Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་རིགས་རང་སྐྱོང་མེད་པ་བཟོས་ཏེ་ཀྲུང་ཧྭ་རྒྱ་རིགས་ཆེན་པོར་གཅིག་བསྒྱུར་བྱ་དགོས།

Posted on 2012-02-29 By ཁ་བརྡ་ 18 Comments on མི་རིགས་རང་སྐྱོང་མེད་པ་བཟོས་ཏེ་ཀྲུང་ཧྭ་རྒྱ་རིགས་ཆེན་པོར་གཅིག་བསྒྱུར་བྱ་དགོས།


དུས་བབ་ནས་བླངས།
ཉེ་སྔོན་ཀྲུའུ་ཝེ་ཆོན་གྱིས་རྒྱ་ནག་དམར་ཤོག་སློབ་གྲྭའི་ཚགས་པར་སྟེང་རྩོམ་ཡིག་ཅིག་སྤེལ་ཏེ། མི་རིགས་རང་སྐྱོང་སྲིད་ཇུས་མེད་པ་བཟོས་ཏེ་ཀྲུང་ཧྭ་རྒྱ་རིགས་ཆེན་པོའི་འདུ་ཤེས་སྐྱེད་སྲིང་བྱ་དགོས་སྐོར་བརྗོད་འདུག
ཕྱི་ཟླ་ ༢ ཚེས་ ༡༣ ཉིན། རྒྱ་ནག་དབུས་དམར་ཤོག་སློབ་གྲྭའི་༼ སློབ་སྦྱོང་དུས་བབ ༽ཞེས་པའི་ཚགས་པར་སྟེང་། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་༼ ཉེ་བའི་མི་རིགས་ས་ཁུལ་གནད་དོན་ཐད་ཀྱི་བསམ་གཞིགས་འགའ༽ཞེས་པའི་མི་རིགས་སྲིད་ཇུས་བཅོས་བསྒྱུར་སྐོར་གྱི་རྩོམ་ཡིག་ཅིག་སྤེལ་ཏེ། མི་རིགས་ས་ཁུལ་རང་སྐྱོང་གི་སྲིད་ཇུས་ཕྱིར་བསྡུ་བྱས་ཏེ། མི་རིགས་མཉམ་བསྲེས་གཅིག་གྱུར་བཟོ་དགོས་པའི་བསམ་ཚུལ་བཏོན་ཡོད། ཀྲུའུ་ཝེ་ཆོན་ནི་རྒྱ་གཞུང་གི་མི་རིགས་ལས་དོན་ཐད་ཀྱི་མགྲིན་ཚབ་པ་གཙོ་གྲས་དང་། ལྷག་པར་དུ་བོད་རྒྱ་ཞི་མོལ་བྱ་སའི་ཐད་ཀའི་དཔོན་རིགས་ཤིག་ཆགས་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་དང་ཆབ་སྲིད་དཔྱད་བརྗོད་པ་མང་པོས་ཀྲུའུ་ཡི་རྩོམ་ཡིག་དེས་རྒྱ་གཞུང་གི་མི་རིགས་ལས་དོན་ཐད་ཀྱི་སྲིད་ཇུས་དེའི་དོན་དངོས་ཁ་ཕྱོགས་སྟངས་གང་ཡིན་པ་མཚོན་ཡོད་ལ། ལྷག་པར་དུ་བོད་ཐོག་འཛིན་པའི་མི་རིགས་དབང་སྒྱུར་སྲིད་ཇུས་དེ་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པའི་དོགས་སློང་དང་དཔྱད་བརྗོད་སྣ་ཚོགས་སྤེལ་འདུག
ཀྲུའུ་ཡི་རྩོམ་ཡིག་དེའི་ནང་། སྲིད་གཞུང་གི་ད་ལྟའི་མི་རིགས་རང་སྐྱོང་དང་མི་རིགས་རང་སྐྱོང་གྲོང་རྡལ་གྱི་སྲིད་ཇུས་མེད་པ་བཟོས་ཏེ། ནུབ་ཕྱོགས་གྲངས་ཉུང་མི་རིགས་ས་ཁུལ་གྱི་མི་རིགས་ཁག་རྒྱ་ནག་ཤར་ཕྱོགས་མཚོ་རྒྱུད་ས་ཁུལ་ཁག་ནང་སྤོ་ཤུགས་ཆེ་རུ་བཏང་སྟེ། མི་རིགས་ས་ཁུལ་དང་མི་རིགས་ཚོགས་སྡེ། མི་རིགས་གྲོང་ཚོའི་རྣམ་པ་མེད་པ་བཟོ་དགོས་པ་དང་། མི་རིགས་སོ་སོའི་སློབ་མ་ཡོངས་རྫོགས་མཉམ་བསྲེས་ཀྱིས་མི་རིགས་གཅིག་སྡུད་བཟོས་ཏེ། རྒྱ་ནག་གི་སྤྱི་སྐད་དང་རྒྱ་ཡིག་ཁྱབ་བརྡལ་གཏོང་དགོས་པ་མ་ཟད། གྲངས་ཉུང་མི་རིགས་ཚང་མས་རྒྱ་ནག་མེས་རྒྱལ་ངོས་ལེན་དང་། ཀྲུང་ཧྭ་མི་རིགས་ངོས་ལེན། ཀྲུང་ཧྭ་རིག་གནས་ངོས་ལེན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་ངོས་ལེན་ཡོང་བ་བཅས་བྱེད་དགོས། དེ་བཞིན། ད་ལྟའི་སྲིད་གཞུང་གི་སྡོད་དམངས་ལག་ཁྱེར་སྟེང་གི་མི་རིགས་ངོས་འཛིན་རེའུ་མིག་དེའང་མེད་བ་བཟོ་དགོས་སྐོར་བཀོད་ཡོད་པ་མ་ཟད། ཀྲུའུ་ཝེ་ཆོན་གྱིས་ “ སྤྱི་ཚོགས་དཔལ་འབྱོར་ཡར་རྒྱས་ཁོ་ནའི་འཆམ་མཐུན་དང་བརྟན་ལྷིང་གི་གནད་དོན་དང་། ལྷག་པར་དུ་ཁ་བྲལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་མཚོན་མི་ཐུབ” ཅེས་བརྗོད་དེ། ཐད་ཀར་ཆབ་སྲིད་ཀྱི་རྣམ་པའི་ཐོག་ནས་མ་ཡིན་པར། དངོས་ཤུགས་བརྒྱུད་གསུམ་ཀྱི་བྱ་ཐབས་སྤྱད་དེ་མི་རིགས་མཉམ་བསྲེས་བྱ་དགོས་པའི་ལྟ་ཚུལ་བཏོན་ཡོད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས། ཀྲུའུ་ཝེ་ཆོན་གྱིས་རྩོམ་ཡིག་དེའི་བརྗོད་སྙིང་གཙོ་བོ་ནི་མི་རིགས་སྲིད་ཇུས་མེད་པ་བཟོས་ཏེ་མི་རིགས་གཅིག་གྱུར་བཟོ་རྒྱུ་དེ་ཡིན་པའི་ངོས་འཛིན་གནང་ཡོད། ཟླ་བ་ཚེ་རིང་ལགས་ཀྱིས་ “ གལ་སྲིད། མི་རིགས་ཞེས་པ་མེད་ན་མི་རིགས་སྲིད་ཇུས་ཟེར་བའང་ཡོད་མི་སྲིད། མི་རིགས་སྲིད་ཇུས་མེད་པ་བཟོས་ནས་སློབ་གྲྭ་མཉམ་བསྲེས་བྱས་ཏེ། བོད་ཡིག་བོད་སྐད་སློབ་མི་དགོས་པ་དང་། དེ་བཞིན། ཡུ་གུར་སོགས་མི་རིགས་གཞན་གྱི་སྐད་ཡིག་ཀྱང་སློབ་མི་དགོས་པ་བཟོས་པ་ཡིན་ན། དོན་གྱིས་མི་རིགས་སློབ་གསོ་མེད་པ་བཟོས་བ་དང་གཅིག་མཚུངས་རེད། དེ་ནི་མི་རིགས་དབང་སྒྱུར་གཅིག་གྱུར་བཟོ་བའི་སྲིད་ཇུས་རེད།” ཅེས་བརྗོད་དེ། ད་ལྟའི་བར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་མཐའ་དག་ནི་རྒྱ་བོད་བར་འདྲ་མཉམ་མིན་པའི་ཕྱོགས་ཞེན་དབྱེ་འབྱེད་ཀྱི་སྲིད་ཇུས་ཁོ་ན་ཡིན་པས། གནས་སྟངས་དེའི་འོག་ཁོ་ཚོས་སྒྲོག་བཞིན་པའི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་ངོས་ལེན་ཟེར་བ་དེ་ཡོངས་ཐབས་བྲལ་བ་ཞིག་ཡིན་པ་གསལ་སྟོན་བྱས་འདུག
ཟླ་བ་ཚེ་རིང་ལགས་ཀྱིས་བོད་རྒྱ་གཉིས་ལོ་རྒྱུས་ཐོག་མི་རིགས་ཐ་དད་ཡིན་སྐོར་བརྗོད་དོན། “ཀྲུའུ་ཝེ་ཆོན་གྱིས་བཏོན་པའི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་ཟེར་བ་དེ་ནི་བོད་མི་རིགས་ཀྱིས་ངོས་ལེན་བྱ་ཐབས་བྲལ་བ་ཞིག་རེད། དེ་ལྟ་བུའི་འདུ་ཤེས་ཤིག་ངོས་ལེན་ཡོང་བར་དངོས་ཡོད་ལོ་རྒྱུས་ཀྱི་གནས་བབ་ཅིག་གིས་ཐག་གཅོད་དགོས་ལ། བོད་དང་རྒྱ་ནག་གཉིས་ལོ་རྒྱུས་འཕེལ་རིམ་ཐོག་ཕན་ཚུན་དོ་མཉམ་གྱི་གནས་བབ་ཅིག་གི་ཐོག་ཡོད་པ་མ་ཟད། ཧ་ལམ་མཉམ་འདྲེས་ཀྱི་གནས་ཚུལ་གང་ཡང་བྱུང་མྱོང་མེད། ཆོས་ལུགས་དད་མོས་ཀྱི་ཐད་ནས་ཀྱང་བོད་པའི་ནང་ཆོས་ནི་རྒྱ་མི་རིགས་ལ་མཚོན་ན་གོམས་འདྲིས་མེད་པའི་དད་མོས་ཤིག་དང་། དེ་བཞིན། རྒྱའི་སྲོལ་རྒྱུན་རུའུ་ལུགས་བསམ་བློའི་འདུ་ཤེས་ནི་བོད་མིར་མཚོན་ན་ཕྱོགས་ཡོངས་ནས་རྒྱུས་མེད་ཅིག་རེད།” ཅེས་གསལ་འདོན་གནང་ཡོད་པ་མ་ཟད། ཟླ་བ་ཚེ་རིང་ལགས་ཀྱིས་དེ་ལྟ་བུའི་གཅིག་གྱུར་གྱི་འདུ་ཤེས་འཛིན་སྟངས་ཤིག་ངོས་ལེན་ཡོང་ཐབས་ཀྱི་སྔོན་འགྲོའི་ཆ་རྐྱེན་གཅིག་ཡོད་པ་ནི་མི་རིགས་ཚང་མ་འདྲ་མཉམ་བྱ་རྒྱུ་དེ་རེད། ཡིན་ནའང་། རྒྱ་གཞུང་གིས་ད་ལྟའི་བར་རྒྱ་མི་རིགས་ནི་དབང་འཛིན་པའི་འཐུས་ཚབ་དང་། བོད་མི་རིགས་ནི་དབང་སྒྱུར་བྱ་ཡུལ་གྱི་མི་སེར་གྱི་ལྟ་སྟངས་འཛིན་བཞིན་པ་བརྗོད་འདུག
ཀྲུའུ་ཝེ་ཆོན་གྱིས་བཏོན་པའི་གྲངས་ཉུང་མི་རིགས་སྲིད་ཇུས་ཀྱི་གནད་དོན་དེའི་ཐད། ཕྱི་ནང་གི་རྒྱ་རིགས་ཤེས་ལྡན་པ་ཚོའི་ཐུན་མོང་གི་བསམ་ཚུལ་ཞིག་ནི་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་བསམ་ཚུལ་ལ་ཉན་འཇོག་གནང་རྒྱུ་དེ་ཡིན་པ་དང་། ཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༡༠ ཉིན་ཀྲུང་ནན་ཧའེ་རུ་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་རྒྱ་གཞུང་གིས་ཐག་གཅོད་བྱས་པའི་པཎ་ཆེན་ལ་ཐུག་འཕྲད་སྐབས་ཀྱང་། སྔར་ལས་ལྷག་པར་བོད་རིགས་ཀྱི་འཚོ་བ་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་འཛིན་དགོས་པ་དང་། བོད་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་དག་གི་སྐྱེས་ཁམས་ཁོར་ཡུག་དང་རིག་གནས་རྒྱུན་འཛིན་གཙིགས་སུ་འཛིན་དགོས་པ། བོད་མི་རིགས་ཀྱི་ཆོས་དད་རང་དབང་གཙིགས་སུ་འཛིན་དགོས་པའི་ལྟ་ཚུལ་གསུམ་བཏོན་ཡོད།
ཨ་རིར་གནས་སྡོད་དགེ་རྒན་ཆེན་མོ་ཡཱང་ལི་ཡུས་ནི་བོད་དང་ཤིན་ཅང་གནད་དོན་ཐད་རྩོམ་ཡིག་མང་པོ་སྤེལ་མཁན་ཞིག་ཡིན་ལ། ཁོང་གིས་ཀྲུའུ་ཝེ་ཆོན་གྱི་ལྟ་ཚུལ་དེའི་ཐད་བརྗོད་དོན། “ཀྲུའུ་ཡི་བཤད་སྟངས་དེ་ནི་མདུན་སྐྱོད་ཀྱི་སྣང་ཚུལ་ཞིག་མ་ཡིན་པར་ཕྱི་ནུར་གྱི་རྣམ་འགྱུར་ཞིག་རེད། མདོར་བསྡུས་ན་ཀྲུང་ཧྭ་རྒྱ་རིགས་ཆེན་པོའི་སྒྲོམ་གཞིའི་འོག་གི་མི་རིགས་སྲིད་ཇུས་ཟེར་བ་དེ་ནི། དོན་དངོས་ཐོག་མ་འོངས་པར་གྲངས་ཉུང་མི་རིགས་རྣམས་ཀྲུང་ཧྭ་རྒྱ་རིགས་ཆེན་པོར་བསྒྱུར་རྒྱུ་དེ་རེད། ང་རང་དེ་ལ་མོས་མཐུན་མེད། གྲངས་ཉུང་མི་རིགས་རྣམས་ནི་ཉམས་ཆུང་མི་རིགས་རེད། ཡར་རྒྱས་གོམ་ཁ་དལ་ཞིང་དཔལ་འབྱོར་མཐུན་རྐྱེན་རྒྱ་ནང་དང་བསྡུར་ན་བར་ཐག་ཆེན་པོ་ཡོད་སྟབས། ཉམས་ཆུང་གྲངས་ཉུང་མི་རིགས་ལ་སྲུང་སྐྱོབ་བྱ་དགོས་པ་རེད། དེར་བརྟེན། ཉེ་སྔོན་ཝུན་ཅ་པའོ་ཡིས་ཀྱང་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་དང་རིག་གནས། དཔལ་འབྱོར་བཅས་སྔར་ལས་ལྷག་པར་སྲུང་སྐྱོབ་དགོས་པ་བརྗོད་ཡོད། ཁོའི་སྐད་ཆ་དེ་ནི་གྲངས་ཉུང་མི་རིགས་ལ་དཀའ་ཉེན་འཕྲད་བཞིན་པ་ངོས་ལེན་གྱི་རྣམ་འགྱུར་ཞིག་རེད། ” ཅེས་བརྗོད་འདུག
རྒྱ་གཞུང་གི་བཅའ་ཁྲིམས་ནང་མི་རིགས་ས་ཁུལ་དུ་རང་སྐྱོང་སྲིད་ཇུས་ལག་བསྟར་དགོས་པ་བརྗོད་ཡོད་པ་མ་ཟད། རྒྱ་གཞུང་གིས་ནམ་རྒྱུན་ཀྲུང་གོ་རྒྱལ་ཁབ་ལ་མི་རིགས་ ༥༦ ཡོད་པ་བསྒྲགས་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

གསར་འགྱུར།

Post navigation

Previous Post: ༼བདེན་ལུགས་ཀྱི་སྐད་ཆ་ཟུར་གསུམ་མ།༽
Next Post: ཞི་བའི་འབོད་ཚིག་ལྔ་དང་ཞི་བའི་གོམ་བགྲོད་ཀྱི་དམ་བཅའ།

Comments (18) on “མི་རིགས་རང་སྐྱོང་མེད་པ་བཟོས་ཏེ་ཀྲུང་ཧྭ་རྒྱ་རིགས་ཆེན་པོར་གཅིག་བསྒྱུར་བྱ་དགོས།”

  1. ཁ་བརྡ་རྩོམ་སྒྲིག་པས། says:
    2012-02-29 at 9:18 am

    ཀྲུའུ་ལྦེ་ཆོན་གྱི་བསམ་ཚུལ་རྩོམ་ཡིག་དེ། ཁ་བརྡའི་སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར་གྲུབ་ལ་ཉེ་བ་ཡོད་།

    ཁ་བརྡ་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

  2. གཉན་ཆེན་ཐང་ལྷ་ says:
    2012-02-29 at 9:49 am

    ཀྲོ་ཝི་ཆེན་གྱི་སྐད་ཆ་འདི་ཁ་སང་དེ་རིང་གི་སྐད་ཆ་གསར་པ་ནི་གང་ཡང་མ་རེད། འདི་ནི་རྒྱ་ནག་གི་ལྟ་བ་རྙིང་པ་ཤིག་རེད། དང་པོ་རྒྱ་ནག་ཆིན་གུང་མའི་སྐབས་ནས་དེ་ལྟར་བསམ་ཡོད་པ་རེད་ལ་ལག་བསྟར་ཐོབ་ཡོད་པ་མ་རེད། དེའི་རྗེས་སུ་རྒྱ་ནག་གོ་མིན་ཏང་གི་སྐབས་སུ་དེ་ལྟར་བཤད་ཡོད་པ་རེད། ད་ལྟ་གུང་ཁྲན་གྱིས་ཁ་བཙུམ་ནས་དེ་ལག་ལེན་བྱེད་བཞིན་པ་ཡིན། མི་རིགས་གྲངས་ཉུང་མེད་པར་བཟོ་བའི་དམིགས་ཡུལ་འདི་ད་ནས་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་པ་འདྲ། ཁོ་རེ།

  3. རྒོལ་མདའ། says:
    2012-02-29 at 12:11 pm

    ᫗ᩏ་ཁྱི་སྐད་ཆུང་ཆུང་ཞིག་གི་སྡུག་བཤད་ཅིག་བྱས་འདུག་བ། ངོ་མ་རྒྱ་ནག་གི་དཔོན་རིགས་དེ་ཚོ་དུས་རབས་གསར་པ་མཐོང་བའི་མིག་མེད་ལ། མདུན་བསྐྱོད་ཀྱི་བསམ་གཞིགས་ཀྱང་དེ་བས་མེད།

  4. སྟག་སྨྱོན། says:
    2012-02-29 at 4:20 pm

    དང་པོ་རྒྱ་བོད་གཉིས་ཀྱི་རྩོད་གཞི་ངོ་མ་བོད་རང་བཙན་རེད། རྒྱ་བོད་གཉིས་ཀྱི་བར་ན་མི་རིགས་ས་ཁུལ་རང་སྐྱོང་སྤྲོད་མི་སྤྲོད་ཀྱི་རྩོད་པ་ཅིག་ནམ་ཡང་ཡོད་པ་མ་རེད། འོན་ཀྱང་བཙན་བྱོལ་བོད་གཞུང་གིས་རྩོད་གཞི་ངོ་མ་དེ་མར་གཡུག་ནས། དོན་མེད་ལ་རང་སྐྱོང་དགོས་ཟེར་ནས་རྩོད་པ་བརྒྱབ་པ་རེད། དེ་ནི་བཙན་བྱོལ་བོད་གཞུང་གིས་ཨུ་ཚུགས་བརྒྱབ་ནས་རང་སྐྱོང་ཞེས་རྒྱ་བོད་ཀྱི་རྩོད་གཞིར་བསྒྱུར་བ་རེད་ལབ་ཆོག་གི་རེད། དེ་ནི་བོད་གཞུང་གིས་རྒྱ་ནག་ལ་རང་སྐྱོང་ཞེས་པ་མེད་པ་མ་བཟོས་ན་རྒྱ་ནག་ལ་རྙོག་དྲ་རྒྱུན་ཆད་མེད་པར་ཡོང་རྒྱུ་ཡིན་པའི་ཉེན་བརྡ་སྤྲད་པ་རེད། དེའི་ཕྱིར་བོད་གཞུང་གིས་རྒྱ་ནག་ལ་རང་སྐྱོང་ས་ཁུལ་རྣམས་ཕྱིར་བསྡུ་བྱེད་སྟངས་ལ་བསམ་བློ་མི་འཁོར་རང་འཁོར་བཟོ་བ་རེད། འདི་ནི་བོད་གཞུང་བྱས་རྗེས་རེད། རང་སྐྱོང་ཞེས་པ་འདི་རྙོག་དྲའི་ངོ་བོར་བསྒྱར་མཁན་བཙན་བྱོལ་བོད་གཞུང་རེད། བྱས་ཙང་རང་སྐྱོང་སྤྲོད་རྒྱུར་རྒྱ་གཞུང་ལ་གདེངས་ཚོད་མེད་པ་བཟོ་མཁན་དེ་བོད་གཞུང་རེད།
    ད་བོད་གཞུང་ལ་ལབ་ཡ་གཅིག་ལྷག་ཡོད་པ་ནི། རང་སྐྱོང་ཕྱིར་བསྡུ་བྱེད་མི་ཆོག་ཟེར་ནས་རང་སྐྱོང་ཕྱིར་བསྡུ་བྱས་ཚར་ཚར་བར་རྙོག་དྲ་བཤད་ཁུལ་བྱེད་རྒྱུ་དེ་རང་རེད།

  5. སྟག་སྨྱོན། says:
    2012-02-29 at 4:25 pm

    དང་པོ་རྒྱ་བོད་གཉིས་ཀྱི་རྩོད་གཞི་ངོ་མ་བོད་རང་བཙན་རེད། རྒྱ་བོད་གཉིས་ཀྱི་བར་ན་མི་རིགས་ས་ཁུལ་རང་སྐྱོང་སྤྲོད་མི་སྤྲོད་ཀྱི་རྩོད་པ་ཅིག་ནམ་ཡང་ཡོད་པ་མ་རེད། འོན་ཀྱང་བཙན་བྱོལ་བོད་གཞུང་གིས་རྩོད་གཞི་ངོ་མ་དེ་མར་གཡུག་ནས། དོན་མེད་ལ་རང་སྐྱོང་དགོས་ཟེར་ནས་རྩོད་པ་བརྒྱབ་པ་རེད། དེ་ནི་བཙན་བྱོལ་བོད་གཞུང་གིས་ཨུ་ཚུགས་བརྒྱབ་ནས་རང་སྐྱོང་ཞེས་པ་འདི་རྒྱ་བོད་གཉིས་ཀྱི་རྩོད་གཞིའི་ངོ་བོར་བསྒྱུར་བ་རེད་ལབ་ཆོག་གི་རེད། ལྡོག་ཕྱོགས་བཤད་ན་བོད་གཞུང་གིས་རྒྱ་ནག་ལ་ས་གནས་རང་སྐྱོང་ཁག་མེད་པ་མ་བཟོས་ན་རྒྱ་ནག་ལ་རྙོག་དྲ་རྒྱུན་ཆད་མེད་པར་ཡོང་རྒྱུ་ཡིན་པའི་ཉེན་བརྡ་སྤྲད་པ་རེད། དེའི་ཕྱིར་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་རང་སྐྱོང་ས་ཁུལ་རྣམས་ཕྱིར་བསྡུ་བྱེད་རྒྱུར་བསམ་བློ་མི་འཁོར་རང་འཁོར་བཟོས་པ་རེད། འདི་ནི་བོད་གཞུང་གི་བྱས་རྗེས་རེད། རང་སྐྱོང་ཞེས་པ་འདི་རྙོག་དྲ་དང་རྩོད་གཞི་མ་ཡིན་བཞིན་དུ་རྩོད་གཞིའི་ངོ་བོར་བསྒྱུར་མཁན་བཙན་བྱོལ་བོད་གཞུང་རེད། བྱས་ཙང་རང་སྐྱོང་སྤྲོད་རྒྱུར་རྒྱ་གཞུང་ལ་གདེངས་ཚོད་མེད་པ་བཟོ་མཁན་དེ་བོད་གཞུང་རེད།
    ད་བོད་གཞུང་ལ་ལབ་ཡ་གཅིག་ལྷག་ཡོད་པ་ནི། རང་སྐྱོང་ཕྱིར་བསྡུ་བྱེད་མི་ཆོག་ཟེར་ནས་རང་སྐྱོང་ཕྱིར་བསྡུ་བྱས་ཚར་ཚར་བར་རྙོག་དྲ་བཤད་ཁུལ་བྱེད་རྒྱུ་དེ་རང་རེད།

  6. གསེར་འབྲུག་སྡེར་ལྔ་ says:
    2012-02-29 at 5:52 pm

    རྩ་ཁྲིམས་དང་ལག་ལེན་ཕྱིན་ཅི་ལོག་པའི་མི་རིགས་ས་གནས་རང་སྐྱོང་ཞེས་པ་དེ་བོད་ལ་བཙན་འཛུལ་བྱས་པའི་རྗེས་ལ་གནས་སྐབས་རིང་མགོ་བསྐོར་བཏང་ནས་བཞག་པ་དེ། ད་ཆ་ཕྱིར་བསྡུ་བྱེད་རྒྱུ་ཡིན་པ་རེད་ལ་མིང་ཙམ་དེ་ཡང་ལྷག་གི་མེད་པ་རེད། བྱས་ཙང་ད་ནི་རེ་བའི་མིག་འབུར་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གི་རང་སྐྱོང་མངོན་འདོད་ལ་གཏད་མཁན་དབུ་ལམ་པ་ཚོ་ཅི་ཞིག་བྱ་རྒྱུ་ཡིན་ནམ། རྒྱ་ཁ་ནག་འདིའི་ས་ནས་དོན་དངོས་ཀྱི་རང་སྐྱོང་ཞིག་རག་རྒྱུ་མེད་པ་སྔར་ནས་གསལ་གསལ་ཐིང་ཐིང་ཡིན་ན་ཡང་བཙན་བྱོལ་བ་ཚོས་ཨུ་ཚུགས་ཀྱིས་རང་སྐྱོང་དགོས་རང་སྐྱོང་དགོས་མང་མང་ལབ་བསྡད་ཙང་མིང་ཙམ་གྱི་རང་སྐྱོང་དེ་ཡང་ཕྱིར་བསྡུ་བྱས་ནས་ལབ་ས་མེད་པ་བཟོ་རྩིས་ཡིན་པ་རེད། ད་དུང་གུང་ཁྲན་ལ་བསྟུན་མཁས་ཡིན་མདོག་གིས་ལས་འགུལ་ཚུན་ནས་སྟང་འཛིན་ནན་མོ་བྱེད་མཁན་གྱི་མགོ་གཏད་རིང་ལུགས་པ་ཚོ་མིག་བགྲད་ནས་བལྟོས་ཨ། རང་སྐྱོང་མངོན་འདོད་དེ་གང་འདྲ་བྱས་ནས་རག་སོང་ལྟ་རྒྱུ་རེད་པ། གང་ལྟར་སོ་སོས་བཙོས་པའི་ཆང་དེ་ཞིམ་པོ་མེད་ན་ཡང་བཏུང་རྒྱུ་ཡིན་པ་འདྲ།

  7. སྟག་སྨྱོན། says:
    2012-02-29 at 7:26 pm

    རང་སྐྱོང་རྩད་ནས་སྡོད་དུ་མི་བཅུག་མཁན་དེ་བཙན་བྱོལ་བོད་གཞུང་རེད། བྱས་ཙང་རྒྱ་ནག་གཞུང་གིས་མི་རིགས་རང་སྐྱོང་མུ་མཐུད་འཇོག་མི་རུང་བའི་བསམ་བློ་འཁོར་དུ་འཇུག་མཁན་དེ་བོད་གཞུང་རེད། བྱས་བོད་གཞུང་གཉིད་སད་རན་འདུག རྩོད་དགོས་པའི་རང་བཙན་དང་རང་དབང་མི་རྩོད་པར། རྩོད་མི་དགོས་པའི་རང་སྐྱོང་བརྩད་པའི་འབྲས་བུ་རེད།

  8. མེ། says:
    2012-02-29 at 7:55 pm

    ཁ་ཕར་ལ་འཁོར་ནས་ཤོད་དང་དཔའ་པོ་རེད་།
    རང་གཞུང་ལ་ཅི་བཤད་ནས་མི་ཚར་
    ཆབ་སྲིད་པ་ཡིན་ན་རྒྱུ་མཚན་རྒྱ་ལ་བཤད་རོགས། སེམས་ཁུར་མ་བྱེད་དང་རང་སྐྱོངས་མེད་པ་བཟོ་ནི་མ་རེད།།

  9. མེ། says:
    2012-02-29 at 8:33 pm

    མི་རིགས་དང་རིག་གཞུང་མེད་པ་བཟོ་རྒྱུ་རེད
    ད་དུང་མི་བརྒྱུད་དང་བཅས་པ་མེད་པ་བཟོ་རྩིས་ཡོད་པ་རེད་
    གྲོགས་པོ་་་་་འདི་དག་ལ་རྩོམ་ཡིག་དང་དཔྱད་རྩོམ་སྤེལ་དང་མཁས་པ་རེད་
    གཞོན་ནུ་དང་སྡེ་བ་གཞུང་་་་དབུ་མའི་ལམ་དང་རང་བཙན་སོགས་འཇོག་རོགས་བྱས།།

  10. ཞལ་ལུ་དཀར་པོ says:
    2012-02-29 at 11:40 pm

    བོད་གཞུང་གི་གནད་ཡོད་མི་སྣ་དག་གོ་ཨེ་ཐལ། བོད་ལ་རང་སྐྱོང་ཐོབ་འདུག་ཟེར་རོ། ཧཧཧཧཧཧཧཧཧ
    དང་པོ་ཟམ་གདོང་ཡིན་དཱ། དེ་རྗེས་རྒྱ་རི་བློ་རྒྱ་མ་དང། རྒྱ་རི་འཁོར་བུ་སློབ་དང་བཅས་པ་གྲ་འགྲིག་ཕེབས།
    དེ་ནས་བཀྲས་མཐོང་ཚང་རིམ་གྱིས་འཐུད་ཤོག་དང་རྒྱ་ཟས་ཞིམ་པོའི་གསོལ་སྟོན་བསྒྲིག་ནས་འདུག
    ཁོ་བོ་ནི་ད་དུང་ཡང་རང་བཙན་རྩོད་ནས་སྡོད་རྒྱུ་ཡིན།

  11. བསྟན་འཛིན་ says:
    2012-03-01 at 2:13 am

    རང་ཚིག་སྔ་ཕྱི་འགལ་བ། རང་ཁ་སྒོ་མོའི་ནང་གི རང་སྲོག་གཅོད་ཀི་སྟྭ་རེ། མཆུ་རྩོག་འདི་ཡིས་བཤད་སོང་། །

  12. ཨ་ར་དཀར་པོ says:
    2012-03-01 at 2:27 am

    དམིགས་ཡུལ་ངོ་མ་ལག་བསྟར་བྱེད་རྒྱུ་རེད། མེ་མདའི་ཁ་ནས་རྒྱལ་ཁ་ལེན་རྒྱུ་རེད། ད་གྲངས་ཉུང་མི་རིགས་ཚང་མ་སྡེབས་ལ་འཆི་རྩིས་བྱོས།

  13. བདག་པོ། says:
    2012-03-01 at 2:44 am

    ཟོབ་རྫུན་ཀྲུའུ་ཝུན་ཆུན་གྱི་སྟོང་བསམ་རེད། དུས་ནམ་ཡང་གཅིག་གྱུར་བཟོ་མི་ཐུབ། དུས་རབས་ཉེར་གཅིག་པར་སླེབས་ཡོད།
    འདི་ནི་གུང་ཁྲན་གྱི་རྫིག་གཏམ་རེད།

  14. བསོད་ནམས་ཚེ་རིང་། says:
    2012-03-01 at 2:54 am

    རྒྱ་ནག་གིས་མི་རིགས་རང་སྐྱོང་གི་གནས་བབ་ཕྱིར་བསྡུ་བྱས་ན་ཡག་ཤོས་རེད། དེ་ཕྱིར་བསྡུ་བྱས་པས་བོད་ཀྱི་འཐབ་རྩོད་གཞི་མེད་དུ་གྱུར་པ་ནི་མ་རེད། དེ་ཕྱིར་བསྡུ་བྱས་པ་ཡིན་ན་ང་ཚོའི་དོན་དངོས་ཀྱི་འཐབ་རྩོད་དེ། བོད་རྒྱལ་ཁབ་ཀྱི་འཐབ་རྩོད་ལ་བོད་གཞུང་མང་ཉིས་ནས་གཅིག་གྱུར་ཀྱི་འཐབ་རྩོད་མི་བྱེད་རང་བྱེད་རེད།

  15. ཞལ་ལུ་དཀར་པོ says:
    2012-03-01 at 10:15 am

    ང་ཚོའི་དབུགས་ཀྱི་རྒྱུ་བ་རེ་རེ་ནས་ཉམས་མྱོང་དང་བསམ་གཞིག་ཁོང་ཚོས་ཤེས་བཞིན། དམ་བཙིར་གྱི་སྡེར་མོ་རྣོན་པོས་སོ་ཁ་དང་། མི་འཇིགས་པའི་རུ་མཚོན་ངར་མའི་སྤོབས་སེམས་ཤིག་ངོམ་ཁུལ་གྱིས་མི་རིགས་རང་སྐྱོང་ཕྱིར་བསྡུའི་ཆོད་སེམས་དང་བསྒྲག་གཏམ་དེ་ནི། འུ་བུ་གདོང་དམར་ཚང་ལ་མཚོན་ན་ཆེས་མ་གོ་རྣ་ཅོའི་བུ་རམ་ཞིག་ཡིན། དུས་ནམ་ཡང་ཁྱོད་ཚོའི་གྲལ་མཐའ་ན་མགོ་འཕང་སྨད་ནས་སྡོད་འདོད་མེད་ལ་སྡོད་རྩིས་ཀྱང་དེ་བས་མེད། ལག་བསྟར་གསར་པའི་སྒེག་འགྲུས་དང་བསྡུར་ནས་ལམ་ལུགས་གསར་པའི་ཐེག་པ་ལ་ཆས་རྒྱུས་དུས་ལ་བབས་ཤིང་དོན་དུ་སྨིན། སྲིད་སྐྱོང་གསར་པའི་གསར་གཏོད་ཀྱང་དེ་ལས་ལྷག་པ་ཞིག་འོང་སྣང་ཡེ་ནས་མེད། ད་ནི་རང་རེ་ཀུན་གྱིས་དབུ་མའི་ལམ་གཡུག་ནས་རང་བཙན་ལམ་ལ་འགྲུལ་བཞུད་བྱས་ན་བབ་ཆགས་ལ་བརྟན་བརླིང། རྒྱལ་གཅེས་ཀྱི་དཔའ་རྒོད་ཚོས་ཞི་བའི་འཐབ་རྩོད་དེ་ཡང་མུ་འཐུད་ན་ཅི་ཞིག་གི་ངོ་བོར་འགྱུར་མིན་ཡང་ཆ་མ་ཆོད་ན། དེ་ནི་ལམ་ཁ་གཅིག་ལས་གང་ཞིག་ལ་ཆས་འགྲོ།

  16. ཇ་མ་ says:
    2012-03-01 at 10:34 am

    བསམ་ཚུལ་དེ་ནི་རྒྱ་རྒན་ཁོ་རང་གི་རྨི་ལམ་རེད། དེ་ནམ་ཡང་ཡོང་ཡ་ཡོད་པ་མ་རེད།

  17. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-03-02 at 1:32 pm

    བསམ་བློ་རུལ་བ་དང་ཕུགས་བསམ་ནག་པོ་རེད་རྒྱ་རྒན་སང་སྙིང་རེ་རྗེ་མི་འགྱང་བར་གནམ་རྡུབ་རྒྱུ་རེད་དྲང་མོ་ཡིན་་་་་་་

  18. ཀརྡོ་གཉེར་ཕྱག་པ་ says:
    2012-03-03 at 3:09 am

    རང་བཙན་ལས། རང་དབང་དང་ཐོབ་ཐང་རྩོད་ན་ལས་སླ་ལ་ཕན་མི་ཆེའམ། བོད་མིའི་བདེན་དོན་མྱུར་དུ་གསལ་བར་ཤོག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme