Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་རྒྱུ་གཉིས་ཀ་བཅོམ་སོང་། རོགས་རམ་བྱེད་རོགས།

Posted on 2009-07-272009-07-27 By ཀླུ་ 3 Comments on མི་རྒྱུ་གཉིས་ཀ་བཅོམ་སོང་། རོགས་རམ་བྱེད་རོགས།

m2009ལོའི་ཟླ་བདུན་པའི་ཚེས་ཉི་ཤུའི་མཚན་མོར། རྨ་ཆུ་རྫོང་གི་མཐའ་འཁོར་གྱི་གྲོང་སྡེ་རུ་ཆུ་ལོག་གིས་གནོད་སྐྱོན་ཚབས་ཆེན་བཟོས་སོང༌།

ཆུ་ལོག་གིས་བསད་པའི་བྱིས་པ་གསུམ་པོའི་ཕུང་པོ།
ཆུ་ལོག་གིས་བསད་པའི་བྱིས་པ་གསུམ་པོའི་ཕུང་པོ།

མི་དམངས་ཀྱི་སྡོད་ཁང་བགྲང་ལས་འདས་པ་ཞིག་ཆུས་ཁུར་ཞིང༌། རྒྱུ་ནོར་ལ་གྱོང་གུད་མི་ཆུང་བ་ཞིག་ཐེབས། དེ་ལས་གལ་ཆེ་བ་ནི་ལོ་འགའི་སྔོན་དུ་བྱིས་པ་སློབ་གྲྭར་མངག་པར་དམིགས་ནས་རྫོང་ཐོག་ཏུ་ཡོང་སྟེ་ཞོར་ལས་བགྱིས་ནས་རང་ཁ་རང་གསོ་བྱེད་པའི་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་ལ་ཆུ་ལོག་དྲག་ཏུ་རྒྱུགས་ཏེ། ཁྱིམ་ཚང་གི་རེ་བའམ་བསོད་ནམས་སུ་སྒོམ་པའི་བྱིས་པ་གསུམ་པོ་ཆུས་ཁུར་སོང༌། བྱིས་པ་གསུམ་གྱི་ཨ་མ་ནི་ངང་ཚབ་དང་སྐྱོ་སྡུག་གིས་ཇི་ལྟར་གདུང་ནའང༌། རང་གི་བགྲོད་ལམ་ཡང་མི་མཐོང་བའི་མུན་ནག་གི་ཁྲོད་ནས་བྱིས་པ་ཚོ་འཚོལ་དུ་ཅི་ལྟར་འགྲོ།
ད་ནངས་ཞོགས་པར་ང་གནས་དེ་རུ་འབྱོར་དུས་ཁ་ཆག་སྣ་རལ་དུ་གྱུར་བའི་ཁྱིམ་ཤུལ་དག་དང༌། བྱིས་པ་གསུམ་གྱི་ཨ་མའི་ངུ་ངག་གིས་བདག་གི་མགོ་རུས་སྐམ་པོའི་གསེང་ནས་མིག་ཆུ་བཙན་གྱིས་བཙིར་བྱུང༌།
ཡིད་ཕངས་པ་ཞིག་ལ། ཆུ་ལོག་གིས་གནོད་སྐྱོན་ཐེབས་པའི་ཁྱིམ་ཚང་གི་བདག་མོ་དེ། ཡོང་སྒོ་བཙལ་མཁན་ནི་དབང་བོ་སྐྱོན་ཅན་ཞིག་ཡིན་པ་མ་ཟད་ཞི་མོ་ནད་པ་ཞིག་ཀྱང་གཉོར་རྒྱུ་འདུག འདང་ཞིག་བརྒྱབ་ན་ཁོ་མ་བུ་གཉིས་ཀྱི་རྗེས་ཕྱོགས་ཀྱི་འཚོ་བ་ལ་དཀའ་ཁག་ཆེན་པོ་ཡོད་རྒྱུ་རེད། ཁྲག་གསོག་རྣག་གསོག་བྱས་པའི་རྒྱུ་ནོར་དང་དཔྲལ་བའི་མིག་ལྟར་གཅེས་པའི་བྱིས་པ་ཚོ་ཆུས་ཁུར་སོང་བས། ཁོ་མོ་གཉིས་ཡིད་ཐང་ཆད་ནས་འཇིག་རྟེན་འདིའི་མུན་ནག་ལ་སྐྲག་སྟེ་མུ་མཐུད་དུ་འཚོ་བའི་འདུན་པ་གཞི་ནས་མི་འདུག
ང་ནི་ཉམ་ཆུང་འཁོས་ཞན་གྱི་སློབ་མ་དཀྱུས་མ་ཞིག་ཡིན་པས་རིགས་རུས་གཅིག་པའི་ཁོ་ཚོར་རོགས་རམ་ཅི་ཡང་བྱེད་མ་ཐུབ། དེ་བས་ངས་འདི་ནས་ཁ་བ་རུ་བའི་ནང་མི་སྤུན་ཟླ་དག་ལ་རེ་བ་ཞིག་ཞུ་རྒྱུ་ཡོད་པ་ནི། ཁྱེད་ཅག་གིས་ཁོང་མ་བུ་གཉིས་ཀའི་རྗེས་ཕྱོགས་ཀྱི་འཚོ་བར་ཐུབ་ཚོད་ཀྱིས་མཐུན་རྐྱེན་རེ་སྦྱོར་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེའོ།།
འབྲེལ་གཏུགས་ཁ་པར་ 13893995415
བོད་ནས་མི་སྣ་ཁ་ཤས་གྱི་རེ་བ་ལྟར་འདིར་བཀོད་པ་ཡིན་འབྲོག་བུ་དཀོན་བཀྲས་བྲིས།

ཤུལ་ལུས་ཨ་མ་བཀྲ་ཁོ
ཤུལ་ལུས་ཨ་མ་བཀྲ་ཁོ
ཆུ་ལོག་ཁྲོད་ཀྱི་མཆོད་ཁང་།
ཆུ་ལོག་ཁྲོད་ཀྱི་མཆོད་ཁང་།

 

ཨ་མ་བཀྲ་ཁོའི་ཤུལ་ལུས་བུ་མོ་དབང་པོ་སྐྱོན་ཅན
ཨ་མ་བཀྲ་ཁོའི་ཤུལ་ལུས་བུ་མོ་དབང་པོ་སྐྱོན་ཅན
ཆུ་ལོག་གི་རྗེས་ཤུལ
ཆུ་ལོག་གི་རྗེས་ཤུལ
གསར་འགྱུར།

Post navigation

Previous Post: མོ་ཧམ་མོ་སྒྲི།(Muhammad)
Next Post: ལྷ་དང་ལྷ་ཡུལ་ལས་འཕྲོས་པའི་གཏམ།

Comments (3) on “མི་རྒྱུ་གཉིས་ཀ་བཅོམ་སོང་། རོགས་རམ་བྱེད་རོགས།”

  1. ཚངས་དབྱངས། says:
    2009-07-27 at 5:19 pm

    ཨ་ཙི་འདི་འདྲའི་ཡ་ང་བ་ལ། སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེ་ཞུ། རྒྱལ་སྤྱིའི་རོགས་ཚོགས་འདི་ཚོས་ཁོང་ཚོར་རོགས་རམ་སྤྲོད་ཐུབ་པ་ཤོག 

  2. བོད། ལྷ་ཀླུ་གཉན་གསུམ། says:
    2009-07-27 at 6:31 pm

    དཀོན་མཆོག་གསུམ་དང་བླ་མ་རིན་པོ་ཆེ་མཁྱེན། སེམས་ཅན་འདི་དག་སྡུག་བསྔལ་ལས་ཐར་བར་སྨོན། ལྷག་པར་ཏུ་བོད་གངས་ཅན་གྱི་སྐྱེ་འགྲོ་ཡོད་མཁན་དང་ཐུབ་མཁན་ཚོས་རོགས་རེ་བྱེད་ཐུབ་པ་ཡིན་ན་དངོས་ནས་ཆོས་ཟེར་བ་ནི་དེ་རེད་འདོད།

  3. རིག་པའི་རྡོ་རྗེ། says:
    2009-07-28 at 5:25 pm

    ལྷག་བསམ་དང་རིགས་ཞེན་ལྡན་པའི་དྲ་གྲོགས་སྤུན་ཟླ་རྣམ་པ་ལགས།
    གལ་ཏེ་ཁྱེད་ཚོར་སྙིང་རྗེ་དང་ཤ་ཚ་ཞིག་ཡོད་ན།   རིགས་ཞེན་དང་ལ་རྒྱ་ཞིག་ཡོད་ན།   ལྷག་བསམ་དང་གཏོང་ཕོད་ཞིག་ཡོད་ན།   མནན་ན་མི་ནོན་པའི་སྡུག་བསྔལ་དང་།   བརྗོད་ན་མི་ཚར་བའི་དཀའ་སྡུག་ཁྲོད་ལུས་པའི་ཉམ་ཆུང་མ་བུ་དེ་གཉིས་ལ་གང་ནུས་ཀྱི་ཞལ་འདེབས་རེ་གནང་རོགས་སྙིང་ནས་ཞུ་བ་ཡིན།   གལ་ཏེ་ཁྱེད་ཚོས་ཞལ་འདེབས་འབུལ་འདོད་ཡོད་ཚེ་དགེ་འདུན་རབ་གསལ་ལམ།  ཡང་ན་གུས་པར་འབྲེལ་བ་གནང་རོགས་ཞུ།
    འབྲེལ་བ་གནང་ཡུལ།  
    རིག་པའི་རྡོ་རྗེ།
    ཁ་པར་ཨང་གྲངས།  ༤༣༤  ༢༩༣  ༧༧༣༩
    གློག་འཕྲིན་ཁ་བྱང་།   knd1@tcbci.org

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme