་རྩོམ་གྱི་སྐོར་ལ་བལྟ་བར་ཤིན་ཏུ་དགའ། ཉེ་ཆར་གྲོགས་པོ་འགའ་ཞིག་གི་ངག་ལས། དེང་སང་གློག་འཕྲིན་དྲ་རྒྱའི་ངོས་སུ། ༼ཁ་བརྡ༽ཞེས་པའི་གླེང་སྟེགས་གསར་པ་ཞིག་བཟོས་ཡོད་པའི་སྐོར་རྣ་བར་སོན་པས། མི་འགྱང་བར་ཁ་བརྡའི་གླེངས་སྟེགས་ཀྱི་གནས་ཚུལ་རྣམས་མཇལ་འདོད་ཀྱི་རེ་བ་མནན་ན་མི་ནོན་པ་ཞིག་བྱུང་། དེ་ནས་བཟུང་ཐབས་ཇུས་མང་པོ་ཞིག་བགྱིས་པར་བརྟེན། ད་ལྟའི་ཆར་ཁ་བརྡའི་མཆན་བུའི་སྐར་ཁུང་ནས་སྙན་རྩོམ་སྒྱུ་རྩལ་གྱི་ལྟད་མོ་ལ་ལོངས་སུ་སྤྱོད་རྒྱུའི་སྐལ་བཟང་གི་གོ་སྐབས་ཕྲན་བུ་ཞིག་བྱུང་བ་རེད། དངོས་གནས། ཁ་བརྡའི་གླེང་སྟེགས་སུ་སླེབས་པའི་སྙན་རྩོམ་མང་ཆེ་བ་ཞིག་ནི། ཚིག་སྦྱོར་གྱི་འགྲོས་དང་བརྗོད་བྱའི་ནང་དོན་སོགས་གང་ཅིའི་ཆ་ནས་བལྟས་ཀྱང་། ངོ་མཚར་བའི་གནས་འབའ་ཞིག་ལས་མི་འདུག འོན་ཀྱང་། སྙུག་ཐོགས་པ་འགའ་ཞིག་ནས་སྙན་རྩོམ་སོགས་འབྲི་བའི་ཚེ་ན། རང་ཡུལ་གྱི་གྲོང་སྐད་ཁོ་ན་ལ་བེད་སྤྱོད་བྱེད་བཞིན་འདུག་པ་ནི། ཆེས་མི་རུང་བའི་གནས་ཚུལ་ཞིག་རེད། ཇི་སྐད་དུ། འཇམ་མགོན་མི་ཕམ་པའི་ཞལ་ནས། གཙུག་ལག་ཤེས་པའི་བློ་གྲོས་ཅན།།ཉི་མ་བཞིན་དུ་འཇིག་རྟེན་རྒྱན།།ཞེས་དང་། དམུས་ལོང་སྟོང་གིས་བགྲོད་དཀའ་བའི།།ལམ་རྣམས་མིག་ལྡན་གཅིག་གིས་གཅོད།།ཅེས་གསུངས་པ་བཞིན།ཁྱེད་རྣམས་ནི། ངེད་ཅག་དམུས་ལོང་བག་འཁུམས་པ་ཚོའི་སྣེ་འཁྲིད་པ་ཤ་སྟག་ཡིན་པའི་ཕྱིར་ན། རྣམ་ཀུན་ཐུགས་རྒྱ་ཆེར་བསྐྱེད་དང་།གཟིགས་རྒྱང་རིང་ཙམ་གནང་རྒྱུ་གལ་ཆེ་བར་སེམས། གལ་ཏེ། ཁྱེད་རང་ཚོས། ད་དུང་ཡང་མུ་མཐུད་དེ་འདི་ལྟར་གནང་བ་ཡིན་ན། ཕྱིས་སུ་རིམ་བཞིན། ལད་ཟློས་འཁྲབ་མཁན་ཇེ་མང་དུ་ཕྱིན་ཏེ། མ་འོངས་པར་རང་རེའི་སྐད་ཡིག་གཉིས་ཀྱི་དབར་ལ་སྔར་བས་ཀྱང་། དཀའ་རྙོག་ཆེན་པོ་ཞིག་འབྱུང་རྒྱུ་ཡིན་པར་གོར་མ་ཆག འོན་ཏེ། ཁྱེད་ཅག་གིས། ང་ཚོས། བོད་ཀྱི་སྐད་དང་ཡི་གེའི་བར་གྱི་གནས་ཚུལ་ལ་ཅི་ཡང་མི་སེམས། ང་ཚོས། མུ་མཐུད་ནས་གྲོང་སྐད་ཁོ་ན་ལ་སྤྱད་པར་བྱའོ།།ཞེས་ཨུ་ཚུགས་ཀྱི་གཡག་རྒོད་ལ་འཆིབ་རྐྱང་བྱེད་པར་མོས་ན། རང་རེའི་བོད་ནི་རང་དབང་མེད་པའི་མི་རིགས་ཤིག་ཡིན་རུང་། ཁ་བརྡའི་དྲ་རྒྱ་ནི། རང་དབང་གི་གླེང་སྟེགས་ཡངས་པོ་ཞིག་རེད་འདུག་པས། ཁྱེད་རྣམས་ཅི་དགར་མཛོད་ཅིག་དང་། གླེན་པ་བདག་ཀྱང་། ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་ཀྱི་ངང་བསྡད་རྒྱུ་ལས་གཞན་པའི་ཐབས་ཅི། གང་ལྟར། སླད་མའི་རེ་བ་ཆུང་ངུ་ཞིག་ལ། ཁྱེད་རང་ཚོས་སྤྱད་དང་སྤྱོད་བཞིན་པའི་ཕལ་སྐད་ཀྱི་མིང་ཚིག་དེ་དག་ལ། ཁ་བརྡའི་རྩོམ་སྒྲིག་འགན་འཁུར་བའམ། འབྲི་མཁན་སོ་སོས། བརྡ་སྤྲོད་སྤྱི་འགྲོས་ཀྱི་ལམ་ནས་ཁ་གསལ་གོ་བརྡའི་འགྲེལ་བཤད་རེ་བགྱི་ན་ཅི་འདྲ་འདུག་གམ། གལ་ཏེ། ཁྱེད་ཚོས་བྲིས་དང་འབྲི་མུས་ཀྱི་ཕལ་ཚིག་དེ་དག་རང་དགར་བཞག་པ་ཡིན་ན། ཁྱེད་རང་ཚོར། རང་ཉིད་ཀྱི་ཡིག་འཕྲེང་ཉག་ཉོག་དེ་ཚོས། སྤྲོ་བདེ་སྤུ་གཟེང་གི་ཚོར་བ་ཉི་ཚེ་བ་རེ་སྟེར་ལགས་ཀྱང་། དངོས་འབྱུང་གནས་ཚུལ་ལ། ཁྱེད་ཅག་གིས། ཡིག་ཉོག་དེ་དག་གི་ལམ་ནས་ཅི་ཞིག་མཚོན་གྱི་ཡོད་པ། རང་ཉིད་དང་གྲོང་སྡེ་གཅིག་པའི་མི་འགའ་ཞིག་མ་གཏོགས། ཡུལ་ལུང་གཞན་གྱི་མི་ཚོས་ཕྱོགས་ཙམ་ཡང་རྟོག་མི་ཐུབ་པ་ནི། སྨོས་ཅི་དགོས། དེས་ན། ཁྱེད་ཅག་གི་ཡིག་ཉོག་དེ་དག་གིས། རིག་གཞུང་འཕར་འདེགས་དང་། མི་རིགས་ཀྱི་སྲི་ཞུར་འགྱུར་བ་ཕར་ཞོག རང་ཉིད་ཀྱི་ཆུ་ཚོད་ཀྱང་སྟོང་ཟད་དུ་འགྲོ་བར་ངེས། ད་ནི། སྨྲ་བ་མང་ན་ཉེས་པའི་རྒྱུ་རུའང་འགྲོ་སྲིད་པས། འདིར་མཚམས་བཞག་ན་ལེགས་སོ།།

  3. གནམ་ལྕགས says:
    2011-05-22 at 12:24 pm

    པད་དཀར་ཕོ་ཉའི་དགོངས་ཚུལ་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཡོད། དྲ་གྲོགས་སུ་ཡིན་ཀྱང་རང་གི་ལུང་ཚན་གཅིག་པ་ལས་གཞན་གྱིས་གོ་མི་ཐུབ་པའི་རིགས་ལ་དུས་ནས་དུས་སུ་གཟབ་གལ་ཆེའོ།

  4. རྒྱ་བཀྲ་དོན། says:
    2011-05-26 at 5:28 am

    དུས་ཚོད་དབང་གིས་དྲ་ཐོག་ཏུ་ཡོངམ་ཐུབ་པར་ཉིན་འགར་ལྷག་སོང་། དྲ་གྲོགས་ཁ་ཤས་ཡོང་ནས་བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། བོད་ཀྱི་མ་འོངས་པའི་གནས་སྟངས་ལ་བལྟས་ནས་དེ་ལྟར་བརྗོད་དགོས་བྱུང་སོང་། ནད་ཡམས་ནི་ཚབ་མཚོན་ཞིག་ཡིན།

  5. སློབ་དཔོན་ཀརྡོ་ says:
    2011-05-26 at 6:04 am

    ཁ་བརྡའི་དྲ་རྒྱ་ནི། རང་དབང་གླེང་སྟེགས་དང་བོད་སྐད་དང་བོད་ཡིག སྦྱོང་ཡུལ་ཤིནད་ཏུ་ལེགས་པ་ཞིག་ཡིན་ན་ཡང་། ཕན་ཚུན་ཚིག་མཚོན་རྨ་འབེབས་ཕྱ་དམོད་དང་། རང་རིགས་བར་དང་གཞན་རིགས་བར་གྱི་དཀྲུགས་ཤིང་རིགས་ཀྱི་ཡམས་ནད་རྣམས་་ག་ལེར་མེད་པར་གྱུར་ཅིག ཞི་བར་གྱུར་ཅིག བཟློག་པར་གྱུར་ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme