Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་རིང་བར་ངེད་ཆང་ས་ལོ་དེབ་ཁྲོམ་རར་དགྲམ་རྒྱུ་ཡིན།

Posted on 2013-02-212013-02-21 By ཁ་བརྡ་ 12 Comments on མི་རིང་བར་ངེད་ཆང་ས་ལོ་དེབ་ཁྲོམ་རར་དགྲམ་རྒྱུ་ཡིན།

ཨ་རིག་འགྱུར་མེད།

དེ་རིང་ནི་རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོ་ཡིན་ལ་ལོ་སྔོན་མ་སྔོན་མ་དག་དང་བསྡུར་ན་བོད་ཕྱི་ནང་གཉིས་ན་རང་རེའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཀྱང་། རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོ་འདིར་བོད་མི་རིགས་ཀྱི་འདས་པའི་བྱུང་རབས་དང་ད་ལྟའི་གནས་བབ། མ་འོངས་པའི་འཇིག་ཉེན་བཅས་ལ་གླེང་སློང་དང་སྐུལ་འདེད། བགྲོ་གླེང་བྱེད་པ། རྩོམ་ཡིག་སྤེལ་བ་ལ་སོགས་བྱེད་ཀྱིན་འདུག དེ་ནི་དགའ་འོས་པའི་དོན་དག་ཅིག་ཀྱང་རེད་སྙམ། དེར་བརྟེན་དེ་རིང་གི་ཉིན་མོ་འདི་དང་བསྟུན་ནས་ངེད་ཆང་ས་དྲ་བས་ཀྱང་བོད་ཕྱི་ནང་གི་ཀློག་མཁན་རྣམས་ལ་གཏམ་བཟང་ཞིག་ཁྱེར་ཡོང་ཡོད་དེ། ད་བར་བོད་ཀྱི་སྐད་ཡིག་སྟེང་བྱུང་མྱོང་མེད་པའི་ “ཆང་ས་” ལོ་དེབ་མི་རིང་བར་ཁྲོམ་རར་དགྲམ་རྒྱུ་ཡིན་ཞེས་པ་དེའོ།།

ཆང་ས་ལོ་དེབ་ནི་བོད་ཕྱི་ནང་གཉིས་ནང་ད་བར་བྱུང་མ་མྱོང་བའི་དམིགས་བསལ་དུས་དེབ་ཅིག་ཡིན་ལ། ང་ཚོས་ཧུར་ཐག་གིས་ལོ་དེབ་འདིའི་ནང་དུ་གཞི་རིམ་མང་ཚོགས་ཀྱི་ཁྱིམ་པ་ཕོ་མོ་རྣམས་ཀྱིས་ངེས་པར་དུ་ཤེས་དགོས་པའི་གནད་དོན་གང་མང་ཞིག་ཆེད་བསྒྲིགས་བྱས་ཡོད་དེ། སེམས་ཀྱི་ཁ་བརྡ་དང་སེམས་ཀྱི་ཕྱི་ནང་། སེམས་ཀྱི་ལམ་སྟོན། སེམས་ཀྱི་སྐྱ་ཡ། སེམས་གཏམ་དམར་བོ་སོགས་ལེ་ཚན་ལྔ་ཡིས་གྲུབ་པར་བྱས་ཡོད། ལོ་དེབ་འདིར་ཁྱོན་ཤོག་གྲངས་དྲུག་ཅུ་ཡོད་ཅིང་ཚོན་ལྡན་ཡིན་པར་མ་ཟད། རྩོམ་ཡིག་དང་བཅར་འདྲི་ཕལ་མོ་ཆེར་རྩོམ་མཁན་དང་བཅར་འདྲི་བྱེད་ཡུལ་གྱི་འདྲ་པར་ཡང་བཞག་ཡོད།(རེ་ཟུང་མ་རེག་པའང་ཡོད།)

སེམས་ཀྱི་ཁ་བརྡའི་ནང་དུ་རྩོམ་སྒྲིག་པའི་གཏམ་ (ང་ཚོའི་དམིགས་འདུན་གསལ་བོ་ཡིན།) ཞེས་པ་དང་བློ་འདོན་པའི་ཁ་བརྡ་ (ཆང་ས་དྲ་བའི་སེམས་གཏམ།)ཀློག་འཕྲིན་ (ཆང་ས་དྲ་བའི་སྙིང་སྟོབས་དང་མདུན་ལམ) ཞེས་པ་སོགས་བཀོད་ཡོད།

སེམས་ཀྱི་ཕྱི་ནང་ནི་ཆེད་སྒྲིག་བཅར་འདྲིའི་ལེ་ཚན་ཞིག་སྟེ། ཆང་ས་དྲ་བ་དང་བོད་ཕྱི་ནང་གི་ཀློག་མཁན་ལྔ་བཅས་ཀྱི་དྲི་བ་ཁག་མཉམ་དུ་བསྡུས་ཏེ། བོད་ཀྱི་རྩོད་ཉོག་འདུམ་འགྲིག་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་སུ་བཅར་འདྲི་བྱས་པ། “མི་ལ་དགོས་པ་ནི་ཕན་ཚུན་ལ་བརྩེ་བ་དང་ཡིད་ཆེས་རེད།”ཅེས་པ་དང་། བཙན་བྱོལ་གྱི་གཞས་པ་གྲགས་ཅན་ཕུར་བུ་འཕྲིན་ལས་ལགས་སུ་བཅར་འདྲི་བྱས་པ། “ངས་ནམ་ཡང་གཞས་གཏོང་མཚམས་འཇོག་གི་མ་རེད།” “བོད་རིགས་ན་གཞོན་ཁག་ཅིག་ལ་བརྩེ་དུང་སྐོར་ནས་བཅར་འདྲི་བྱས་པ།” བོད་ནང་གི་སྨན་པ་འཕགས་མོ་སྒྲོལ་མ་ལགས་སུ་བཅར་འདྲི་བྱས་པ། “བོད་རིགས་བུད་མེད་ཚོས་མོ་ནད་ཀྱི་ཕྱོགས་ནས་གཟབ་དགོས་ས་མང་གི” ཞེས་པ། ཆང་ས་དྲ་བ་བརྒྱུད་ནས་དགའ་རོགས་བསྒྲིགས་མྱོང་བའི་ངྷ་སར་གནས་སྡོད་པ་བསྟན་པ་ལགས་སུ་བཅར་འདྲི་བྱས་པ། “ངས་ཆང་ས་དྲ་བ་བརྒྱུད་ནས་དགའ་རོགས་བསྒྲིགས་མྱོང་།” ཞེས་པ། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་དང་བོད་ཀྱི་མཛངས་མ། བུད་མེད་རྩོམ་པ་མོ་གྲགས་ཅན་ཚེ་རིང་སྐྱིད་ལ་བཅར་འདྲི་བྱས་པ། “ངས་ད་བར་དུ་གཉེན་མ་བསྒྲིགས་པ་ནི་ངེས་གཏན་གྱི་གནས་ཡུལ་ཞིག་མེད་སྟབས་ཡིན།” ཞེས་པ་སོགས་ཆེད་སྒྲིག་བྱས་ཡོད། (གོང་གསལ་སྨན་པ་འཕགས་མོ་སྒྲོལ་མ་ལགས་སུ་བཅར་འདྲི་བྱས་པའི་ནང་དུ་བུད་མེད་ཀྱི་མོ་ནད་ཕྱོགས་ཙམ་ཁོ་ན་མིན་པར། དེང་སྐབས་བོད་ནང་དུ་ཨེ་ཛེའི་འགོས་ནད་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ཉེན་ཚབ་ཀྱི་གནས་ཚུལ་ཞིག་ཀྱང་ཡོད་པས། ཚང་མས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད།)

སེམས་ཀྱི་ལམ་སྟོན་ནང་དུ། བོད་བདུད་རྒྱལ་གྱིས་བྲིས་པའི་ “མི་བཤད་ཐབས་མེད་ཀྱི་སྐད་ཆ་དང་གཉེན་སྒྲིག་གི་སྐོར།” དང་། དོན་གྲུབ་སྒྲོལ་མས་བོད་སྒྱུར་བྱས་པའི་ “སྦྲུམ་མའི་གནས་སྐབས་སུ་རང་ཉིད་ཇི་ལྟར་བདེ་ཐང་ཡོང་ཐུབ།” འབྲོང་བུ་ཟླ་བས་བོད་སྒྱུར་བྱས་པའི་ “ཆུང་མ་པང་དུ་ཁྱེར་བའི་ཉིན་ཞག་སུམ་ཅུ།” འབྲུག་མོས་བོད་སྒྱུར་བྱས་པའི་ “ཟླ་མཚན་འབབ་པའི་དུས་སུ་མཉམ་འཇོག་དགོས་པའི་གནད་དོན་འགའ།” གཅན་འོད་འབར་གྱིས་བོད་སྒྱུར་བྱས་པའི་ “བརྩེ་དགས་ཕྱུག་པའི་བརྩེ་འཕྲིན་ཞིག” དགུ་རོང་སྤུན་གྲོལ་གྱིས་བོད་སྒྱུར་བྱས་པའི་ “བུད་མེད་ཀྱི་བྱ་ལེ་འབྲེག་གཅོད་བྱེད་པའི་ཁ་ཆེ་དང་ཡ་ཧུ་དེའི་ཆོས་ལུགས་ཀྱི་ཆོ་ག” དཀོན་མཆོག་གིས་བྲིས་པའི་ “གཉེན་སྒྲིག་དང་ཁྱིམ་ཚང་།” ཆོས་སྒྲོན་གྱིས་བོད་སྒྱུར་བྱས་པའི་ “སྐྱེས་པས་བསམ་ཤེས་བྱ་དགོས་པའི་བུད་མེད་ཀྱི་མངོན་འདོད་བཅུ།” ཞིང་པ་ཀུན་ཁྱབ་དཔལ་བཟང་གིས་བྲིས་པའི་ “བཟའ་ཚང་གི་མཛའ་འབྲེལ་སྐོར་གླེང་བ།” སོགས་བཀོད་ཡོད།

སེམས་ཀྱི་སྐྱ་ཡའི་ནང་དུ། “ཆུང་མ་ཉམ་ཆུང་ཞིག་བྱུང་ན་འགྲིག”ཅེས་པ་དང་། “བོད་མོ་ཚོ། ང་ལ་གཉེན་སྒྲིག་གམ།” “ཆུང་མ་བོད་ཡིན་ན་ཆོག” “ང་རང་ཆང་ས་རྒྱག་འདོད་བྱུང་སོང་།” སོགས་དེ་སྔར་ཆང་ས་ཚགས་པར་སྟེང་བཀོད་མྱོང་མེད་པའི་བཟའ་ཟླ་འཚོལ་བའི་བརྡ་ཁྱབ་གསར་བ་བཞི་ཙམ་བཀོད་ཡོད།

མཇུག་མཐའི་ལེ་ཚན་ཏེ་སེམས་གཏམ་དམར་བོའི་ནང་དུ། ཀླུ་སྨྱོན་གྱིས་བྲིས་པའི་“ཚེ་གཅིག་སྐྱ་ཡ་འཚོལ་བའི་བརྡ་ཁྱབ།”ཅེས་པ་དང་། གཡུ་ལུང་རྣོ་གྲིས་བྲིས་པའི་“རྒྱོ་བཤད་རྟ་ཐོག་མ།” འབའ་སྲས་ཀྱིས་བྲིས་པའི་“གབ་ཚིག་སྐྱིད་པོ།” དགའ་བདེས་བསྒྱུར་བའི་“གཞང་ཁང་ནང་ན་བརྩེ་དུང་མེད།” ཁམས་འཛུམ་གྲོལ་གྱིས་བྲིས་པའི་“འདོད་པའི་ལོངས་སྤྱོད།” གནམ་བུས་བྲིས་པའི་“མཁའ་འགྲོ་མའི་བདེ་བ་འཐོབ་པའི་སྨོན་ལམ་བཞུགས།”ཞེས་པ་སོགས་ཁ་བཙོག་སྙན་ངག་སྐོར་ཞིག་ཀྱང་ཆེད་སྒྲིག་བྱས་ཡོད།

འདི་ལྟར་ཆང་ས་ལོ་དེབ་ནི་ཆེད་དུ་གཞི་རིམ་མང་ཚོགས་དང་འཇིག་རྟེན་གྱི་ཁྱིམ་པ་བ་ཚོ་དམིགས་འབེན་དུ་བཟུང་སྟེ་བསྒྲིགས་ཡོད་ཅིང་། ཁ་བྱང་གིས་བསྟན་དོན་ལྟར་བཅར་འདྲི་དང་བྲིས་རྩོམ། འགྱུར་རྩོམ། བཅད་རྩོམ། ལྷུག་རྩོམ་སོགས་རྩོམ་ཡིག་གང་འདྲ་ཞིག་ཡིན་རུང་ད་སྔ་ཡན་གྱི་དུས་དེབ་དག་དང་མི་འདྲ་བར་ཆེད་སྒྲིག་བྱས་པའི་ལེ་ཚན་རྐྱང་དང་ཆེད་སྒྲིག་བྱས་པའི་རྩོམ་ཡིག་རྐྱང་ཡིན།

ལོ་དེབ་འདི་མི་རིང་བར་ངྷ་ས་གཙོས་ངྷ་སའི་ཉེ་འཁོར་ཁག་ཏུ་དགྲམ་རྒྱུ་ཡིན་པ་དང་། ལྡི་ལི་བོད་ཀྱི་དཔེ་མཛོད་ཁང་ནས་ཉོ་ཐུབ་པ་ཡིན། (དེ་བཞིན་ཧྥ་རི་སི་དང་བྷེལ་རྗམ། ཨ་རི་སོགས་སུ་དགྲམ་རྩིས་ཡོད་ཀྱང་ཞིབ་ཕྲའི་གནས་ཚུལ་རྗེས་ནས་གླེང་ཆོག)

འབྲེལ་གཏུག་བྱེད་ས། tibetchangsa@gmail.com ཡང་ན། changsatsang@gmail.com ཁ་པར་ཨང་། +91 9882339757 ཡིན།

གསལ་བསྒྲགས།

Post navigation

Previous Post: ཞི་བའི་གོམ་བགྲོད་ཐེངས་གཉིས་པའི་གསལ་བསྒྲགས།
Next Post: ལུག་ལ་གསོལ་བ་བཏབ་པ།

Comments (12) on “མི་རིང་བར་ངེད་ཆང་ས་ལོ་དེབ་ཁྲོམ་རར་དགྲམ་རྒྱུ་ཡིན།”

  1. རག་དུང་། says:
    2013-02-22 at 12:41 am

    དེབ་ཤ་སྒྲིག་བཟོ་དང་དེབ་ཀྱི་ནང་སྙིང་ཚང་མ་ཆང་ས་དྲྭ་བ་འདི་ཨ་མདོའི་ཕྱོགས་སུ་མང་ཙམ་ཁ་ཕྱོགས་ན། གཞན་ལ་རང་བཞིན་ཤུགས་ཀྱིས་གཅིག་གྱུར་མ་ཡིན་པའི་ལྟ་ཚུལ་ཡོང་སྲིད་པ་འདི་ཕྱོགས་ཞེན་པའི་སྤྱོད་པའི་ཟུར་ཤུགས་སོང་ཙང་། བོད་པ་ཞིག་གི་མཚོན་དོན་ངོ་མ་ཞིག་ཡོང་ཐུབ་རེ་ཆེ། དེབ་འདིའི་དེབ་ཤ་དང་བཅར་འདྲའི་མི་སྣ་སོགས་ལ་ཞིབ་ན་ཕལ་ཆེར་ལུག་རྒན་ཞིག་གི་ཚེ་ཚད་ལས་མེད་སྣང་ཤར་སོང་། ཆང་ས་དྲྭ་བ་འདི་བོད་ལ་བྱུང་ཐེངས་དང་པོ་དང་། དེབ་འདི་ཡང་དཔར་ཐེངས་དང་པོ་ལྟ་བུ་ཡིན་ཚེ་ཀུན་ཁྱབ་ཡོངས་ཐབས་སུ་འབད་ནས། དེབ་ཤ་ཇུས་འགོད་སོགས་སྤྱི་ལ་ཁྱབ་པ་ཞིག་དགོས། དེ་ལུང་ཚན་གྱི་ཕྱོགས་སུ་མི་ལྷུང་བ་བྱུང་ན། ཀུན་ལ་ཕན་པའི་རྒྱ་ཁྱབ་རང་བཞིན་ཅན་དུ་འགྱུར་བ་བཤད་མི་དགོས། དེ་ལུགས་ཐུགས་ལ་བཟུང་།

  2. འཇམ་གཅེས says:
    2013-02-22 at 1:25 am

    ད་ཡང་རག་དུང་ནས་སྐད་རྒྱག་སོང་། གཏང་སོང་་ཨ་མཆོག་བསུན་པོ་བཟོ་ཐག་ཆོད་རེད་་་་་་

  3. པདྨ་རྡ་རྗེ། says:
    2013-02-22 at 1:37 am

    ཆང་ས་རྒྱག་རྒྱུའི་ཐད་དུ་རྗེས་སུ་ལུས་པའི་བསམ་ཚུལ་མི་འདུག་། ཁྱོད་རང་བྲེལ་བ་མ་བྱེད་རོགས་། བུ་རང་བོད་དོན་ཆེད་ལས་ཀ་འདྲ་བྱེད་བསམ་གི་འདུག་ན་། སྣ་ཁ་བརྒྱ་ཕྲག་མང་པོ་ནས་འགའ་ཞིག་རྐང་ལེན་རོགས་གནང་ཞེས་ཞུ་འདོད་བྱུང་། ཆང་ས་རྒྱབ་ཀྱང་རུང་མ་རྒྱབ་ཀྱང་རུང་། གྲ་རྗེས་ལོད་ག་འདྲ་གནང་རུང་མ་གནང་རུང་ཁྱེད་པ་གང་ཡང་མི་འདུག་།

  4. གནམ says:
    2013-02-22 at 3:33 am

    རྩོམ་ཉོག་ཁ་ཤས་ཤིག་སྤྱི་ཚོགས་ནང་ལ་བྱུང་རྒྱལ་དུ་ཁྲོམ་སྤེལ་བྱ་ཚུལ་མེད་པ་ཞིག་དུ་མཐོང་། རྩོམ་ལམ་ན་ཡང་ཁྲིམས་ལུགས་དང་མཐུན་མི་མཐུན་གྱི་ཁ་ཕྱོགས་དང་སྤྱི་ཚོགས་ཡོད་པས། བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ནས་ཡང་ཡོད་ཚད་དམར་རྗེན་ལ་འགྲོ་མི་ཆོག་པ་ལྟ་བུ་ཞིག་རེད། དབྱེ་ཞིབ་ཞིག་ཏན་ཏན་དགོས་པ་རེད་འདོད། དེ་མིན་བྱ་དོན་ཡོད་ཚད་ཡིད་བཞིན་དུ་འགྲུབ་པར་ཤོག།

  5. དྲང་བདེན་པ། says:
    2013-02-22 at 10:02 pm

    བཀྲ་ཤིས་བདེ་ལེགས། བོད་ཡིག་སྲུང་སྐྱོབ་དང་སྤྱི་ཚོགས་ལ་དགོས་པའི་ལས་ཀ་རེད། གང་མགྱོགས་ལྟ་ཐུབ་པའི་རེ་བ་ཡོད།

  6. ཐབས་ཇུས་ཅན says:
    2013-02-22 at 10:22 pm

    བོད་པའི་སྤྱི་ཚོགས་ཐོག་བཀྲམ་ན་འོས་འཚམས་ཡིན་མིན་ལ་ཐུགས་གཟབ་གནང་གལ་ཆེ།
    གསར་བཏོད་ཡིན་ཟེར་ནས་འུར་ཟིང་ལངས་དྲགས་ན་སྙོག་དྲ་ཡོང་ཉེན་ཆེ།
    ཤ་ཚ་བའི་གཏམ་ཙམ་ཡིན།
    འོན་ཀྱང་བོད་ཡིག་གི་ཡར་རྒྱས་ཕྱོགས་ལ་ཕན་ངེས་རེད།
    འཀའ་དྲིན་ཆེ།
    ཆང་ས་ལོ་དེབ་གཅིག་མངགས་ཉོ་བྱ་རྒྱུ་ཡིན།
    དེ་ཞལ་འདེབས་ལྟ་བུར་བསམ་བློ་གཏོང་གི་ཡོད་པས་ལག་སོན་འབྱུང་བར་རོགས་པ་གནང་རོགས།

  7. ཀརྨ་བསྟན་འཛིན་ says:
    2013-02-23 at 12:08 am

    ཡག་པོ་ཡོད་ས་རེད

  8. བན་དེ་བ། says:
    2013-02-23 at 1:11 am

    འོ་བོད་ཀྱི་ཆང་ས་རྒྱབ་སྟངས་ཀྱི་སྐོར་ལ་ད་དུང་ཡར་རྒྱས་མི་འདུག། ཆང་སའི་སྐོར་བཤད་དུས་ཕོ་མོ་གཉིས་མཉམ་སྒྲིག་གི་ཆང་ས་ལས་དེ་མིན་དེང་དུས་ཀྱི་ཆང་ས་གཞན་པ་དེ་ཚོ་ཆད་པ་ཡིན་པ་འདྲ། ཆང་སའི་དགའ་སྟོན་གྱི་ཉིན་མོ་ནི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་མུ་མེད་པར་འཁྱམས་པའི་ཐོག་མའི་དབུ་འཁྱུད་དེ་རེད་ད་

  9. འཇའ རིག་བཟང says:
    2013-02-23 at 1:14 am

    དེ་དངོས་ནས་ཡག་པོ་འདུག། དེབ་དེ་ཡག་པོ་འདུག། ང་ཚོ་རང་དབང་ལུང་པ་ཡོད་པས། སྐད་ཆ་རང་དབང་དང་མི་རང་དབང་གི་ལུང་པ་ོཡོད་པས། མི་འགའ་ཤེས་ཀྱི་ཆད་གཏམ་ལ་ཉན་ནས། བུ་རང་དམིགས་འདུན་མ་ཤོར། ངའི་བསམ་ན་བོད་ནང་གཞོན་སྐྱེས་ན་གཞོན་ཚོ་ཡང་དམིགས་འདུན་ཡོད་ཀྱང་སྒྲུབས་ཐུབ་མེད་པས། བོད་ནང་གི་ན་གཞོན་ཚོས་ཐོང་ན་དགའ་བསུ་བྱེད་ངོས་རེད།

  10. བན་དེ་བ། says:
    2013-02-23 at 1:14 am

    ཆང་སའི་སྐོར་གྱི་དེབ་ཀྱི་ནང་དུ་བཟའ་ཚང་ཁ་བྲལ་གྱི་སྐོར་ཀྱང་འཁོད་དགོས་པ་འདྲ། ཆང་ས་རྒྱབ་རྗེས་ཡང་ཁག་ཁག་བྱེད་མཁན་མང་ནས་མང་དུ་འགྲོ་གི་འདུག་ལྷག་པར་དུ་ནུབ་ཕྱོགས་དང་འབྲུག་སོགས་སུ་ཆང་ས་ཐེངས་གཉིས་རེ་ཕལ་ཆེར་རྒྱབ་ཀྱི་ཡོད་པར་གོ་བྱུང།

  11. ཀརྡོ་གཉེར་ཕྱག་པ་ says:
    2013-02-23 at 2:26 am

    མི་རིང་བར་ངེད་ཆང་ས་ལོ་དེབ་ཁྲོམ་རར་དགྲམ་རྒྱུ་ཡིན།
    ཨ་རིག་འགྱུར་མེད་ཀྱིས།
    མི་རིང་བར་ང་ཚོའི་ཆང་ས་ལོ་དེབ་ཁྲོམ་རར་དགྲམ་རྒྱུ་ཡིན།
    ཀརྡོས།

  12. མིག་གསུམ་པ says:
    2013-02-23 at 7:46 am

    ཆང་སའི་ལོ་དེབ་ལ་རེ་སྒུག་བྱས་ཏེ་བསྡད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme