Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་རྟག་སྒྱུ་མའི་ཟློས་གར།

Posted on 2020-06-142020-06-14 By ཁ་བརྡ No Comments on མི་རྟག་སྒྱུ་མའི་ཟློས་གར།

ཁ་བའི་རྣམ་ཤེས།
 
རྨད་བྱུང་ངོ་མཚར་ལྟ་ན་སྡུག་པའི་གྲུ་འཛིན་ཞིང་གི་བཀོད་པ་བཤམས།།
གངས་རིའི་མགོན་པོ་རྒྱལ་བ་ཡབ་སྲས་རྫུ་འཕྲུལ་རྐང་པས་ས་ལ་བབ།།
རྣམ་དཀར་འཕྲིན་ལས་བསིལ་བའི་ཟེགས་མ་ཕྱོགས་ཀྱི་འཁོར་ལོའི་མཐའ་རུ་འཕྱོ།།
ཞལ་གྱི་དཀྱིལ་འཁོར་མཐོང་བ་དོན་ལྡན་འཛུམ་པའི་འོད་ཀྱིས་ཁྱོད་ལ་སྲུངས།།

ཁྱོད་དང་ང་ཡི་བར་ཐག་རིང་མོར་ལེ་བར་སྟོང་གིས་བསྐལ་ཀྱང་རུང་།།
ལས་ཀྱི་རྣམ་སྨིན་དྲན་བཞིན་དྲན་བཞིན་མཚན་མོའི་གཉིད་ཐེབས་ཆད་ཀྱང་རུང་།།
སྐྱོ་གདུང་མིག་ཆུ་བར་མེད་བཞུར་བས་བྲང་གི་སྟོད་ཁོག་བརླན་ཀྱང་རུང་།།
ནམ་ཞིག་ཁྱེད་ལ་ཕུལ་བའི་ཞུ་འཕྲིན་ཕུག་རོན་དཀར་པོས་གཤོག་ཟུང་ངོམ།།

མཐོན་མཐིང་གངས་ཀྱི་རྒྱལ་མོའི་མཛེས་ཞལ་ནག་ནོག་དྲེག་པས་ཁེབས་ཀྱང་རུང་།།
ལྷུང་ལྷུང་འབབ་པའི་ཁ་བབ་རྣམ་བཞི་ཀྱག་ཀྱོག་ཡུར་བས་དྲངས་ཀྱང་རུང་།།
དྭངས་ཤིང་བསིལ་བའི་ཡན་ལག་བརྒྱད་ལྡན་རྫས་ངན་དྲི་མས་བསླད་ཀྱང་རུང་།།
ནམ་ཞིག་མཐའ་ཡི་རྒྱ་མཚོ་ཆེ་ལས་སྤྲིན་དཀར་གསར་པ་གྱེན་དུ་འཕྱུར།།

དུས་ཀྱིས་བསུས་པའི་མུན་པ་སྟུག་པོས་སྣང་བའི་ལམ་བུ་བསྒྲིབས་ཀྱང་རུང་།།
ངམ་ནག་ཆུ་ཁུར་བརྩེགས་པའི་དབུས་སུ་གློག་དམར་དྲག་པོ་གཡོས་ཀྱང་རུང་།།
འཇིགས་རུང་འབྲུག་སྒྲ་གནམ་ས་འགེངས་བས་རྣ་བའི་བུ་ག་གཏོར་ཀྱང་རུང་།།
ནམ་ཞིག་ལྷ་ལམ་ཡངས་པོའི་མཐའ་ནས་སྐྱ་རེངས་གསར་པའི་རུ་སྣ་འདྲེན།།

མི་བཟོད་དགུན་གྱི་གྲང་བའི་རེག་བྱ་སྤུ་གྲི་ངར་མས་བཏུབ་ཀྱང་རུང་།།
ལྷན་སྐྱེས་གཤིས་བཟང་དལ་འགྲོའི་རྒྱུ་བ་འཁྱག་རོམ་སྦུབས་སུ་ཚུད་ཀྱང་རུང་།།
མི་བདེན་རྫུན་གྱི་རླུང་བུའི་ཤུར་སྒྲ་བར་མེད་འུར་འུར་བསྒྲོགས་ཀྱང་རུང་།།
ནམ་ཞིག་ནོར་འཛིན་བུ་མོའི་པང་དུ་སྨྱུ་གུ་གསར་པའི་ཞལ་ཁ་འབྱེད།།

གོམ་འགྲོས་ཅན་གྱི་མདོ་བ་རྟ་ཡི་རྨིག་བཞི་སྒྲོག་གིས་བསྡམས་ཀྱང་རུང་།།
རྩུབ་སེམས་ཆེ་བའི་བདག་པོ་དེ་ཡིས་ཉིན་བཞིན་ལྕག་གིས་བྲབས་ཀྱང་རུང་།།
ཟས་དང་སྐོམ་གྱི་གདུང་བས་མནར་ཏེ་ལོ་ཟླ་རིང་མོ་འདས་ཀྱང་རུང་།།
ནམ་ཞིག་ཨ་ཆེན་བདེ་མོའི་ཐང་དུ་རྟ་ཕྲུག་དར་མས་བང་རྩལ་འགྲན།།

བག་ཡངས་རྒྱུ་བའི་བྲེ་སེར་འབྲོང་རྒོད་རི་ཡི་གཤམ་དུ་ཕབ་ཀྱང་རུང་།།
གཅེས་པའི་སྲོག་གི་རིན་ཐང་དེ་ཡང་སྒོར་མོའི་གྲངས་ལ་བཅལ་ཀྱང་རུང་།།
མི་ལག་བསྒྲིགས་ཏེ་ཤ་དང་པགས་པར་ཅི་དགར་ལོངས་སུ་སྤྱད་ཀྱང་རུང་།།
ནམ་ཞིག་ཡངས་པའི་རྩྭ་ཐང་དཀྱིལ་དུ་བྲོང་ཕྲུག་དར་མས་རྭ་རྩེ་རྡར།།

འཛུམ་དྲུག་རྒྱས་པའི་རྒྱ་སྟག་ཁྲ་བོ་ལྕགས་ཁྲའི་ནང་དུ་ཚུད་ཀྱང་རུང་།།
གཞན་སྡེ་འཇོམས་པའི་མཆེ་སྡེར་རྣོན་པོ་བཙན་པོའི་ཤེད་ཀྱིས་ཕུད་ཀྱང་རུང་།།
སྟོབས་རྩལ་རྫོགས་པའི་རང་གི་ལུས་ལ་འགྲོ་འདུག་རང་དབང་མེད་ཀྱང་རུང་།།
ནམ་ཞིག་ནག་ཀླུང་ཕྱུག་མོའི་དབུས་སུ་སྟག་ཕྲུག་དར་མས་མཆོངས་གར་རྩེན།།

ནམ་འཕང་སྤྱོད་པའི་ཐང་དཀར་རྒོད་པོའི་རྐང་པ་རྙི་ལ་ཐེབས་ཀྱང་རུང་།།
གནམ་སའི་རྒྱ་ཁྱོན་ཡུད་ཀྱིས་འཇལ་བའི་འཕྲུལ་གྱི་མིག་ཟུང་དྲུས་ཀྱང་རུང་།།
སྤུ་སྡུག་བཀྲ་བའི་གཤོག་པ་ཟུང་ལ་འཕུར་འདོད་རང་དབང་མེད་ཀྱང་རུང་།།
ནམ་ཞིག་བྲག་རི་མཐོ་པོ་རྩེ་རུ་རྒོད་ཕྲུག་དར་མས་ལྡིང་སྐོར་བྱེད།།

ཀུན་སྙོམས་དྲོ་སྐྱིད་གསེར་གྱི་ཉི་མ་ནུབ་རིའི་ཕག་ཏུ་ཡིབས་ཀྱང་རུང་།།
ཞི་བསིལ་ཕན་བདེ་མཚན་མོའི་མགོན་པོ་ལྷ་མིན་དབང་པོས་བཟས་ཀྱང་རུང་།།
ནམ་འཁའི་མཛེས་རྒྱན་སྐར་ཚོགས་ཁྲ་མོ་མི་མངོན་དབྱིངས་སུ་བདས་ཀྱང་རུང་།།
ནམ་ཞིག་དུས་ཀྱི་འཁོར་ལོའི་མཛེས་སྡུག་མིག་གི་ལམ་དུ་འཆར་བར་ངེས།།

གཡུལ་ངོར་ཕམ་པའི་དཔའ་བོའི་ཁྱུ་ཚོགས་ལྔ་པའི་ལམ་དུ་ཆས་ཀྱང་རུང་།།
མེས་པོ་དམ་པའི་ཕ་མཁར་བཙན་པོ་ཐལ་བའི་རྡུལ་ལ་ཐིམས་ཀྱང་རུང་།།
གཅེས་པའི་རིག་གཞུང་ནོར་བུའི་བང་མཛོད་དམར་པོའི་མེ་ཡིས་བཟས་ཀྱང་རུང་།།
ནམ་ཞིག་མི་རབས་གསར་པའི་ལོ་རྒྱུས་ཁྲག་གི་ཐིགས་པས་སླར་ཡང་འབྲི།།

བྱམས་སེམས་མེད་པའི་རྗེ་བོ་ཞིག་གི་དབང་བསྒྱུར་འོག་ཏུ་ཚུད་ཀྱང་རུང་།།
དྲང་བདེན་མེད་པའི་ཁྲིམས་ལུགས་ཤིག་གིས་གཉའ་བའི་དཀྱིལ་ནས་མནན་ཀྱང་རུང་།།
སྙིང་རྗེ་མེད་པའི་དམག་དཔུང་ཞིག་གིས་ཉི་མཚན་བར་མེད་བསྡིགས་ཀྱང་རུང་།།
ནམ་ཞིག་མི་རྟག་སྒྱུ་མའི་ཟློས་གར་ལས་ཀྱི་མེ་ལོང་ནང་དུ་གསལ།།

ལྷོ་ཕྱོགས་ཞི་བདེ་རྒྱ་མཚོའི་འགྲམ་དུ་བྱེ་མའི་ཐང་ལ་ངལ་གསོ་བྱས།།
གནམ་ས་འདྲེས་མའི་འཚམས་སུ་བལྟས་པས་ཕུག་རོན་ཁྱུ་ཞིག་འཕུར་བ་མཐོང་།།
ཡུན་རིང་བདག་གིས་སྙིང་ལ་ཉར་བའི་འཕྲིན་འདི་ཁྱོད་ལ་བསྐུར་ན་འདོད།།
རང་དབང་གཤོག་ཟུང་ཅི་དགར་རྩེན་པའི་ཁྱེད་ཀྱི་འགྲུལ་བཞུད་བདེ་བར་སྨོན།།

སྙན་ངག

Post navigation

Previous Post: ཤཱཀྱའི་གྲྭ་ཟུར་ཚོ།
Next Post: རྒྱ་གར་གྱི་གློག་བརྙན་གླུ་གཞན་ཚན་པ་གཉིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme